Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསང་བའི་ཡིག་ཆས་ཞི་ཅིན་ཕིན་གྱི་མཁྲེགས་འཛིན་སྲིད་ཇུས་གསལ་སྟོན་བྱས་འདུག

Posted on 2013-05-212013-05-21 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 17 Comments on གསང་བའི་ཡིག་ཆས་ཞི་ཅིན་ཕིན་གྱི་མཁྲེགས་འཛིན་སྲིད་ཇུས་གསལ་སྟོན་བྱས་འདུག

ཡིག་སྒྱུར་དང་མཁོ་སྤྲོད་པ་བསྟན་འཛིན་སྒྲོལ་མ།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དབྱིན་ཇིའི་གཟའ་ཉི་མའི་དུས་བབ་ཀྱི་རྩོམ་ཡིག་ཅིག་གི་ནང་། ཤར་ཨེ་ཤེ་ཡའི་གསར་འགོད་པ་མེ་ཁིལ་་ཞི་རེཌན་(Michael Sheridan)ལགས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་གསང་བའི་ཡིག་ཆ་ཞིག་གི་ནང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ལ་འཛུམ་མདངས་དང་འཆམ་མཐུན་གྱི་རྣམ་འགྱུར་ཡོད་རུང་། དོན་དངོས་ཐོག་ཁོ་ནི་རང་ཤེད་ཅན་ཞིག་དང་གཞན་དབང་སྟབས་བསྟུན་མི་བྱེད་མཁན་གྱི་ལྕགས་ཀྱི་གཟེར་མོ་ཐོགས་པའི་སྲིད་དབང་སྒེར་འཛིན་རིང་ལུགས་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་ཅེས་བརྗོད་པའི་གནས་ཚུལ་འཁོད་འདུག

རྩོམ་ཡིག་དེའི་ནང་དོན་ལྟར་ན། མཁྲེགས་བཟུང་གི་རྣམ་པ་གསལ་བའི་རྒྱ་ནག་ནང་ཁུལ་གྱི་ཡིག་ཆ་དེས་ཐེངས་དང་པོར་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་ད་ལྟའི་སྲིད་གཞུང་ངོས་ནས། ཕྱི་ཕྱོགས་ཀྱི་རང་དབང་ཕྱོགས་ཁག་གིས་རྒྱ་ནག་ལ་ཐེབས་བཞིན་པའི་ཤུགས་རྐྱེན་ལ་མཁྲེགས་བཟུང་གི་ལངས་ཕྱོགས་བེད་སྤྱད་དེ་གདོང་ལེན་བྱེད་རྒྱུ་ཡིན་པའི་ར་སྤྲོད་བྱས་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོའི་ངོས་ནས་བློ་སྤོབས་ཆེན་པོའི་ངང་ནས་དཔལ་འབྱོར་གྱི་ལམ་ལུགས་བསྒྱུར་བཅོས་དགོས་ཚུལ་བརྗོད་ཀྱི་ཡོད་རུང་། ཡིག་ཆ་དེས་ཕྱི་ཕྱོགས་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ཐད་རེ་ལྟོས་བྱེད་མཁན་ཚོའི་རྨོངས་འཆར་ཡོད་ཚད་གཏོར་བཅོམ་བཏང་ཡོད།

གསང་བའི་ཡིག་ཆ་དེའི་ནང་རྒྱ་ནག་གི་གཞུང་ཞབས་པ་ཚོས་ནུབ་ཕྱོགས་ཀྱི་བསམ་བློ་དང་གཞུང་ལུགས་ཁག་གི་རྒྱ་ནག་ལ་ཐེབས་སྲིད་པའི་ཉེན་ཁའི་ཐད་ལ་རྒྱུས་ལོན་གཏིང་ཟབ་དགོས་རྒྱུ་དང་། རྒྱ་ནག་རྒྱལ་ཁབ་ཀྱིས་ངེས་པར་དུ་་དཔལ་འབྱོར་ཡར་རྒྱས་དང་གོང་འཕེལ་བཏང་ནས་ནུབ་ཕྱོགས་རྒྱབ་ཁབ་དག་ལ་དོ་ཟླ་འགྲན་དགོས་པ་ནན་བརྗོད་བྱས་འདུག དམར་པོའི་སྲིད་གཞུང་(ཏང་)་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཐད་བློ་བརྟན་འགྱུར་མེད་ཐོག་་འཐབ་ཇུས་དང་ལྡན་པའི་སྒོ་ནས་ནུབ་ཕྱོགས་རང་དབང་ཤོག་ཁག་དང་འགལ་ཟླའི་བསམ་བློ་ཅན་གྱི་ཕྱོགས་འགལ་བ་ཚོ་ཕམ་ཉེས་དང་རྩ་མེད་གཏོང་དགོས་ཞེས་འཁོད་འདུག

རྩོམ་ཡིག་དེའི་ནང་དབྱེ་ཞིབ་བྱས་ནས་བརྗོད་དོན། འདས་པའི་ཟླ་ཁ་ཤས་ནང་གི་པེ་ཅིན་དང་ཝ་ཞིན་ཀྲོན་གྱི་ཚོད་དཔག་ཡོད་ཚད་འདི་ནས་མཇུག་བསྒྲིལ་རྒྱུ་རེད་ཟེར། གང་ཡིན་ཞེ་ན། གསང་བའི་ཡིག་ཆ་དེས་རྒྱ་ནག་དམར་ཕྱོགས་ཚོགས་པ་དང་། རྒྱ་ནག་སྲིད་གཞུང་། རྒྱ་ནག་དམག་དཔུང་བཅས་ཀྱི་བདག་པོ་ཞི་ཅིན་ཕིན་ནི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་གཏོང་མཁན་ཞིག་རྩ་བ་ནས་མིན་པའི་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱས་ཡོད། ཅེས་འཁོད་འདུག

གཅིག་རྗེས་གཉིས་མཐུད་ཀྱི་ལས་འགུལ།

རྩོམ་ཡིག་དེའི་ནང་་གསལ་དོན། ཕྱི་འབྲེལ་སྲིད་དོན་མི་སྣ་ཁག་གི་བརྗོད་པ་ལྟར་ན། གསང་བའི་ཡིག་ཆ་དེའི་ནང་ལོ་སྔོན་མར་དབྱིན་ཇིའི་སྲིད་བློན་ཌེ་བེ་ཌི་ཁཱད་མི་རོན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་བྱས་པ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཅི་ཕྱིར་དབྱིན་གཞུང་ལ་ངོ་རྒོལ་བྱས་པ་མ་ཟད། རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མཐོ་རིམ་མི་སྣའི་མཇལ་འཕྲད་ཁག་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ཁག་འགྲེལ་བརྗོད་བྱས་ཡོད་འདུག་ལ། པེ་ཅིན་གཞུང་གིས་མངོན་སུམ་འཛེམ་མེད་ཀྱིས་ཐོག་ནས་གལ་ཏེ་དབྱིན་གཞུང་གི་ངོས་ནས་དགོངས་སེལ་མ་ཞུས་ཚེ་རྒྱ་ནག་གིས་དབྱིན་ཡུལ་ལ་གཏོང་བཞིན་བའི་ཚོང་ལས་ཀྱི་མ་རྩ་ཁག་མཚམས་འཇོག་བྱེད་རྒྱུ་ཡིན་པའི་སྡིགས་ར་ཡང་བསྐུལ་འདུག་པའི་གནས་ཚུལ་འཁོད་འདུག

རྩོམ་ཡིག་དེའི་ནང་ད་དུང་དབྱིན་གཞུང་གི་་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་ནས་བརྗོད་དོན། དབྱིན་གཞུང་གིས་རྒྱ་ནག་གཞུང་ལ་གཏན་ནས་དགོངས་སེལ་ཞུས་མི་སྲིད་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་ལམ་ཡང་བསྐྱར་ཨིར་ཡུལ་བྱང་མ་ལ་ཕྱོགས་བསྐྱོད་བྱས་ཡོད། ཡིན་ཡང་དབྱིན་རྒྱ་གཞུང་གཉིས་དབར་གྱི་ཚོང་འབྲེལ་རིམ་བཞིན་གོང་འཕེལ་དང་ཡར་རྒྱས་འགྲོ་གི་ཡོད་ཚུལ་འཁོད་འདུག

རྩོམ་ཡིག་དེའི་ནང་མཁྲེགས་བཟུང་གི་རྣམ་པ་གསལ་བའི་ཡིག་ཆ་དེ་ཕྱི་ལ་མ་བཏོན་སྔོན་གྱི་རྒྱ་ནག་ནང་གི་འགྱུརའགྲོས་ཀྱི་ཁ་ཕྱོགས་སོགས་རེ་རེ་བཞིན་བསྐྱར་ཞིབ་བྱས་འདུག་པ། དང་པོ། རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་ཏུ་“གླེང་མི་ཆོག་པ་བདུན་”གྱི་བཀའ་རྒྱ་ཕབ་འདུག་ལ། དེ་དག་ནི་གཏམ་གླེང་གི་བརྗོད་གཞི་ནང་

༡༽འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་དང་།

༢༽ནུབ་ཕྱོགས་ཀྱི་གསར་འགོད་རང་དབང་གི་ལྟ་ཚུལ།

༣༽ སྤྱི་མང་གི་ཚོགས་སྡེ།

༤༽ སྤྱི་མང་གི་ཐོབ་དབང་།

༥༽ རྒྱ་ནག་ལོ་རྒྱུས་སྟེང་གི་ནོར་འཁྲུལ།

༦༽ ཉེ་དགའ་ཕྱོགས་ལྷུང་གི་འབྲེལ་བ།

༧༽རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཁང་སོགས་ཡིན་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་གསར་ལམ་ལས་ཁུངས་ཁག་ལ་ནུབ་ཕྱོགས་ཀྱི་གསར་འགྱུར་ཡོངས་ཁུངས་གཞི་བཅོལ་ནས་གནས་ཚུལ་སོགས་བཀོད་མི་ཆོག་པའི་ལམ་སྟོན་བྱས་ཡོད་ལ། གལ་ཏེ་གསར་འགོད་པ་གང་རུང་གིས་དེ་ལྟར་བྱས་ཚེ་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་ཡང་བཏང་འདུག རྒྱ་ནག་གི་ཀྲུང་དབྱང་བརྙན་འཕྲིན་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྩོམ་སྒྲིག་ལས་རིགས་མི་སྣ་ཁག་གིས་བདུན་ཕྲག་སྔོན་མར་ཞི་ཅིན་ཕིན་གྱི་ “རྒྱ་ནག་གི་རྨི་ལམ”་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་པའི་ཁས་ལེན་དམ་བཅའ་ཞུས་འདུག

རྒྱ་ནག་༼ཉིན་རེའི་ཚགས་པར༽་གྱིས་དྲ་ཐོག་ནས་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་པར། རྒྱ་ནག་མི་མང་ངོས་ནས་དམར་པོའི་སྲིད་གཞུང་གི་སྣེ་ཁྲིད་འོག་རྒྱ་ནག་གི་རྨི་ལམ་ཟེར་བ་མངོན་འགྱུར་བྱེད་པར་རེ་བ་མེད་པའི་བསམ་ཚུལ་ཤུགས་ཆེར་ཐོན་ཡོང་དུས། ཧ་ཅང་ཡ་ང་བའི་མི་མང་གི་ཕྱོགས་བསྡུས་ཀྱི་བསམ་ཚུལ་དེ་རྒྱ་ནག་སྲིད་གཞུང་གིས་དེ་མ་ཐག་དྲ་ཐོག་ནས་རྩ་མེད་བཏང་འདུག

རྩོམ་ཡིག་དེའི་ནང་ད་དུང་རྒྱ་ནག་དམར་ཕྱོགས་ནང་ཁུལ་དུ་འདོན་སྤེལ་བྱེད་བཞིན་པའི་དུས་དེབ་༼ཏང་འཛུགས་སྐྲུན༽་ནང་ནུབ་ཕྱོགས་ཀྱི་དྲག་དམག་རུ་དཔུང་གིས་རྒྱ་ནག་མཐའ་བསྐོར་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། ༼ དར་དམར་༽ཞེས་པའི་དུས་དེབ་ནང་ཇི་ལྟར་དྲ་རྒྱ་དམ་དྲག་ཤུགས་ཆེན་པོ་བཟོ་དགོས་མིན་སོགས་ཞིབ་ཏུ་འགྲེལ་བཤད་བྱས་འདུག

ཕྱི་ནང་གི་འགལ་འདུ།

གཟའ་ཉི་མའི་དུས་བབ་ཀྱི་རྩོམ་ཡིག་ནང་གསལ་དོན། རྒྱ་ནག་གི་གནད་དོན་ཞིབ་འཇུག་དང་དབྱེ་ཞིབ་མི་སྣ་ཁག་གི་འདས་པའི་ཟླ་བ་ཁ་ཤས་ནང་གསེད་གྲོལ་བྱེད་འདོད་པའི་དྲི་བ་སྟེ། ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་སྲིད་གཞུང་གིས་འབྱུང་འགྱུར་རྒྱ་ནག་རྒྱལ་ཁབ་དེ་སྔར་ལས་ལྷག་པའི་བཅོས་སྒྱུར་དང་གུ་ཡངས་ཀྱི་ལམ་ཁ་ལ་ཁྲིད་ཀྱི་རེད་དམ་མ་རེད་ཟེར་བ་དེ་ལ་ད་ཆ་དྲིས་ལན་གསལ་བོ་ཞིག་རེག་ཡོད།

རྩོམ་ཡིག་དེའི་ཞོལ་དུ་གསལ་བཤད་བྱས་དོན། ཡིག་ཆ་དེའི་དངོས་ཡོད་རང་བཞིན་ལ་བལྟས་ན་གནད་དོན་ཆེར་མི་འདུག་སྟེ། ་ཡིག་ཆའི་མཚན་བྱང་ལ་༼༢༠༡༣་ལོའི་རྒྱལ་ཡོངས་དྲིལ་་བསྒྲགས་འགན་འཛིན་ཚོགས་འདུའི་ད་ལྟའི་ལྟ་གྲུབ་གནས་བབ་སྐོར་གྱི་གནད་བསྡུས་ཟིན་ཐོ།༽ཞེས་བཏགས་འདུག་ལ། གསང་བའི་ཡིག་ཆ་དེ་རྒྱ་ནག་གི་ས་གནས་སྲིད་གཞུང་མང་པོའི་འགོ་ཁྲིད་ཚན་ཁག་དང་དམག་དཔོན་ཁག་གི་ཁྲོད་དུ་འགྲེམས་སྤེལ་བྱས་ཡོད་འདུག་ལ། ཞིང་ཆེན་ཁག་གསུམ་དང་ཧོང་ཀོང་གི་གསར་ཤོག་ཅིག་ཏུ་རྒྱ་ནག་གི་མགོ་ཁྲིད་དང་ལས་བྱེད་མི་སྣས་ཡིག་ཆ་དེའི་ནང་དོན་ལ་ཞིབ་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་འཁོད་འདུག་ཟེར།

རྩོམ་ཡིག་ནང་ད་དུང་འཁོད་དོན། རྒྱ་ནག་གི་དྲ་ལམ་ཟིན་བྲིས་སྤེལ་མཁན་ཞིག་གིས་དེ་ནི་རྒྱ་ནག་ཕྱིར་ནུར་དང་ཉམ་ཆག་འགྲོ་གི་ཡོད་པ་འི་རྣམ་པ་གསལ་སྟོན་བྱས་འདུག་ཅེས་བྲིས་འདུག་ལ། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་དེ་ནི་ཞི་ཅིན་ཕིན་གྱི་གཞུང་ལུགས་ལ་འགྲེལ་བཤད་དང་སྡོམ་ཚིག་བཀོད་པར་ངོས་འཛིན་བྱས་འདུག འོན་ཀྱང་ཡིག་ཆའི་ནང་དོན་གསང་བའི་ངོ་བོའི་ཐོག་འདོན་སྤེལ་བྱས་པ་དེས་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཚོར་ཞི་འཇགས་ཀྱི་སེམས་ཚོར་མེད་པ་མངོན་གསལ་དོད་པོ་ཆགས་འདུག་ལ། རྒྱ་ནག་དམར་ཕྱོགས་ཚོགས་པ་ཡང་བསྐྱར་གོ་མིན་ཏང་དང་གུང་ཁྲན་ཏང་གི་ནང་འཁྲུག་སྐབས་ཀྱི་ཆེས་ལྐོག་གྱུར་དང་གསང་བའི་སྒོ་ནས་ལས་འགུལ་རྩོམ་པའི་ཚོགས་པ་དེར་གྱུར་འདུག་ཟེར།

རྩོམ་ཡིག་དེའི་ནང་མཐའ་དོན་རྒྱ་ནག་གི་མཁྲེགས་འཛིན་གྱི་ལྟ་བའི་ཁ་ཕྱོགས་དང་རྒྱལ་སྤྱིའི་འབྲེལ་ལམ་དབར་གྱི་རྙོག་འཛིང་གི་འབྲེལ་བའི་ཐད་དབྱེ་ཞིབ་བྱས་འདུག

རྩོམ་ཡིག་ནང་ད་དུང་རྒྱ་ནག་དང་རྒྱ་གར། ཉི་ཧོང་སོགས་ཤར་ལྷོ་ཨེ་ཤེ་ཡ་རྒྱལ་ཁབ་ཁག་གི་མངའ་ཁོངས་ཀྱི་རྩོད་རྙོག་སྐོར་གླེང་འདུག་པ་མ་ཟད། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པའི་སྐད་ཆ་“རྒྱ་ནག་རྒྱལ་ཁབ་འདིས་ལོ་ངོ་ཉིས་བརྒྱའི་རིང་གི་ནུབ་ཕྱོགས་པའི་བཙན་དབང་འོག་བརྙས་བཅོས་དང་གཉའ་གནོན་མྱངས་པའི་ལོ་ཟླ་མཇུག་བསྒྲིལ་མཐར། ད་ཆ་རང་ཉིད་ཀྱི་ཐོབ་དབང་དམ་སྲུང་ཐོག དཀའ་ངལ་ཡོད་ཚད་ལ་གདོང་ལེན་བྱས་ཏེ་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་གནས་ཟིན་པར་འབད་བརྩོན་བྱེད་རྒྱུ་”ཟེར་བའི་སྐད་ཆ་ལུང་འདྲེན་གནང་འདུག རྩོམ་པ་པོས་དེ་ནི་དོན་དངོས་ཐོག་རྒྱ་ནག་གི་ཆབ་སྲིད་ཀྱི་ལྟ་བའི་ཁ་ཕྱོགས་དང་འབྲེལ་བའི་ཡིག་ཆའི་ནང་གི་ཡ་མཚན་གྱི་བརྗོད་ཚིག་དང་རྒྱལ་སྤྱིའི་གར་སྟེགས་སྟེང་རྒྱ་ནག་གིས་རྩོམ་བཞིན་པའི་བྱ་འགུལ་གཉིས་དབར་གྱི་རྙོག་འཛིང་རང་བཞིན་གྱི་འབྲེལ་བ་དང་འགལ་ཟླ་གསལ་སྟོན་བྱས་འདུག་ཟེར།

གསར་འགྱུར།

Post navigation

Previous Post: པེན་རྒྱལ་སྤྱིའི་ཚོགས་འདུར་མཉམ་ཞུགས།
Next Post: རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།

Comments (17) on “གསང་བའི་ཡིག་ཆས་ཞི་ཅིན་ཕིན་གྱི་མཁྲེགས་འཛིན་སྲིད་ཇུས་གསལ་སྟོན་བྱས་འདུག”

  1. རིག་རྡོ says:
    2013-05-21 at 2:36 pm

    ཡིག་ཆ་ཆ་ཚང་ཞིག་འདིར་བཀོད་ཚེ།གསལ་བོ་ཤེས་ཐུབ་པའི་རེ་བ་འདུག གང་ལྟར་བོད་ཀྱི་རེ་བ་རྒྱ་ནག་ཁོ་རང་ཚོའི་ནང་ཁུལ་འཁྲུགས་རྒྱུ་ལ་སྒུགས་ཡ་རེད།དེ་མིན་རེ་བ་ཆེན་པོ་དཀའ་བར་གདའོ།

  2. སོག་ཤོད་བདེ་མཆོག says:
    2013-05-21 at 3:48 pm

    ང་ཚོའི་དམིཊ་ཡུལ་ནི་དྲང་བདེན་དང་ཞི་བདེ་རང་དབང་ཁོ་ནའི་ཆེད་ཡིན་། སེམས་ཤུཊ་ནམ་ཡང་ཆག་མི་རུང་། དུས་དང་རྣམ་པ་ཀུན་ཏུ་འདས་ཟིན་པའི་ལོ་རྒྱུས་དང་ཞིང་བཤེཊ་དཔའ་བོ་རྣམ་པའི་ཞལ་གདམས་དུས་ནམ་ཡང་བརྗེད་མི་རུང་་། ང་ཚོའི་བདེན་པའི་མཐའ་གསལ་ཡག་ཡོད་པ་དེ་ཆོས་ཉིད་ཡིན།

  3. སྣྲོན ངག་ཁྲི། says:
    2013-05-21 at 10:51 pm

    མ་འོང་པར། རྒྱ་ནག་གི་མགོ་འཁྲིད་སུ་སླེབས་ན་ཡང་རྩ་བའི་ལངས་ཕྱོགས་མཁྲེགས་བཟུང་གི་ལྟ་གྲུབ་འཛིན་རྒྱུ་འདི་དག་ལས་མ་འདས་པ་ཞིག་ཡིན་ཏེ། མཁྲེགས་འཛིན་བྱེད་རྒྱུ་འདིས་ཐད་ཀར་ཁོང་ཚོའི་སྐབས་འཕྲལ་གྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡོད་པ་ལས་གཞན་རྣམས་དེ་ལྟར་མ་ཡིན་པའི་ཕྱིར། དོན་འདི་ལ་གཞིགས་ནས་ང་ཚོས་ཀྱང་རེ་སྟོང་ངམ་ཡིད་རྟོན་སྔ་མི་རུང་སྙམ་མོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-05-22 at 12:21 am

    བོད་སྒྱུར་འདིའི་རིགས་བོད་ཡིག་དང་ཆབ་སྲིད་གཉིས་ཀར་ཕན་ཐོགས་ཆེ། སྒྱུར་བ་པོ་ལ་ཐུགས་རྗེ་ཆེ་ཞེས་ཞུའོ།།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-05-22 at 12:22 am

    རྒྱ་ནག་ལོ་རྒྱུས་སྟེང་གི་ནོར་འཁྲུལ། ཟེར་བ་འདི་ཀློག་སྙིང་འདོད་ཤོས་སུ་འདུག་ཀྱང་་་་་་

  6. འཇམ་གཅེས says:
    2013-05-22 at 12:48 am

    ངོ་མ་ཡིན་་་་ཞེ་ཅིང་ཕིན་ལ་་རེ་བ་ཆེན་པོ་མེད་པ་མཐོང་གྱི་འདུག་་བདེན་པ་ཡིན་ཚེ་་་་་་་་ད་་ཡིན་ན་ངོ་ན་ཁག་པོ་རེད་་་་་སོ་སོས་ནི་གང་ཡང་མོ་འཇོན་་་་མིའི་ནི་ཡ་ལན་མི་བྱེད་་་་་

  7. བསམ་གཏན་སྒྲོལ་མ། says:
    2013-05-22 at 1:03 am

    ངས་བལྟས་ན་རྩོམ་ཉོག་འདིའི་རིགས་ལ་གོ་རྒྱུ་ཅི་ཡང་མི་འདུག

  8. ཁྱི་ཕྲུག says:
    2013-05-22 at 3:35 am

    རྩོམ་ཡིག་གི་རྒྱབ་ལྗོངས་བརྟོལ་མ་ཐུབ་ན། ཉོག་རྩོམ་རེད་བསམ་གི་རེད།  ཞིབ་འཇུག་མཐིལ་ཕྱིན་པ་བྱས་ན།  རྒྱ་ནག་གི་མ་འོངས་པའི་འཆར་གཞི་ག་འདྲ་ཡོད་མེད་དང་འཆར་གཞི་འགྲུབ་ཕྱིར་ལག་ལེན་གང་དང་གང་བསྟར་རྒྱུ་ཡིན་མིན་རོབ་ཙམ་ཧ་གོ་ཐུབ།  དེ་མ་གཏོགས་ག་དུས་ཡིན་ཡང་བསམ་བློ་ཡོད་ཚད་རྨོངས་འཆར་གྱིས་བསྒྲིབས་ནས་བསྡད་ངེས་རེད།

  9. གསེར་འབྲུག་སྡེར་ལྔ། says:
    2013-05-22 at 7:27 am

    མཁྲེགས་འཛིན་སྲིད་ཇུས་ནི་ཏང་གི་ཚེ་སྲོག་དང་འབྲེལ་བསྡད་ཡོད་པ་རེད།

  10. གནམ says:
    2013-05-22 at 7:45 am

    འདྲེ་རྒྱ་སྡུག་རྒྱ་ཚང་། དཔོན་བློ་བཟང་སེང་གེ་སོགས་མང་པོ་ཞིག་གི་རེ་བ་ཚལ་བར་བཏང་འདུག་གི་ཨ། ད་ཡིན་ན། གཉིད་ཅིག་སད་ནས་རོ་ཅིག་འཐམ་ན་མི་དགའ་འམ།

  11. ཤར་མདའ། says:
    2013-05-22 at 10:02 am

    བོད་རེ་བའི་འཕོངས།  རྒྱ་དོགས་འཕོངས་ཟེར་བ་ལྟར་རེད།   ད་དུང་གནས་ལུགས་གང་འདྲ་ཞིག་བཤད་ཡོངས་སུ་ཞིག་ཤེས།  རྗེས་སུ་ལག་ལེན་ལྟར་སྟངས་གང་འདྲ་ཞིག་རེད་གསལ་བོ་ཤེས་ངེས་རེད།

  12. ཁྱི་ཕྲུག says:
    2013-05-22 at 11:37 am

    དེང་སང་བཙན་བྱོལ་བོད་པ་ཚང་མ་ད་ཆ་ཅི་ཞིག་བྱེད་དགོས་མིན་མ་ཤེས་པར་ལུས་ནས་བསྡད་འདུག་ག

  13. ཀརྡོ་གཉེར་ཕྱག་པ་ says:
    2013-05-22 at 10:05 pm

    དང་པོ། རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་ཏུ་“གླེང་མི་ཆོག་པ་བདུན་”གྱི་བཀའ་རྒྱ་ཕབ་འདུག་ལ། དེ་དག་ནི་གཏམ་གླེང་གི་བརྗོད་གཞི་ནང་
    ༡༽འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་དང་།
    ༢༽ནུབ་ཕྱོགས་ཀྱི་གསར་འགོད་རང་དབང་གི་ལྟ་ཚུལ།
    ༣༽ སྤྱི་མང་གི་ཚོགས་སྡེ།
    ༤༽ སྤྱི་མང་གི་ཐོབ་དབང་།
    ༥༽ རྒྱ་ནག་ལོ་རྒྱུས་སྟེང་གི་ནོར་འཁྲུལ།
    ༦༽ ཉེ་དགའ་ཕྱོགས་ལྷུང་གི་འབྲེལ་བ།
    ༧༽རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཁང་སོགས་ཡིན་འདུག ་་་་་་་ཟེར།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-05-22 at 10:08 pm

    ་་་་་་ རྩོམ་ཡིག་ནང་ད་དུང་རྒྱ་ནག་དང་རྒྱ་གར། ཉི་ཧོང་སོགས་ཤར་ལྷོ་ཨེ་ཤེ་ཡ་རྒྱལ་ཁབ་ཁག་གི་མངའ་ཁོངས་ཀྱི་རྩོད་རྙོག་སྐོར་གླེང་འདུག་པ་མ་ཟད། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པའི་སྐད་ཆ་“རྒྱ་ནག་རྒྱལ་ཁབ་འདིས་ལོ་ངོ་ཉིས་བརྒྱའི་རིང་གི་ནུབ་ཕྱོགས་པའི་བཙན་དབང་འོག་བརྙས་བཅོས་དང་གཉའ་གནོན་མྱངས་པའི་ལོ་ཟླ་མཇུག་བསྒྲིལ་མཐར།
    ད་ཆ་རང་ཉིད་ཀྱི་ཐོབ་དབང་དམ་སྲུང་ཐོག དཀའ་ངལ་ཡོད་ཚད་ལ་གདོང་ལེན་བྱས་ཏེ་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་གནས་ཟིན་པར་འབད་བརྩོན་བྱེད་རྒྱུ་”ཟེར་བའི་སྐད་ཆ་ལུང་འདྲེན་གནང་འདུག ་་་་་་་ཟེར།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-05-22 at 10:15 pm

    རྒྱ་ནག་ནང་ལ་གླེང་དགོས་པ་བདུན་ནི།
    ༡༽ འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ནང་ལ་འཛུལ་དགོས་པ།
    ༢༽ ནུབ་ཕྱོགས་ཀྱི་གསར་འགོད་རང་དབང་ལ་དཔེ་ལྟ་དཔེ་ལེན་བྱེད་དགོས་པ།
    ༣༽ སྤྱི་མང་གི་ཚོགས་སྡེའི་ནང་མང་གཙོ་ཚད་ལྡན་དགོས་པ།
    ༤༽ སྤྱི་མང་གི་ཐོབ་དབང་སྲུང་རྩི་དང་རྒྱབ་སྐྱོར་དགོས་པ།
    ༥༽ རྒྱ་ནག་ལོ་རྒྱུས་སྟེང་གི་ནོར་འཁྲུལ་རྣམས་ཕྱི་གསལ་ནང་གསལ་སྟོན་དགོས་པ།
    ༦༽ ཉེ་དགའ་ཕྱོགས་ལྷུང་གི་འབྲེལ་ནས་ལྐོག་ཟ་རུལ་སུངས་བྱེད་བཞིན་དག་མེད་པར་བཟོ་དགོས་པ།
    ༧༽ རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཁང་ཚད་ལྡན་ཅིག་བཙུག་དགོས་པ་དང་བདུན་ནོ།

  16. སྙིང་རྗེ་། says:
    2013-05-23 at 1:27 am

    ༡༩༥༩-ད་བར་དུ་སྐྱོ་ལྷང་ལྷང་ངང་སྡོད་པ་རེད་་་་་ད་ཡིན་ན་བཀའ་ཁྲི་མཆོག་གི་བཀའ་དྲིན་ལ་བསྟེན་བཅས་་་་་གངས་ཅན་ཡུལ་ལ་ཕེབས་མཆོག་ཆོག་རེད་འདུག་ལགས་་་་་་་་མ་མ་དགའ་བ་ལགས་་་་་་་་

  17. སྙིང་རྗེ་། says:
    2013-05-23 at 1:29 am

    བོད་མིང་ལྔ་སྟོང་ཨ་རེ་ཡུལ་ལ་ཕེབསངེས་རེད་འདུག་་་་་་་་་བཀའ་་་་བློཟང་སེང་གེ་མཆོག་ལ་དགའ་བསུ་ཞུ་།།།།་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme