Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཤིན་ཡུལ་འགྲིམ་པའི་གྲོགས་པོ་སྒྱུ་རྩལ་བ། ཚེ་བཀྲ་ལགས།

Posted on 2016-11-262016-11-26 By ཁ་བརྡ་ 8 Comments on གཤིན་ཡུལ་འགྲིམ་པའི་གྲོགས་པོ་སྒྱུ་རྩལ་བ། ཚེ་བཀྲ་ལགས།

འདྲེ་གླེན་པ། ཨོ་གླིང་།

 
ཕ་ཡུལ་གྱི་གྲོགས་པོ་ཞིག་བརྒྱུད་ནས་ཁྱེད་རང་གཏན་དུ་ང་ཚོ་དང་ཁ་བྲལ་བ་ཐོས་རྗེས་བདག་གི་སེམས་པ་རབ་རིབ་མག་མོག་དུ་བཏང་། འུ་གཉིས་དང་ཐོག་ངོ་ཤེས་ས་དེ་རྒྱ་གར་བྱང་ཕྱོགས་ཧི་མ་ལའི་རི་རྒྱུད་རྡོ་ལ་རི་བོའི་རི་འབབས་ཀྱི་བོད་མི་སྐྱབས་བཅོལ་བ་དག་སྡོད་ཡུལ་དེ་རྡ་རམ་ས་ལའི་ཨ་མདོའི་གྲོང་གསེབ་ཏུ་གྲགས་པ་དེ་རེད།
སྐབས་ཐོག་ང་རང་སྐྱབས་བཅོལ་ཏུ་འབྱོར་ཐོག་ཡིན། ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གིས་ཁྱེད་ཚང་ལ་ནུབ་ཟས་ཟ་རུ་ཁྲིད། དགོང་མོ་དེར་འུ་གཉིས་གླུ་གཞས་ཀྱི་སྐོར་ནས་སྐད་ཆ་མང་པོ་བཤད། ཁྱེད་ཀྱིས་དབྱངས་ཀྱི་ནང་ནས་ལྷོད་པ། འཇམ་པ། དབུགས་སྣ་རིང་བ། འགུག་སྟངས་དམའ་ས་ནས་ཁྱེར་དེ་མཐོ་སར་འཇོག་པ། མཐོ་ས་ནས་སླར་ཡང་དམའ་སར་འཐེན་པ། དཔེར་ན། སྒྲོལ་མ་སྐྱབས་ཀྱི་རྩམ་པ་དང་ཡ་དུང་གི་ཨ་ཅེ་ལ་སོ་ལྟ་བུ་དག་ལ་ཧ་ཅང་གིས་དགའ་རབས་བཤད་དེ་ང་ལ་བག་ཆགས་ཟམ་མོ་བཞག ད་དུང་ང་ལ་གླུ་ཚིག་ཅིག་འབྲི་རོགས་ཟེར།

unnamedསྤྱིར་བཏང་རྡ་ས་གཡས་གཡོན་གྱི་གསར་བུ་མང་ཆེ་བར་ཆབ་སྲིད་ཀྱི་ཉག་ཉོག་མ་མུག་ལས་གཞན་བཤད་རྒྱུ་མེད་པས། ང་ལ་མཚོན་ན་རྡ་སའི་ཁོར་ཡུག་ནས་གཞོན་གཞོན་གྱི་སྣང་བ་དེ་འདྲའི་སྤྲོ་སྣང་འཕེལ་བ་ཞིག་མ་བྱུང་བས་ཁྱེད་ལ་ལྷག་ཏུ་བྱུང་ཡོད་མི་དཔེ། ལོ་ཟླ་སྐད་ཅིག་མ་དེ་དག་ལ་འགྱུར་བ་སྣ་མང་ཕྱིན་ཏེ་ཁྱེད་ཀྱིས་རང་གི་རྨི་ལམ་དང་བརྩེ་བ་ཁུར་ནས་ཕྱིར་རང་གི་ཕ་ཡུལ་ལ་ལོག ང་ཡང་ས་མཐའ་ནས་ཡང་མཐའ་རུ་སོང་སྟེ་ད་ལྟ་ཨོ་གླིང་དུ་ཡོད།

འདི་ནས་ཡར་བརྩིས་པའི་ཟླ་བ་ཁ་ཤས་ཀྱི་གོང་དུ་འུ་གཉིས་བསྐྱར་དུ་འཕྲིན་ཕྲན་ནས་འབྲེལ་བ་བྱུང་སྟེ་ཁྱེད་ཀྱིས་ང་ལ་༼ ཆེད་སྒྲིག་གླུ་གཞས་ཤིག་ལྟ་གོན་བྱེད་ཀྱི་ཡོད་རབས་བཤད ༽ ་དེ་ང་རང་ཧ་ཅང་དགའ་བོ་བྱུང་། ཡང་བསྐྱར་ང་ལ་གླུ་ཚིག་ཅིག་འབྲི་བར་བསྐུལ་བས་ངས་ཀྱང་ཅིག་འབྲི་ཁུལ་བྱས་ནས་ཁྱེད་ལ་བསྐུར་ཞིང་། ཉིན་ཤས་ཀྱིས་རྗེས་ནས་ཁྱེད་ཀྱིས་དབྱངས་ཤིག་ཀྱང་བརྩམས་ནས་ང་ལ་སྒྲ་འཇུག་བྱས་པ་ཞིག་བསྐུར་བར་ཡ་མཚན་སྙན་པོ་བྱུང་།

དགོངས་དག གྲོགས་པོ། ངས་ཁྱེད་ལ་སྙན་པོ་འདུག་རབས་བཤད་ཀྱང་ཁྱེད་ཀྱིས་༼ སྙན་པོ་ཙམ་མིན་པར་ཧ་ཅང་སྙན་བསམ་གྱི་འདུག་༽ ཅེས་ང་ལ་ཀུ་རེའི་ཚུལ་གྱིས་བཤད་སོང་། དྲང་པོ་བཤད་ན་དངོས་གནས་ཧ་ཅང་སྙན་པོ་འདུག་མོད་ངས་ཁྱེད་ལ་དེ་ལྟར་བཤད་རྒྱུ་མ་བྱུང་།

གཤམ་ནས་འུ་གཉིས་ཀྱིས་གླུ་གཞས་འདི་མཉམ་ལེན་བྱ།

ཁྱེད་ཀྱིས་ང་ལ་རང་བྱུང་གི་སྒྲ་དང་འདྲེས་པའི་གླུ་ཞིག་ལེན་རྒྱུ་ཡིན་ཟེར་གི ད་དུང་ཕ་ཡུལ་གྱི་སྣོད་བཅུད་ལ་འདྲེས་པ་ཞིག་ལེན་གྱི་ཡིན་ཟེར། ངོ་མ་སྐབས་ཐོག་འདིར་ཁྱེད་རང་རེ་བ་དང་རྨི་ལམ་གྱིས་གང་འདུག

གྲོགས་པོ།
ཁྱེད་རང་འགྲོ་ཁར་ང་ཚོར་གླུ་སྐད་ཙམ་ཡང་འཇོག་མ་ཐུབ་པ་དེ་ངས་ཁྱེད་ཀྱིས་རླུང་རྟ་རྒུད་པ་རེད་བསམ་གྱི་མི་འདུག བོད་ཀྱི་སྒྱུ་རྩལ་གྱི་བསོད་ནམས་ཟད་པ་རེད་དྲན་གྱི་འདུག
གང་ལྟར། ད་ནི་ཞེན་ཆགས་མེད་པར་བདེ་བར་ཕེབས་དང་།

ས་སྐྱ་པཎྜིས།
རིག་པ་ནངས་པར་འཆི་ཡང་བསླབ།།
ཚེ་འདིར་མཁས་པར་མ་གྱུར་ཀྱང་།།
སྐྱེ་བ་ཕྱི་མར་བཅོལ་བ་ཡི།།
ནོར་ལ་རང་ཉིད་ལེན་དང་མཚུངས། །གསུངས་བ་ལྟར། ཕ་ཡུལ་གྱི་ལུག་ཁྱུ་དང་རྩྭ་ཐང་། རི་བོ་དང་ཆུ་ཕྲན ། གངས་རི་དང་རྫ་རི་དག་གིས་ཁྱེད་ཀྱི་བརྩེ་བ་དང་གླུ་སྐད་རྒྱ་མཚོའི་གཏིང་དུ་ཉར་ཡོད།
གལ་སྲིད་སྐྱེས་མ་རྗེས་མ་ཞིག་ཡོད་ཚེ། ཕ་ཡུལ་སྔར་བཞིན་ཁྱེད་ཀྱི་སྙིང་དུ་སྡུག་པ་དེ་ཡིན།

27/11/2016 ཉིན།

དྲན་ཐོ།

Post navigation

Previous Post: བོད་རྒྱའི་གནད་དོན། རྩོམ་ཡིག་གཤག་བཅོས། མགོ་གཉིས་མ་དང་མང་གཙོའི་ཁྲིམས་སྲིད།
Next Post: དང་པོར་འཚོ་ཐབས་སྟོན། དེ་ནས་བཅོས་སྒྱུར་བྱོས།

Comments (8) on “གཤིན་ཡུལ་འགྲིམ་པའི་གྲོགས་པོ་སྒྱུ་རྩལ་བ། ཚེ་བཀྲ་ལགས།”

  1. ཀརྡོ་རབ་འབྱམས་པ་ says:
    2016-11-27 at 1:22 am

    གལ་སྲིད་སྐྱེས་མ་རྗེས་མ་ཞིག་ཡོད་ཚེ
    འདི།
    གལ་སྲིད་སྐྱེས་བ་རྗེས་མ་ཞིག་ཡོད་ཚེ

  2. རང་བྱུང་རིག་པའི་རྡོ་རྗེ says:
    2016-11-27 at 2:14 am

    ཀརྡོ་ལགས་མི་ཤེས་ན་གཞན་རྩོམ་ལ་བཟོ་བཅོས་མ་བྱེད། གལ་སྲིད་སྐྱེ་བ་རྗེས་མ་ཞིག་ཡོད་ཚེ། །

  3. ཀརྡོ་རབ་འབྱམས་པ་ says:
    2016-11-27 at 2:56 am

    གལ་སྲིད་སྐྱེས་མ་རྗེས་མ་ཞིག་ཡོད་ཚེ
    འདི།
    གལ་སྲིད་སྐྱེས་བ་རྗེས་མ་ཞིག་ཡོད་ཚེ
    ་
    འདི་གཉིས་ལས་གང་རེ་དག་པ་རེད། ལགས། གཞན་བྱུང་ལགས།

  4. འདྲེ་གླེན་པ། says:
    2016-11-27 at 3:31 am

    དགོངས་དག རྩོམ་ཡིག་འདི་ཚོར་བ་དྲག་ཏུ་གདུ་སྐབས་ཤར་མར་བྲིས་ཏེ་བསྐྱར་བཅོས་སོགས་གང་ཡང་མེད་པར་དྲྭ་སྟེང་དུ་བཀོལ་བ་ཡིན ། སྐྱེ་བ་རྗེས་མ་རེད །

  5. རང་བྱུང་རིག་པའི་རྡོ་རྗེ says:
    2016-11-27 at 4:01 pm

    འདྲེ་གླེན་པར་སྐྱོན་ཞིག་མ་རྒྱབ་རང་རྒྱབ་ཆགས་སོང་། རྩོམ་ཡིག་འདི་ཚོར་བ་དྲག་ཏུ་གདུ་ཞེས་པ་ཅི་རེད། གཞན་ཡང་དྲྭ་སྟེང་དུ་བཀོལ་བ་ཡིན། བཀོད་པ་ཡིན་ཞེས་འབྲིེ་དགོས། དེ་ཙམ་ཡིན། དགོངས་འགལ་མེད་པར་ཞུ། །

  6. རང་བྱུང་རིག་པའི་རྡོ་རྗེ says:
    2016-11-27 at 4:02 pm

    ཀརྡོ་ལགས། མཆན་གསུམ་པ། གཉིས་ཀ་ནོར་བ་རེད། །

  7. ཀརྡོ་རབ་འབྱམས་པ་ says:
    2016-11-28 at 1:02 am

    ལགས་སོ། ལགས།་སོ། ལགས་སོ།།

  8. འདྲེ་གླེན་པ། says:
    2016-11-28 at 5:54 am

    རང་བྱུང་ལགས །

    བདེན་གི ཡང་ཡིག་ནོར་ཤིག་ཤོར་འདུག བཀོད་པ་རེད །

    དེ་མིན་ཚིག་གི་ནང་དོན་མི་གོ་བ་སོགས་ཚིག་མཛོད་ལ་བལྟ་རོགས །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme