Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་བརྗེ་བ་འགྱུར་བ་གཏོང་མི་ཉན།

Posted on 2011-03-28 By དབང་ཕྱུག་ 17 Comments on གསར་བརྗེ་བ་འགྱུར་བ་གཏོང་མི་ཉན།

ཝང་ལིས་ཞུང་གིས་བརྩམས།
ནགས་ཤོད་སད་མིས་བསྒྱུར།

རྒྱ་ནག་མགོ་ཁྲིད་ཚོས་ག་དུས་བོད་དོན་གླེང་སློང་བྱེད་ཚེ། ངས་དེ་སྔོན་ནུབ་ཕྱོགས་བརྒྱུད་ལམ་ཞིག་ཏུ་མཐོང་བའི་ཟུར་ཟའི་རི་མོ་དེ་དྲན་སོས་པར་བྱེད། དེ་ནི་འདི་ལྟ་སྟེ། རྒྱ་ནག་གི་སྲིད་བློན་ལིས་ཕུང་གཡག་ལ་བཅིབས་པ་དང་། ཞྭ་སེར་ལྟག་སྒྲོ་ཅན་གྱོན་ནས་བོད་མཐོ་སྒང་ནས་པཎ་ཆེན་བླ་མའི་ཡང་སྲིད་འཚོལ་བཞིན་པ་དེ་རེད། བོད་མི་དམངས་ཆེས་མུན་ནག་གི་ལྷ་དབང་སྤྱི་ཚོགས་ལས་བསྐྱབས་པར་སྒྲོག་པའི་ལྷ་མེད་སྨྲ་བའི་སྲིད་དབང་འདི་པས། དེ་སྔོན་ཆོས་ལུགས་ཁྱོན་ཡོངས་བཀག་སྡོམ་བྱས་པས་མ་ཚད། བོད་ཀྱི་དགོན་སྡེ་ཐམས་ཅད་རྩ་བའི་ཆ་ནས་ཤུལ་མེད་གཏོར་བརླགས་བྱས་པ་རེད། འོན་ཏེ་ད་ཆ། བོད་མུན་ནག་གི་ཚབ་མཚོན་ཏཱ་ལའི་བླ་མས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ལ་གཏོར་བཤིག་བྱས་པར་བསྙད་ནས་དགག་པ་རྩོམ་གྱི་ཡོད་པ་མ་ཟད། དེ་ལྟར་གཏན་ནས་བྱ་མི་ཆོག་ཅེས་བརྗོད་ཀྱི་ཡོད།

ཉེ་ཆར། རྒྱ་ནག་མི་དམངས་འཐུས་ཚོགས་ཀྱི་གསར་འགོད་གསར་བསྒྲགས་སྐབས་འདི་དོན་སྐད་ཤུགས་ཆེན་པོ་བྱེད་མཁན་པད་མ་འཕྲིན་ལས་ནི་མ་གཞི་བོད་མི་ཞིག་ཡིན་ནའང། མ་གཞི་བོད་ལྗོངས་ཀྱི་ཆེས་མཐོའི་འཛིན་སྐྱོང་དཔོན་པོར་བསྐོ་བཞག་གནང་ཡོད་ནའང་། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་རྒྱུན་ཤེས་ལ་ཧ་གོ་དོན་རྟོགས་མེད། ཁོས་གོང་ས་ཏཱ་ལའི་བླ་མ་མཆོག་ལ་གཤེ་གཤེ་གཏོང་སྐབས། ཏཱ་ལའི་སྐྱེ་ཕྲེང་འདི་ནི་བཅུ་བཞི་པ་དེ་རེད། འདིའི་སྔོན་དུ་ད་དུང་བཅུ་གསུམ་ཡོད་པ་རེད། སྐྱེ་ཕྲེང་བཅུ་བཞི་པས་གང་འདོད་འདོད་བྱ་མི་རུང་ཞེས་བཤད་ཡོད། དེ་ནི་ཁོས་མ་ཤེས་པ་རེད། བོད་བརྒྱུད་ནང་བསྟན་གྱི་ངོས་ནས་གླེང་ན། ཏཱ་ལའི་བླ་མ་གཅིག་རང་ལས་ཡོད་པ་མ་རེད། མ་གཞི་སྐུ་ཕྲེང་ན་རིམ་ཇི་ཙམ་བྱོན་ཡོད་ནའང་། ཚང་མ་ཏཱ་ལའི་བླ་མ་དང་རྒྱུད་གཅིག་པའི་ཐོག་ནས་འཇིག་རྟེན་མི་ཡུལ་དུ་སྐུ་སྐྱེ་བཞེས་པ་ཡིན་དུས། གང་ཟག་ཐ་དད་པའི་ཏཱ་ལའི་བླ་མ་བཅུ་བཞི་ཞིག་ཡོང་ས་གཏན་ནས་མེད།
ལྷ་མེད་སྨྲ་བར་དད་པའི་གུང་ཁྲན་ཏང་མི་པད་མ་འཕྲིན་ལས་ཀྱིས་ནང་ཆོས་ཀྱི་ཡང་སྲིད་ལམ་ལུགས་ཁས་མ་བླངས་ནའང་འགྲིག་དང་འགྲིག
ཡིན་ནའང་། ཁོས་ཆོས་ལུགས་ཀྱི་ཆོ་ག་རྒྱུན་སྐྱོང་བྱ་དགོས་ཞེས་དྲིལ་སྒྲོག་བྱེད་ཀྱི་ཡོད་པ་ལས། ཆོས་ལུགས་ནི་བསམ་པའི་ཉལ་ཐ་རེད་ཅེས་བརྗོད་ཀྱི་མེད་དུས། མ་མཐར་ཡང་ཆོས་ལུགས་ཀྱི་རྒྱུན་ཤེས་གོ་རྟོགས་དང་ཆོས་ལུགས་ལ་བརྩི་བཀུར་གྱི་རྣམ་འགྱུར་ལྡན་དགོས་ལ། ཐ་ན། ཕྱི་ཚུལ་ཙམ་ཡིན་ནའང་འདྲ་ཆགས་པོ་ཞིག་དགོས་པ་རེད། དེ་མིན་ན་ཆོས་ལུགས་ཆོ་ག་རྒྱུན་སྐྱོང་བྱ་དགོས་ཟེར་བ་ཇི་ལྟར་གླེང་ཕོད་ལ། འདི་ཐད་དུ། དད་འདུན་མང་ཆོགས་ཀྱིས་སྤྱང་ཀིས་བྱ་དེ་ལ་ལོ་གསར་འཚམས་འདྲི་ཞུས་པའི་གཏམ་རྒྱུད་ལྟར་ཅིའི་ཕྱིར་མི་གོདཔོན་པོ་འདི་ཚོའི་རྙོག་འཁྲུལ་གྱི་བརྗོད་བབ་དང་ནང་འགལ་གྱི་ཚིག་བརྗོད་ལ་བལྟས་ན། རྒྱ་ནག་སྲིད་དབང་གི་འདུ་ཤེས་འཁྱེར་སྟངས་ཐོར་ཞིག་དང་ཞན་སྐྱོན་ཕོག་ཡོད་པ་ནི། མི་རྣམས་ཧང་སངས་དགོས་པའི་ཚད་དུ་སླེབས་འདུག བོད་ལྗོངས་ཀྱི་མི་དམངས་འཐུས་མའི་མགོ་གཙོ་བྱམས་པ་ཕུན་ཚོགས་ཀྱིས་ལོ་རྒྱུས་ཀྱི་གཏན་འབེབས་ལ་བརྩི་བཀུར་དགོས་པ་ནན་བཤད་སྐབས། ལོ་རྒྱུས་ཀྱི་གཏན་འབེབས་དེ་ནི་གུང་ཁྲན་ཏང་གིས་བཟོས་པ་མིན། ང་ཚོའི་སྲིད་གཞུང་གིས་གཏན་པ་ཕབ་པའང་མིན། དེ་ནི་ཆིང་རྒྱལ་རབས་དུས་སུ་ནུབ་ཁམས ༼ ཁང་ཤིས ༽ གོང་མ་དང་། ཆན་ལུང་གོང་མ་ཁོང་རྣམ་པས་གཏན་ལ་ཕབ་པ་ཞིག་རེད་ཟེར་སོང་། འདི་སྒྲུབ་བྱེད་ཅི་ཞིག་རེད། འདི་སྔ་ཕྱི་འབྲེལ་ཆགས་ཀྱི་གཏན་ཚིགས་ཤིག་ལ་སོང་ཡོད་པ་རེད་དམ། གུང་ཁྲན་ཏང་གིས་དང་ཐོག་མའོ་ཙེ་ཏུང་གིས་བཤད་པ་ལྟར་དུ། ཤ་རྡོག་རེ་རེ་བྱས་ནས་གཏུབས་ནའང་། རྒྱལ་པོ་རྟ་ཐོག་ནས་འཐེན་པའི་སྤོབས་པ་ཡོད་དགོས་ཟེར་བ་ལྟར་དུ། ཆེས་ཛ་དྲག་གི་ལག་ཐབས་སྤྱད་ནས་དེ་སྔའི་ལོ་རྒྱུས་ཀྱི་གཏན་འབེབས་ཇི་ཡོད་མགོ་རྟིང་བསློགས་པ་རེད། མིག་སྔར་རྒྱ་ནག་གཞུང་གིས་རྔ་རྡུང་དར་འཕྱར་གྱིས་ལྩགས་ཕག་གསར་བརྗེ་ལངས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་ཆེད་སྟ་གོན་བྱེད་བཞིན་ཡོད། འདི་ནི་ནུབ་ཁམས་དུར་འཇུག་དང་། ཆན་ལུང་ནས་སྐུ་ཚབ་བྱས་པའི་མན་ཇུའི་རྒྱལ་རབས་ཀྱི་གསར་བརྗེ་ལ་དུས་དྲན་བྱས་པ་ཞིག་རེད། ཅིའི་ཕྱིར་དུ། བོད་སྐོར་གླེང་བའི་ཚེ། ཁ་མཁས་འདྲ་ཆགས་ཀྱིས་གནའ་སྔ་མོ་ནས་དུར་སྦས་བྱས་ཟིན་པའི་ནུབ་ཁམས་དང་། ཆན་ལུང་ཡང་ཚུར་བསྔོགས་ཡོང་གི་ཡོད། མ་ཟད། ཁོང་ཚོའི་དབང་གྲགས་གང་མཆིས་གུང་ཁྲན་ཏང་དང་ད་ལྟའི་སྲིད་གཞུང་ཐོག་སྤུངས་ནས། ཁོང་རྣམ་པའི་གཏན་འབེབས་ལ་བསྒྱུར་བཅོས་གཏོང་མི་ཉན་ཟེར་དོན་ཅི།

འདི་ཚོ་ནི་གླང་རྒན་བཞིན་འགྱིང་ཉམས་ཆེ་ནའང་རྒྱུན་བཀོལ་ཤེས་བྱ་ཙམ་མེད་ལ། སྔ་རྟིང་མི་ནོན་པའི་འགྲེལ་བརྗོད་འདི་ཚོར་མིས་མཐོང་བ་ནི་བཙན་དབང་བའི་བཙན་ཤེད་ཀྱི་སྐད་ཆ་ཁོ་ནར་བས་སོ། འདི་ནི་ཏག་ཏག་ཆུ་སྟོད་ཀྱི་སྤྱང་ཀིས་ཆུ་སྨད་ཀྱི་ལུ་གུར་ཆུ་བསྙོགས་པར་ཁ་རྡུང་བཏང་བ་གཅིག་པ་གཅིག་རྐྱང་རེད། རྒྱུ་མཚན་གང་དྲན་དྲན་རེད། འདིའི་དམིགས་ཡུལ་ནི་ཉམ་ཆུང་གི་ལུ་གུ་བཟའ་སེམས་ཁོ་ནར་སྒོམ་པས་སོ།།

འགྱུར་རྩོམ།

Post navigation

Previous Post: དཔྱིད་ཀའི་ཉི་འོད་འོག་གི་སྙན་ངག
Next Post: དོན་དམ་གྱི་ཆོས་དད་རང་མོས་འཚོལ་བ།

Comments (17) on “གསར་བརྗེ་བ་འགྱུར་བ་གཏོང་མི་ཉན།”

  1. ཨ་རིག་འགྱུར་མེད། says:
    2011-03-28 at 4:59 pm

    རྩོམ་ཡིག་འདི་བསྒྱུར་མཁན་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

  2. བཙན་བྱོལ་བ་ says:
    2011-03-28 at 6:18 pm

    ང་ཚོའི་སྤྱི་ཚོགས་ནང་ལ་འགྱུར་རྩོམ་ལ་ཞུགས་མཁན་ཇེ་མང་རེད། འདི་ནི་སྤོབས་པ་སྐྱེ་འོས་པ་དང་དགའ་འོས་པ་ཞིག་ཡིན་པས་ཁྱེད་ལ་ཐུགས་རྗེ་ཆེ། ༢༠༡༡ གི་དམངས་གཙོའི་གསར་བརྗེའི་ལས་འགུལ་དེ་ལྷོ་ཨཧྥ་རི་ཁ་ཡུལ་ལུང་ཏུ་ནི་ཤི་ཡ་ནང་ནས་དར་བ་ནས་བཟུང་སྟེ་རིམ་བཞིན་ཨི་རྗིཔི་དང་ལིབ་ཡ། དེ་ནས་སི་རི་ཡ། དེ་ནས་ཡེ་མེན། ད་ནི་དྷང་ཚོ་བོད་བཙན་བྱོལ་ས་གནས་སུ་ཡང་མཆེད་བཞིན་འདུག་པས་དེ་ནི་ཡག་རྟགས་ཤིག་ལ་ངོས་འཛིན་བཞིན་ཡོད། མི་རིང་བར་ང་ཚོ་བོད་ཀྱི་དམངས་གཙོའི་སྲིད་གཞུང་དེ་ཡང་ཡང་དག་པ་དང་མཚན་ཉིད་ཚང་བ་ཞིག་ཏུ་བསྒྱུར་རྒྱུའི་རེ་བ་ཡོད།

  3. ཀརྡོ་རབ་འབྱམས་པ་ says:
    2011-03-28 at 7:07 pm

    ་་་སྐྱེ་ཕྲེང་བཅུ་བཞི་པས་གང་འདོད་འདོད་བྱ་མི་རུང་ཞེས་་་་་་ཟེར་ཕོད་པ་ནི། གྲོད་ཁོག་གི་དོན་ནམ། རྒྱུག་ཁྱིའི་ལས་འགན་འཁུར་བ་གཉིས་ལས་གང་ཞིག་ཡིན་པེ།

  4. མིག says:
    2011-03-29 at 2:41 am

    ཀརྡོ་རབ་འབྱམས་པ་ལགས། སྐྱེ་ཕྲེང་བཅུ་ བཞི་པས་གང་འདོད་འདོད་བྱ་མི་རུང་ཞེས་་་་་་པའི་ཚིག་འདིར་དེ་ཙམ་གྱི་ཧ་ལས་དགོས་པ་ཞིག་མ་རེད། དྲང་པོར་བཤད་ན་སྐུ་ཕྲེང་བཅོ་ལྔ་བ་དེ་༸གོང་ས་མཆོག་གིས་ཀྱང་བོད་མི་དམངས་ཀྱི་མངོན་འདོད་དང་འབྲེལ་དགོས་པ་ལས་རང་ཉིད་ཀྱིས་གང་འདོད་གནང་རྒྱུ་མིན་པ་ཡང་ཡང་གསུངས་པ་མ་ཡིན་ནམ།
    ཧ་ལས་ས་དང་ཧང་སང་ས་ནོར་ན་ཞབས་འདྲེན་ལྟ་བུ་རུ་མི་ཆགས་པའི་ངེས་པ་མེད་པ་ཞིག་རེད་སྙམ།

  5. ལྟ་བ་རྒྱང་མཐོང་། says:
    2011-03-29 at 10:19 am

    ཡིག་སྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
    རྩོམ་ཡིག་འདི་ལྟ་བུ་མུ་མཐུད་ནས་བསྒྱུར་གནང་རོགས།
    བཀའ་དྲིན་ཆེ།

  6. བསོད་ནམས། says:
    2011-03-29 at 4:13 pm

    རྩོམ་འདིའི་གོ་དོན་ཟབ་པས་ཡིག་སྒྱུར་བར་བཀའ་དྲིན་ཆེ་ཞུ།

  7. ནགས་ཤོད་སད་མི། says:
    2011-03-29 at 4:22 pm

    ཀློག་པ་པོ་རྣམ་པས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ།

  8. སྤངས་སྤོས། says:
    2011-03-30 at 1:17 am

    རྩོམ་འདི་བསྒྱུར་བ་པོ་ལ་ཐུགས་རྗེ་ཆེ་ཞུ། ང་ཚོས་མི་རིགས་གཞན་གྱིས་བོད་དོན་ཐོག་ལ་བསམ་ཚུལ་གྱི་རྩོམ་ཡིག་རྣམས་འུ་ཅག་གི་སྐད་ཡིག་ཏུ་བསྒྱུར་ན་བསམ་པའི་རྒྱ་བསྐྱེད་རྒྱུར་ཕན་ཐོགས་ཆེ། རྒྱ་ནག་གིས་ངོ་ཚ་ཁྲེལ་མེད་ཀྱིས་ཞི་དྲག་དང་། གཡོ་སྒྱུ་ཁྲམ་གསུམ་གྱི་ཐོག་ནས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་མཆོག་གི་ཡང་སྲིད་བརྫུས་ན་ཞིག་ངོས་འཛིན་བགྱིས་པ་དེ་གདན་ས་བཀྲ་ཤིས་ལྷུན་པོར་སྡོད་མི་ཐུབ་པར་པད་ཅིང་དུ་བཙོན་པ་བཞིན་དུ་སྡོད་དགོས་པའི་གནད་དོན་གང་ལ་ཐུག་ཡོད་ད་དུང་ཁོ་གཞེས་རྩེར་ཡོང་སྐབས་སེར་སྐྱ་སྤྱི་ཡོངས་ནས་དེ་རིང་ཨོ་ལོ་ཡོང་གི་རེད་ཟེར་ནས་འཕྱ་དམོད་བྱེད་པ་སོགས་ཀྱིས་ཁོ་ཚོའི་གཡོ་བྱུས་ལམ་དུ་ཕྱིན་མེད། ནམ་ཞིག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལ་མངོན་པའི་དུས་བཟང་ཞིག་ཤར་ན་རྒྱལ་མཚན་ནོར་བུ་བྱང་ཐང་དུ་སྔར་བཞིན་འབྲོག་པའི་འཚོ་བར་རོལ་རྒྱུར་གདོན་ཟ།

  9. མིག says:
    2011-03-30 at 10:16 am

    ངས་བསམ་ན་ང་ཚོ་བོད་མི་དམངས་དང་སེམས་ཐག་ཧ་ཅང་ཉེ་བའི་མ་འོངས་པའི་པན་ཆེན་ལགས།
    ཞེས་རྒྱལ་མཚན་ནོར་བུ་ལ་ཡང་ཡང་བརྗོད་མྱོང་།

  10. ཀརྡོ་རབ་འབྱམས་པ་ says:
    2011-03-30 at 10:37 am

    རྒྱལ་མཚན་ནོར་བུ་༸པཎ་ཆེན་རྫུན་མ་རེད་དོ། དགོངས་དག་རྒྱལ་ནོར་ལགས།

  11. ཚེ་བསམ་ says:
    2011-03-30 at 11:14 am

    ཀབས་རེ་རྫུན་མ་ངོ་མར་འགྱུར་བ་ཡང་སྲིད་
    ཧ་ཧ་ཧ་ཧ

  12. ཚེ་བསམ་ says:
    2011-03-30 at 11:15 am

    ཀབས་རེ་རྫུན་མ་ངོ་མར་འགྱུར་བ་ཡང་སྲིད་

  13. ཚེ་བསམ་ says:
    2011-03-30 at 11:15 am

    ཀབས་རེ་རྫུན་མ་ངོ་མར་འགྱུར་བ་ཡང་སྲིད།

  14. མིག says:
    2011-03-30 at 1:01 pm

    དྲང་པོར་བཤད་ན་ངས་བཤད་པ་ལ་རྒྱུ་མཚན་ཡོད།

  15. ཀརྡོ་རབ་འབྱམས་པ་ says:
    2011-03-30 at 1:55 pm

    ་་་་་སྐྱེ་ཕྲེང་བཅུ་བཞི་པས་གང་འདོད་འདོད་བྱ་མི་རུང་ཞེས་་་ ད་ལྟའི་ རྒྱ་ནག་ རྒྱུག་ཁྱི་ གཅིག་གིས་ ལབ་པ་ ཡིན་པ་ལ་ ཡིན་པར་ ཤེས་པར་གྱིས་ཤིག མིག་ལགས།
    ༸གོང་ས་ མཆོག་ལ་ འདི་རིང་ནས་ ཆོས་དང་། སྲིད་ཕྱོགས་ གང་ནས་ཀྱང་ སྐྱོན་བརྗོད་ བྱེད་ཡ་ ཐོབ་ཐང་ འཛམ་གླིང་ མི་ སུ་ལ་ཡང་ མེད་པ་ དེ་ཡང་ ཤེས་པར་ གྱིས་ཤིག བློ་གྲོས་ཀྱི་ ལུས་ མེད་པའི་ མིག་ལགས།

  16. ཀིརྟི་སྐྱབས། says:
    2011-03-30 at 4:40 pm

    ངས་བལྟས་ན། ཏཱ་ལའི་བླ་མ་བཅུ་གསུམ་བཅུ་བཞི་ཟེར་བ་དང། གོང་མ་ཁང་ཞི་ཆན་ལུང་ཟེར་བ་སོགས་ནི་ཚིག་ཙམ་དང་། ཡང་ན་སྐད་ཆའི་ཡལ་ག་ལྟ་བུ་ཞིག་རེད། སྐད་ཆའི་རྩ་བ་ནི། རྒྱལ་བ་རིན་པོ་ཆེའི་སྲིད་དབང་ལམ་ལུགས་མཚམས་འཇོག་ལ་རྒྱ་ནག་གཞུང་གིས་རྒོལ་བ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་གསལ་པོ་ཞིག་ཆགས་ཐུབ་ན་བཟང།

  17. མིག says:
    2011-03-30 at 5:13 pm

    དགག་པ་དང་རྒྱབ་སྐྱོར་གཉིས་མ་ནོར་བ་གྱིས།
    སྤྱི་ཚོགས་ནང་གི་སྨྱོན་པ་ཞིག་མ་བྱེད་ན་བཟང་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme