Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་བརྗེ་འདི་བོད་ཀྱི་སྐད་ཡིག་བརྒྱུད་ནས་གྲགས་པར་འགྱུར།

Posted on 2012-02-222012-02-24 By ཁ་བརྡ་

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བསྟན་རྡོར།
མ་ཡིག་ལ་གཟིགས་ན།

སྐྱབས་བཅོལ་དུ་སྐྱེས་པའི་མི་ཞིག་ལ་ཁེ་བཟང་ཉུང་ཤས་ཙམ་ཡོད་པའི་ནང་གི་གཅིག་ནི་ཁྱེད་རང་ནོར་འཁྲུལ་ལྟ་བུའི་ངང་སྐད་གཉིས་སྨྲ་བ་ཆགས་འགྲོ་བ་དེ་རེད། བདག་རྒྱ་གར་དང་ཨ་རིར་སློབ་སྦྱོང་བྱས་པའི་བོད་རིགས་ཞིག་ཡིན་པའི་ཆ་ནས། ནམ་རྒྱུན་ཚོགས་འདུ་དང་འདུ་འཛོམས་ཁག་འདྲ་མིན། གསར་འགོད་གསལ་བསྒྲགས་སོགས་ཀྱི་སྐབས་སུ་བོད་སྐད་བཤད་མཁན་དག་ལ་སྐད་སྒྱུར་དང་འགྲེལ་བཤད་བྱེད་པར་གཞན་གྱིས་རེ་བ་བྱེད་བཞིན་ཡོད། དེ་བཞིན་ཉེ་ཆར་བདག་གིས་བོད་ཀྱི་ལས་འགུལ་སྡེ་ཚན་གྱི་འཕྲུལ་ལས་དབུ་འཛིན་སྐུ་ཞབས་ནེ་ཐན་ཧྥུ་རེ་ཐཱ་སུ་ལགས་དང་བོད་ཀྱི་ཡིག་གཟུགས་གློག་ཀླད་ཇུས་འགོད་ཀྱི་གསར་གཏོད་མཁན་ཐོག་མའི་གྲས་དགེ་འདུན་པ་སྨོན་ལམ་ལགས་གཉིས་ཀྱི་བར་དུ་གློག་ཀླད་དང་འབྲེལ་བའི་གནད་དོན་སྣེ་མང་ཅན་ཞིག་གི་སྐོར་ལ་སྐད་བསྒྱུར་བྱེད་རོགས་བྱས་པ་ཡིན།

ཁོང་གཉིས་ཀྱི་བཀལ་མོལ་གྱི་གནད་དོན་རིམ་བཞིན་ཨནགྲི་རོ་སྒྲི་ལག་འཁྱེར་ཁ་པར་(Android phones)གྱི་འཐེབ་གཞོང་ཐོག་ཏུ་བོད་ཡིག་བཟོ་འགོད་བྱེད་པའི་འཕྲུལ་ལས་ལག་རྩལ་དང་དེའི་དཀའ་ངལ་སོགས་ཀྱི་སྐོར་ལ་སླེབས་དུས། བདག་གི་སྐད་བསྒྱུར་དང་འགྲེལ་བཤད་ཁག་རིམ་བཞིན་ཁོང་གཉིས་ལ་བེད་སྤྱོད་མེད་པར་གྱུར། སྐུ་ཞབས་ནེ་ཐན་ཧྥུ་རེ་ཐཱ་སུ་ལགས་ཀྱིས་བོད་སྐད་མི་མཁྱེན་ལ་དེ་བཞིན་དགེ་འདུན་པ་སྨོན་ལམ་ལགས་ཀྱིས་ཀྱང་དབྱིན་སྐད་སྐྱོན་གྱིན་མེད། འོན་ཀྱང་། ཧ་ཅང་ཡ་མཚར་དགོས་པའི་གནད་དོན་ཞིག་ནི་ཐུན་མོང་ཡིན་ལ་དེ་བཞིན་ལྐོག་གྱུར་རང་བཞིན་ཡང་ཆེ་བའི་གློག་ཀླད་ལས་འཆར་སྐོར་གྱི་གནད་དོན་ཐོག་ཏུ་སླེབས་ཚེ་སྐད་སྒྱུར་མཁན་མི་དགོས་པར་ཁོང་རྣམ་པ་གཉིས་ཀྱིས་ཕན་ཚུན་ལ་སྐད་བརྡ་བདེ་བླགས་ངང་འཕྲོད་ཐུབ་པར་གྱུར། དེར་བརྟེན། བདག་གིས་བྱིས་པ་ལོ་ཆུང་དག་གིས་མི་རྒན་པ་ཚོས་ནམ་རྒྱུན་དངུལ་ཁང་གི་མ་དངུལ་བརྗེ་སྤོར་སྐོར་དང་དུག་རྫས་གྱི་མ་རྩ་སོགས་གླེང་མོལ་བྱེད་སྐབས་ཉན་པ་བཞིན་ཁོང་གཉིས་ཀྱི་གྲོས་མོལ་ལ་ཟུར་ནས་རྗེས་འདེད་བྱེད་བཞིན་སྡོད་དགོས་བྱུང་།

དགེ་འདུན་པ་སྨོན་ལམ་ལགས་ཀོ་ལུམ་པེ་ཡ་གཙུག་ལག་སློབ་ཆེན་གྱིས་བསྡུས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ལྟ་བུའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་སྐོར་གྱི་ཚོགས་འདུར་གཏམ་བཤད་གནང་བར་ནེའུ་ཡོག་གྲོང་ཁྱེར་དུ་ཕེབས་པ་ཡིན་ལ། སྐད་ཡིག་གི་ཚོགས་ཆེན་དེར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་ཀྱི་སྐད་ཡིག་དར་སྤེལ་སྐོར་ལ་ཕྱག་ལས་གནང་བཞིན་པའི་ཕུལ་བྱུང་དགེ་རྒན་ཆེན་མོ་བ་རྣམ་པ་དང་། སྐད་ཡིག་སྐོར་གྱི་མཁས་དབང་ཁག ཆེད་ལས་སྐད་ཡིག་རྩོམ་སྒྲིག་པ་ཁག དེ་བཞིན་སྐད་ཡིག་དང་འབྲེལ་བའི་འཕྲུལ་ཆས་མ་ལག་གསར་གཏོད་མཁན་སོགས་མང་བོ་ཞིག་མཉམ་ཞུགས་གནང་སོང་ལ། བགྲོ་གླེང་གི་བརྗོད་གཞི་ཡང་ “ཐ་སྙད་དང་བརྡ་ཆད་ཁག་ཚད་ལྡན་བཟོ་ཐབས།” སྐོར་ནས་ “བོད་ཀྱི་སྐད་ཡིག་དེ་སྐད་ཡིག་དང་བོ་དང་ཡང་ན་གཉིས་བའི་ངོ་བོར་བསླབ་ཁྲིད་བྱེད་སྟངས།”སོགས་དང་། དེ་བཞིན་“བོད་ཀྱི་སྐད་ཡིག་གློག་ཀླད་འཕྲུལ་ལས་ལག་རྩལ་དར་སྤེལ་བྱེད་ཕྱོགས།” སོགས་སྣ་མང་རང་བཞིན་ཅན་གྱི་ཚོགས་འདུ་ཞིག་རེད།

བཤད་ཚུལ་ལ་སྐད་ཡིག་ནི་རྒྱལ་ཁབ་བམ་མི་རིགས་ཤིག་གི་རྩ་བའི་ཚེ་སྲོག་དང་གཞི་རྟེན་ཡིན་ཟེར་བ་ལྟར། བོད་མི་ཚང་མས་ཐུན་མོང་དུ་བོད་རང་གི་སྐད་ཡིག་ཁོ་ནའི་བརྒྱུད་ལམ་ནས་ཕན་ཚུན་བསམ་བློ་དང་གཏམ་རྒྱུད་འདྲ་མིན་བརྗེ་རེས་བྱེད་པ། རང་ཉིད་སོ་སོའི་ཚོང་ལས་ལས་རིགས་གཉེར་བ། རང་ཉིད་ཀྱི་བསམ་ཚུལ་འདྲ་མིན་འདོན་པ་སོགས་ཐོག་མཐའ་བར་གསུམ་གྱི་དགོས་མཁོ་ཆ་ཚང་སྒྲུབ་ཐུབ་པའི་ཐུན་མོང་གི་ནུས་པ་ཞིག་ཡོད་པ་དེ་ནི་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་གཏན་ཚིགས་བཙན་ཤོས་དེ་ཡིན་པ་རེད། ཚོགས་འདུ་དེར་མཉམ་ཞུགས་བྱས་རྗེས་ཉེ་བའི་ལོ་ངོ་ལྔ་ཙམ་གྱི་རིང་དུ་བོད་ཀྱི་སྐད་ཡིག་གི་སྙན་གྲགས་དང་། ཁྱབ་ཚད་རང་བཞིན། བེད་སྤྱོད་ནུས་པ། དེ་བཞིན་བོད་ཀྱི་སྐད་ཡིག་གི་དགོས་མཁོ་དང་འབྲེལ་ལམ་སོགས་ལ་རྒྱུས་མངའ་རོབ་ཙམ་བྱུང་རྗེས། བདག་ལ་བོད་ཀྱི་མ་འོངས་པར་ཡིད་ཆེས་དང་རེ་བ་ཆེན་པོས་ཀུན་ནས་བལྟས་བྱུང་།

བོད་མི་ཡོད་དོ་ཅོག་གཅིག་ཏུ་སྦྲེལ་བྱེད་ཀྱི་སྐད་ཡིག་གི་འབྲེལ་ལམ་འདི་ཤུགས་ཆེན་པོར་གྱུར་བར་བརྟེན། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་དེ་འཛམ་གླིང་ནས་ཁ་བྲལ་ཏེ་གཅིག་བུར་འཇོག་པར་འབད་བརྩོན་བྱེད་བཞིན་ཡོད་ན་ཡང་། བོད་ནང་གི་བོད་མི་ཚོས་ཕན་ཚུན་འབྲེལ་ལམ་བྱེད་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པར་མ་ཟད་འབྲེལ་ལམ་དེ་རིམ་བཞིན་རྒྱ་ནག་གི་བཀག་སྡོམ་ར་བ་ལས་ཡོངས་སུ་བརྒལ་ནས་ཁྱབ་བཞིན་ཡོད། ད་ལྟ། ཕལ་ཆེར་ངས་ཉིན་མ་རེ་རེ་བཞིན་བོད་ནང་གི་གནས་ཚུལ་འདྲ་མིན་དག་དུས་ཐོག་ཏུ་ལྟ་ཀློག་བྱེད་བཞིན་ཡོད། ཉེ་བའི་ལོ་ངོ་ལྔའི་སྔོན་གྱི་སྐབས་ལ་མཚོན་ན། འདི་ནི་ཕལ་ཆེལ་ང་ཚོའི་བློ་ཡུལ་དུ་ཤོངས་དཀའ་བ་ཞིག་ཡིན།

ཚན་རིག་འཕྲུལ་ཆས་ཀྱི་མ་ལག་འདྲ་མིན་ནི་རྒྱལ་མཚམས་བརྒལ་ནས་བོད་གཞིས་བྱེས་གཉིས་བར་ཕན་ཚུན་འབྲེལ་ལམ་དང་གནས་ཚུལ་བརྗེ་རེས་བྱེད་ཐུབ་པར་འཇུག་བྱེད་ཀྱི་མ་ལག་ཆེ་ཤོས་དེ་ཡིན། དེ་བཞིན་ད་དུང་ཤེས་ཡོན་པ་དང་འཕྲུལ་ལས་རིག་པ་བས་བོད་ཀྱི་སྐད་ཡིག་དེང་རབས་འཕྲུལ་ཆས་ཅན་དུ་བཟོས་སོགས་ཀྱིས་ཀྱང་ཕན་ཚུན་གཅིན་ཕན་གཅིག་གྲོགས་བྱེད་བཞིན་ཡོད། དཔེར་ན། བོད་ནང་དུ་བསམ་བློ་དང་རྩོམ་རིག་གི་གསར་བརྗེ་སྤེལ་མཁན་ཞོགས་དུང་དང་། བཀྲ་ཤིས་རབ་བརྟན། བསྐལ་བཟང་ཚུལ་ཁྲིམས། སྒྲོལ་མ་སྐྱབས། ཀུན་དགའ་ཚེ་དབྱངས། ཞོགས་ལྗང་། འཇམ་དབྱངས་སྐྱིད་སོགས་རྩོམ་པ་བོ་དང་སྙན་ངག་པ། སྒྱུ་རྩལ་བ་སོགས་རང་ཉིད་ཀྱི་བརྩམས་ཆོས་ཀྱི་ཆེད་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་མང་བོ་ཞིག་གིས་གསར་བརྗེ་དེར་བདེན་དཔང་ལེགས་སྐྱེས་སུ་ཕུལ་ཡོད།

བོད་ཀྱི་གཞི་རིམ་མང་ཚོགས་སྤྱི་ཡོངས་ལ་མཚོན་ནའང། ད་ལྟ་བོད་སྤྱི་ཚོགས་ཁྱོན་ཡོངས་རིམ་བཞིན་ལུགས་སྲོལ་དང་འགྲོ་སྟངས་གསར་བ་ཞིག་ལ་མངོན་དུ་ཕྱོགས་བཞིན་ཡོད། དཔེར་ན། བོད་ཡིག་བརྒྱུད་ནས་ཕན་ཚུན་ལ་ཡི་གེ་བསྐུར་བ་དང་བོད་ཡིག་དང་བོད་སྐད་ཁོ་ན་བཀོལ་ནས་དྲ་ལམ་ཁག་ཏུ་ཕན་ཚུན་ལ་ཁ་བརྡ་བྱེད་པ། ཟ་ཁང་གི་ཟས་ཐོ་སོགས་ལས་རིགས་ཀྱི་ཐོ་གཞུང་འདྲ་མིན་བོད་ཡིག་གིས་བཟོ་བ། བོད་རིགས་ནང་ཁུལ་དུ་སྐད་ཆ་བཤད་ཚེ་རྒྱ་སྐད་བེད་སྤྱོད་བྱེད་པར་བཀག་འགོག་བྱེད་པ། ཐ་ན་ལམ་ཁའི་བརྡ་རྟགས་ཚུན་ཆད་བོད་ཡིག་ཏུ་བསྒྱུར་བ་སོགས་རང་ཉིད་ཀྱིས་བྱེད་ནུས་པ་ཡོད་ཚད་ཀྱིས་ཁྱབ་སྤེལ་དང་བཀོལ་སྤྱོད་བྱེད་བཞིན་ཡོད། དུས་རབས་བྱེད་ལྷག་གི་རིང་པེ་ཅིན་གཞུང་གིས་སྲིད་བྱུས་དང་འཆར་གཞི་ལྡན་པའི་ངང་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་དང་བེད་སྤྱོད་ནུས་པ་སོགས་ཚོད་འཛིན་དང་རྡོལ་རོལ་བཏང་མིན་ལ་མ་ལྟོས་པར། བོད་ཀྱི་སྐད་ཡིག་སླར་ཡང་དར་སྤེལ་དང་ཚད་ལྡན་ཅན་དུ་བསྐྱར་གསོ་འབྱུང་བཞིན་འདུག་པར་བརྟེན། ང་ཚོས་གསར་གཏོད་དང་སྣེ་མང་རང་བཞིན་ཅན་གྱི་བོད་ཡིག་རྩོམ་པ་བོ་དང་ཤེས་ཡོན་པ། བོད་ཡིག་འཕྲུལ་ལས་རིག་པ་བ། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་བོད་ཀྱི་སྐད་ཡིག་དར་སྤེལ་ལ་མཉམ་ཞུགས་དང་རྒྱབ་སྐྱོར་གནང་མཁན་བོད་ཕྱི་ནང་གཉིས་ཀྱི་གཞི་རིམ་བོད་རིགས་མང་ཚོགས་དཀྱུས་མ་རྣམས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་ན་འོས།

འཐབ་རྕོད་དང་འབྲེལ་བའི་ལས་ཀ་འདྲ་མིན་བྱེད་བཞིན་པའི་ལས་འགུལ་བ་བདག་ལྟ་བུ་ཞིག་ལ་མཚོན་ན། ཨ་ཧྥོན་(iPhone) གྱི་མཛུབ་གནོན་འཐེབ་གཞུང་དུ་བོད་ཡིག་གསར་གཏོད་བྱས་པ་ནི་གཅིག་བྱས་ན་བོད་ཀྱི་སྐད་ཡིག་དེ་དེང་རབས་ཀྱི་དགོས་མཁོ་སྐོང་བ་དང་འཇིག་རྟེན་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་བེད་སྤྱོད་བྱེད་ཐུབ་པའི་བདེན་དཔང་ཆེ་ཤོས་དེ་ཡིན་པར་ངེས། དེར་བརྟེན། བོད་ཀྱི་སྐད་ཡིག་ནི་ཆོས་ཀྱི་གཞུང་ལུགས་དང་ལྟ་གྲུབ་ཁོ་ན་འགྲེལ་བཤད་རྒྱག་བྱེད་ཀྱི་སྐད་ཡིག་ཙམ་མིན་པར། འདི་ནི་ཚད་གཞི་མཐོ་ལ་དུས་རབས་ཀྱི་སྒུལ་ཤུགས་ལྡན་པའི་དེང་རབས་ཀྱི་སྐད་ཡིག་ཞིག་ཡིན་ལ། སྐད་ཡིག་དེས་བོད་མི་རིགས་ཡོངས་ཀྱི་མངོན་འདོད་དང་ཕུགས་བསམ་དངོས་ཡོད་སྤྱི་ཚོགས་ཀྱི་ལག་ལེན་ཕྱོགས་སུ་འཁྱེར་བར་རོགས་ཕན་བྱེད་ཀྱིན་ཡོད།

(བསྟན་རྡོར་ལགས་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་། བོད་དོན་འཐབ་རྩོད་མཁན། རང་དབང་ཅན་གྱི་རྩོམ་པ་བོ་བཅས་སྙིང་སྟོབས་ཀྱིས་ཕྱུག་པའི་བོད་རིགས་གཞོན་སྐྱེས་ཤེས་ཡོན་པ་ཞིག་ཡིན།)

………………………………………………………………………………………………………

སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།

ཚེ་རིང་ཤཱཀྱ།
ལོ་རན་ ཧར་ཁྲི་ལིས།
སྡོམ་པ་ཚེ་རིང་དབང་མོ།
བསྟན་འཛིན་བདེ་སྐྱིད་།
དཀའ་ཐུབ་ཚེ་རིང་།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
བུད་ངྔྷ་སྐྱབས།
ལྗང་གཞོན།
བློ་བཟང་གྲགས་པ།
སྐལ་བཟང་ཉི་མ།
སྦྲ་རིགས་ཐོགས་མེད་།
འབྲོང་བུ་ཟླ་བ་ཚེ་རིང་།
རིག་འབྱུང་དོན་གྲུབ་བཀྲ་ཤིས།

www.khabdha.org
khabdha@gmail.com

གསར་འགྱུར།

Post navigation

Previous Post: བོད་ཀྱི་སྐད་ཡིག་གླེང་བ།
Next Post: འབྲུག་ལོའི་ལོ་གསར་ཉིན་རྡོར་གླིང་བོད་མིས་ཟས་བཅད་ངོ་རྒོལ།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme