Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གལ་ཆེའི་འབོད་སྐུལ།

Posted on 2011-06-16 By དབང་ཕྱུག་ 7 Comments on གལ་ཆེའི་འབོད་སྐུལ།

༄༅ ། ། མཁྱེན་ཡངས་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དབུས་གཙང་སེར་སྐྱ་མི་མང་གི་སྙན་ལམ་དུ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་བསྕལ་བཀྲིན་བསྐྱངས་བ་དང་ཐུགས་རེ་བཞིན་སྔར་ངས་འཇོན་གྱི་མ་རེད་དང་། ཐུབ་ཀྱི་མ་རེད་། ང་ལས་ཁྱོད་འཇོན། ཁྱོད་ཀྱིས་བྱེད་རོགས་ཟེར་བའི་དུས་ལས་ལྡོག་སྟེ་དེང་ང་ཡིན་ཟེར་བཞིན། སོ་སོ་དང་རང་གི་འདོད་ཕྱོགས་ལ་འོས་ཐོབ་ཐབས་སུ་ཁྱབ་བསྒྲགས་ཚ་ཚ་འུར་འུར་བྱེད་པ་ནི་མང་གཙོ་ཚད་ལྡན་གྱི་འགྲོ་ལུགས་མདུན་བསྐྱོད་ངོམ་ཆོག་པ་ཞིག་ཆགས་ཡོད།
དེ་ལྟའི་སླེབས་ལ་ཉེ་བའི་ལས་རིམ་ནང་ཕྲན་ལ་རྒྱབ་སྐྱོར་གནང་མཁན་རྣམས་པས་རང་གི་རྩ་ཆེའི་འོས་དེ་རྒྱལ་གཅེས་ལྷག་བསམ་ལྡན་ཞིང་དྲང་བདེན་དང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ལ་གནང་སྐྱོང་ཡོང་བར་ཞུ། རྒྱུ་མཚན་ནི་གཤམ་གསལ་ལྟར།

༡ སྤྱི་པའི་ལས་དོན་གང་འདྲ་ཞིག་ལའང་རྒྱབ་གཤིགས་བྱ་རྒྱུ་མིན་པའི་རང་གི་དམ་བཅའ་ཞིག་ཡོད་པ་དེ་ལྟར་བསྲུང་བརྩི་ཞུས་ཏེ་སྔོན་དགོངས་ཞུ་མ་བྱས་པ་ལས་སྐབས་ ༡༥ སྤྱི་འཐུས་ཐོབ་དགོས་རྒྱུའི་དམིགས་ཡུལ་ངེས་ཅན་བཟུང་མེད་པ་ཟུར་བལྟས་ལེབ་མཐོང་ཡིན། དཔེར་ན། གུས་མོའི་ལོ་རྒྱུས་ཀྱི་ཤོག་བུ་བརྒྱ་ཆ་ ༩༥ རྡ་སར་བཀྲམ་པ་དང་སྙིང་སྟོབས་གླིང་གི་ལོ་རྒྱུས་ཀྱི་མཇུག་གཏམ་ནང་ཡང་ཕྲན་ལ་ལོ་ངོ་ ༣༡ རིང་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་གནང་བར་བཀྲིན་བླ་མེད་ཆེ་ཞུས་ཡོད་པ་ལས་སྔོན་བཞིན་རྒྱབ་སྐྱོར་གནང་རོགས་ཞུས་མེད་པས་གསལ་པོར་མཁྱེན་ངེས།
༢ སྤྱིར་འོས་ཐོབ་ཆེད་མི་མང་ནང་ངོ་ཤེས་ཡོང་ཐབས་སུ་ས་གནས་ས་ཐོག་ཏུ་ཟབ་སྦྱོང་སོགས་ཕར་སྤྲོད་ཚུར་ལེན་བྱ་རྒྱུ་དང་། རླུང་འཕྲིན་ལ་སོགས་པའི་གོ་སྐབས་ལེན་རྒྱུ་གལ་ཆེན་ཡིན་ཡང་། ཉེ་བའི་ལོ་ཤས་ནང་དེ་ལྟར་འབད་བརྩོན་ཞུས་མེད།
༣ ཉེ་སྔོན་དབུས་གཙང་ཆོལ་ཁའི་འོས་གཞིའི་ནང་ཕྲན་གྱི་ཕ་ཡུལ་གཞན་ཞིག་བཀོད་ཡོད་པར་བརྟེན། མང་པོ་ཞིག་ནས་མི་གཞན་ཞིག་ཡིན་པར་སྙམ་ནས་འོས་མ་བླུགས་པ་དང་། འགའ་རེས་ཕྲན་ཡིན་ཤག་གིས་འོས་བླུགས་ཀྱང་བགྲང་བཤེར་སྐབས་དེས་རྐྱེན་འོས་ཤོག་རྩིས་མེད་མང་པོ་ཕྱིན་པར་ཤེས་གསལ་ཡང་དེ་སྐོར་གྱི་རྙོག་གླེང་སྤུ་ཙམ་ཡང་བསླངས་མེད།
༤ ཉེ་སྔོན་གུས་མོའི་ངོ་སྤྲོད་ཀྱི་ཤོག་བུ་སྦྱར་བ་ནི་གུས་མོར་རྒྱབ་སྐྱོར་གནང་མཁན་གྱི་མི་སྐོར་ཞིག་གིས་རེ་སྐུལ་ལྟར་བྱས་པ་ཡིན། ཕྱོགས་གཞན་ཞིག་ནས་རང་གི་ལོ་རྒྱུས་མི་མང་གིས་མཁྱེན་རྟོགས་བཟོ་དགོས་པའི་གོ་སྐབས་ཀྱང་བཟུང་བ་ཡིན།
༥ སྤྱི་འཐུས་སྐབས་ ༡༤ པའི་ལས་རིམ་ཞིག་དང་འབྲེལ། མི་མང་གིས་སྤྱི་འཐུས་རྙིང་པ་བདམ་རྒྱུ་མིན་པའི་བསམ་ཚུལ་ཤུགས་ཆེན་ཡོད་པས། ཕྲན་རང་སྐབས་ ༡༥ པའི་དབུས་གཙང་སྤྱི་འཐུས་ནང་ལངས་མཁན་གྱི་ནང་ནས་སྐབས་ ༡༢ དང་ ༡༣ ། ༡༤ བཅས་ཀྱི་དུས་ཡུན་རིང་ཤོས་དང་རྙིང་ཤོས་ཡིན་པར་སོང་ཐེངས་འདིའི་འོས་ཐོབ་ཀྱི་དམིགས་ཡུལ་བཟུང་མེད།
༦ སྔར་འོས་བསྡུ་སྐབས་གུས་མོར་འོས་གྲངས་མང་ཤོས་བལ་ཡུལ་ནས་ཡོང་གི་ཡོད་ཀྱང་སྐབས ༡༥ ས་གནས་དེར་འོས་བསྡུ་བྱ་ཐུབ་མེད།
གོང་གི་རྒྱུ་རྐྱེན་མང་དག་ལ་མ་བལྟས་པར་འོས་གྲངས་ཀྱི་གྲལ་རིམ་ནང་ཨང་ ༡༢ དང་ ༡༣ ཐོབ་པ་ནི་བསམ་ཡུལ་ལས་འདས་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་།
འདས་པའི་སྤྱི་འཐུས་སྐབས་གསུམ་གྱི་ནང་མུ་འཐུད་འོས་གྲངས་ཁྲི་བརྒལ་ཏེ་རྒྱལ་ཁ་ཐོབ་པ་ནི་ཕྲན་ལ་རྒྱབ་སྐྱོར་གནང་མཁན་ལྷན་རྒྱས་ཀྱི་རྒྱལ་ཁ་ཡིན་པ་སྨོས་ཅི་དགོས། དེར་བརྟེན། གུས་མོར་ལོ་མང་གི་ཉམས་མྱོང་དང་བློ་སྟོབས་སྤྱིན་མཁན་དེ་ལྷན་རྒྱས་ཡིན་ལ། དེའི་ནུས་སྟོབས་ཀྱང་ཕྱིར་མི་མང་དང་བོད་སྤྱི་བའི་ལས་དོན་ལ་རང་སྲོག་ཕྲ་མོ་མ་ཆད་བར་དུ་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
ད་ལྟའི་འོས་འགྲན་གྱི་ལས་རིམ་འཕར་མའི་ནང་འདུག་རྒྱུ་མིན་པ་གོང་གི་རྒྱུ་མཚན་ཁག་གི་གཙོས་ ༢༠༡༡ ཟླ ༦ ནས་སྙིང་སྟོབས་གླིང་གི་ལས་འཆར་མང་པོ་ཞིག་རོགས་དངུལ་དུས་བཅད་ཡོད་པ་ནར་འགྱངས་མི་འགྲོ་ཆེད་དང་། ལྷག་པར་སྐབས་འདིའི་འོས་གྲངས་ཁ་འཐོར་དུ་མི་འགྲོ་བའི་རྨོངས་ཚུལ་ཞིག་ཀྱང་ཡིན་པས་དེ་དོན་དགོངས་འཇགས་ཡོང་བར་ཞུ།
གལ་སྲིད་སྤྱི་འཐུས་ཀྱི་རྐུབ་སྟེགས་མེད་རྐྱེན་གྱིས་རྒྱལ་སྤྱིའི་ནང་བོད་དོན་བདེན་མཐའ་གསལ་ཐབས་དང་སྤྱི་བའི་ལས་དོན་ལ་ནུས་པ་ཆུང་བ་ཡོད་པ་རང་སེམས་ནང་ངོ་ར་འཕྲོད་ཚེ་རྗེས་མའི་འོས་བསྡུ་ནང་ཞུགས་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།
ལྷན་རྒྱས་ནས་ཕྲན་ལ་རྒྱབ་སྐྱོར་གནང་པར་བརྟེན་ཉམས་མྱོང་དང་འགན་འཁུར་བའི་མི་སྣའི་གྲས་སུ་ཚུད་ཡོད་པར་སོང་། མ་འོངས་པར་བོད་སྤྱི་བའི་གནད་འགག་ཆེན་པོའི་ལས་དོན་ལ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་པས་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཐུགས་བདེ་བོ་གནང་རོགས་ཞུ་ཞུ།

བོད་རྒྱལ་ལོ། བཀྲ་ཤིས་བདེ་ལེགས།
༢༠༡༡ ༦ ༡༦ ཉིན། སྤྱི་འཐུས་སྐབས ༡༢ དང་ ༡༣ ། ༡༤ བཅས་ཀྱི་སྤྱི་འཐུས་ངག་དབང་ལྷ་མོ་ནས།
གུས་འདུད་དང་བཅས་ཕུལ།

གསལ་བསྒྲགས།

Post navigation

Previous Post: གཞོན་རབས་ཚོ།
Next Post: ཕྱི་ ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ཉིན་འབྱོར་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག

Comments (7) on “གལ་ཆེའི་འབོད་སྐུལ།”

  1. loemosilsil says:
    2011-06-16 at 5:57 pm

    xxxxxxxxxxxxxxxxxx

  2. ཁྱུང་དཀར says:
    2011-06-16 at 7:37 pm

    སྤྱི་ཟུར་ངག་དབང་ལྷ་མོ་ལགས། སྐུ་མཁྱེན། འཚང་ཁ་མ་རྒྱག་རོགས་གནང་། སྤྱི་དོན་ཆེད་བྱས་རྗེས་དང་འགན་ཁུར་དང་ལེན་མང་ཙམ་བྱས་ཡོད་ན་འདི་འདྲའི་སྐད་ངན་རྒྱག་དགོས་ཀི་མ་རེད། དབུས་གཙང་མི་དམངས་ཀྱིས་ཁྱེད་ལ་འོས་བླུག་གི་རེད། ཡིན་ནའང་། ད་ནི་སྤྱི་འཐུས་གསར་བའི་འཇོན་ནུས་ལ་བལྟ་བའི་དུས་ཚོད་ཅིག་ཀྱང་ཡིན་པས་ཁྱེད་རང་གི་ངལ་གསོ་ཏོག་ཙམ་བརྒྱབ་རོགས་གནང་ཟེར་ཡ་ཡིན།

  3. རྨ་ཆུ་སྐལ་བཟང་། says:
    2011-06-17 at 4:40 am

    གོང་གི་དྲ་གྲོགས་ལགས་སྐད་ཆ་དྲྲང་མོ་བཤད་རོགས།སྤྱིར་གོ་ཚོད་ལ་སྤྱི་ཟུར་ངག་དབང་ལྷ་མོ་ལགས་སྤྱི་མཐའི་ལས་རྒྱུན་རང་མི་ཤེས་མཇོན་ཅན་ཞིག་ལ་ཚང་མའི་ངོས་འཛིན་ཡོད་རེད་།
    ད་ཐང་ཡང་མོ་རང་འོས་ཁོང་ནས་ཕྱིར་འཐེན་གྱི་གསལ་སྤྲག་རེད་དེ་ལ་སྐྱོན་བརྗོད་དང་ཟུར་ཟ་འདྲ་ཅང་འེ་དགོས་ན།

  4. རྨ་ཆུ་སྐལ་བཟང་། says:
    2011-06-17 at 4:43 am

    ནོར་བཅོས༼༡་དྲང་མོ་༢ད་ཐེང་༣་བསྒྲགས༽

  5. ཚེ་བསམ་ says:
    2011-06-17 at 6:42 am

    དབུ་གཙང་མི་དམང་རྣམ་ལ་ཆེད་ཞུ་སྐུ་ཉིད་ཀྱི་འོས་དེ་རྒྱལ་གཅེས་ལྷག་བསམ་ལྡན་ཞིང་དྲང་བདེན་དང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ལ་འོས་བླུག་གནང་ཀརྨ་མ་ཆོས་འཕེལ་ལྟ་བུའི་འོས་མི་རྣམ་ལ་འོས་མ་བླུག་རོག་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

  6. ཚེ་བསམ་ says:
    2011-06-17 at 6:43 am

    དབུ་གཙང་མི་དམང་རྣམ་ལ་ཆེད་ཞུ་སྐུ་ཉིད་ཀྱི་འོས་དེ་རྒྱལ་གཅེས་ལྷག་བསམ་ལྡན་ཞིང་དྲང་བདེན་དང་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ལ་འོས་བླུག་རོག་གནང་ཀརྨ་མ་ཆོས་འཕེལ་ལྟ་བུའི་འོས་མི་རྣམ་ལ་འོས་མ་བླུག་རོག་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

  7. བཟང་པོ། says:
    2011-06-17 at 8:03 am

    དེ་ཐེངས་འོས་གྲངས་འཕར་མའི་ནང་སྤྱི་འཐུས་འོས་ཤོས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཡིན་པ་འདྲ།
    སྐལ་བཟང་ཕུན་ཚོགས་ཀྱི་སྐད་འབོད་གཅིག་གི་བོད་ས་ཡོངས་སུ་འགུལ་ཐུབ་པའི་ནུས་པ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme