Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གལ་ཆེའི་གསལ་བསྒྲགས།

Posted on 2013-01-212013-01-21 By ཁ་བརྡ་ 17 Comments on གལ་ཆེའི་གསལ་བསྒྲགས།

གནས་ཚུལ་མཁོ་འདོན་པ། རྫ་ཚེ་རིང་བཀྲ་ཤིས།

མཉམ་མེད་ཤཱཀྱ་སེང་གེའི་བསྟན་པའི་སྙིང་པོ་ཡོངས་ཁྱབ་ཏུ་ངོ་སྤྲོད་བྱ་བའི་ཕྱིར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལས་འཆར་བཞིན་སྤྱི་ལོ་༢༠༡༣ཟླ་༣ཚེས་༡༥ཉིན་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་གསུམ་པ་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད། ཚོགས་ཞུགས་པ་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་གྱི་ཚོགས་ཞུགས་དགེ་འདུན་པ་རྣམས་གཙོ་བྱས་པའི་ཐའེ་བཞུགས་བླ་གྲྭ་གང་མང་ཕེབས་གནང་ཐུབ་པའི་རེ་བ་ཞུ།
ལས་རིམ་ནི། སྔ་དྲོ་ཆུ་ཚོད་༩ནས་འཚོགས་འདུ་དངོས་སུ་དབུ་འཛུགས་རྒྱུ། དང་པོ་དཀོན་མཆོག་རྗེས་དྲན་སྔོན་དུ་སོང་བའི་སྒོ་ནས་འཚོགས་འདུའི་འགོ་འཛིན་པས་ལས་རིམ་ངོ་སྤྲོད་གནང་རྒྱུ། དེ་ནས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བོད་བརྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཡི་ལྟ་སྒོམ་སྤྱོད་གསུམ་སྐོར་ཞལ་ཚབ་མི་སྣ་ལྔས་ངོ་སྤྲོད་གནང་རྒྱུ། ངོ་སྤྲོད་གནང་ཡུན་ཆུ་ཚོད་སྐར་མ་༣༠རེ་ཡིན། ངོ་སྤྲོད་འདི་དག་དྲ་རྒྱའི་བརྙན་འཕྲིན་དང་ཟེར་སྡེར་སོགས་ཀྱི་རྒྱུ་ཆ་ཉིད་དུ་འགྲོ་བའི་ཕྱིར་ན་ངོ་སྤྲོད་གནང་མཁན་རྣམ་པས་ཕྱི་ཟླ་༢ཚེས་༡ཚུན་ལ་བརྗོད་གཞི་རགས་བསྡུས་ཤིག་དང་རང་ཉིད་ཀྱི་སྐུ་པར་རེ་གཤམ་གསལ་གྱི་ཡིག་ཟམ་དུ་བསྐུར་གནང་ཞུ་རྒྱུ། ཕྱི་དྲོ་ཆུ་ཚོད་༢ནས་ཆུ་ཚོད་༤བར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཡུལ་ཐེ་ཝན་དུ་བཞུགས་པའི་ཆོས་ཀྱི་མཆེད་པོ་རྣམས་ལ་བཏོན་པའི་གྲོས་གཞི་དོན་ཚན་བཞི་ཅན་གྱི་སྟེང་ནས་བགྲོ་གླེང་གནང་རྒྱུ།

གྲོས་གཞི་བཞི་ནི།
༡༽ བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར་རང་ཅག་གིས་ཡུལ་གཞན་དུ་ཆོས་སྤེལ་སྐབས་ས་ཆ་དེ་ག་ནས་དབང་བསྐུར་བ་སོགས་ཀྱིས་ནོར་བསྒྲུབས་ནས་ཕ་ཡུལ་ལམ་གནས་གཞན་དུ་ཁྱེར་ཏེ་དཀོན་མཆོག་ལ་མཆོད་འབུལ་སོགས་བྱེད་པ་ལས་ས་ཆ་དེ་གའི་མི་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཚུལ་གྱི་བསླབ་སྟོན་གནང་བ་ཇི་ལྟར་གཙིགས་སུ་འཛིན་རྒྱུ།
༢༽ དམ་པའི་ཆོས་སྤེལ་བའི་སྙིང་གནད་ནི་ཆོས་ཀྱི་དོན་གོ་བརྡ་སྤྲོད་པ་འདི་རང་ཡིན་མོད་རང་ཅག་གིས་ཆོས་ཀྱི་མཛད་སྒོའི་ཐད་ལ་དབང་བསྐུར་བ་དང་སྦྱིན་སྲེག་དང་ཚོགས་འཁོར་དང་རིམ་གྲོ་སོགས་གཙོ་བོ་བྱེད་པ་ལས་འཆད་ཉན་ལ་གཙོ་བོར་མཛད་པ་ཤིན་ཏུ་ཉུང་བ་མངོན་གསལ་ཡིན་པས་དེའི་ཐད་ལ་བསྒྱུར་བཅོས་ཇི་ལྟར་བྱེད་རྒྱུ།
༣༽ ས་གནས་དེ་གའི་སྤྱི་ཕན་གྱི་བྱ་བའི་ནང་དུ་ཞུགས་པ་ནི་སྤྱིར་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་ཞིང་། ཁྱད་པར་དུ་དུས་རབས་འདིར་གལ་ཆེ་བའི་བྱ་བ་ཞིག་ཡིན་ན་ཡང་རང་ཅག་གིས་དེ་གཙིགས་སུ་བཟུང་མི་འདུག་པས་ཞན་ཆ་དང་མ་འདང་བའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ།
༤༽ ཤ་བཟའ་བ་སོགས་ཡུལ་དེའི་མི་རྣམས་ཀྱིས་ཆེས་སྐྱོན་ཅན་དུ་བརྩི་བའི་བྱ་བ་འགའ་རེ་ལ་འཛེམ་མ་ནུས་པ་སོགས་ཀྱི་དབང་གིས་འགྲོ་དོན་དང་འཕྲིན་ལས་ལ་བར་ཆད་དམ་བཀག་འགོག་མང་པོ་བྱུང་དང་འབྱུང་བཞིན་པར་ཇི་ལྟར་ཡོ་བཅོས་བྱེད་རྒྱུ་བཅས་སོ།
ཆུ་ཚོད་༤ནས་༤་༣༠བར་ལས་རིམ་མཇུག་བསྡུ་བ་དང་བོད་བརྒྱུད་ཐུབ་བསྟན་རིས་མེད་ཀྱི་བསྟན་རྒྱས་སྨོན་ལམ་དང་རྗེས་དྲན་གྱི་པར་བརྙན་མཉམ་ལེན་བཅས་མཇུག་གྲོལ་རྒྱུ་བཅས་སོ།།

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་༢༠༡༢ཟླ་༡༢ཚེས༣༠ཉིན་གུས་ཕུལ།
འཚོགས་གནས། 亞都麗緻大飯店104臺北市民權東路2段41號2樓 Tel:(886-2)2597-1234
ཡིག་ཟམ། gar.thupnor610@gmail.com
中華民國國際藏傳佛教研究會 email: itbsi@buddhajnana.org
電話: 02-86650949傳真: 02-29117925

གསལ་བསྒྲགས།

Post navigation

Previous Post: གྲྭ་པ་བཞི་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ།
Next Post: ཝ་ར་ན་སིར་གསར་འགོད་ལྷན་ཚོགས་སྐོང་།

Comments (17) on “གལ་ཆེའི་གསལ་བསྒྲགས།”

  1. རྒད་པོ། says:
    2013-01-21 at 1:32 pm

    འདི་འདྲ་བའི་ཚོགས་འདུ་ནི་ཤིན་དུ་ནས་ལེགས་སོ། ངོ་མ་བསྟན་པ་དང་འགྲོ་བ་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་གོ 

    ལྷག་པར་དུ། ཁྱེད་རྣམ་པས་བོད་རྒྱུད་ནང་པའི་ཚོགས་པའི་མིང་ཐོག་ནས་མི་དམངས་ལ་སྲི་ཞུ་སྒྲུབ་པའི་བྱ་བ་རེ་གཉིས་འགྲོ་གླེན་བྱས་ན་ཤིན་དུ་ནས་ལེགས་སོ། དཔེར་ན། བོད་སྨན་སྦྱིན་པ་གཏོང་བ་ལྟ་བུ།

  2. མེ་ཏོག་དཀར་པོ says:
    2013-01-21 at 7:50 pm

    སྤྱིར་ལེགས་སོ།། ༼བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར༽ དེ་འདྲ་རང་ད་ཨ་ཡིན། ད་དུང་ཆོས་སྤེལ་རིང་ལུགས་འདི་ཨེ་ཤུ་ཚོས་བྱེད་གིན་འདུག་ག

  3. རིན་ཆེན་དར་རྒྱས། says:
    2013-01-21 at 8:11 pm

    རྗེ་བདག་ཉིད་ཆེན་པོས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། ། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་གསུངས་སོ།

  4. མངའ་རིས་ཕྲིན་ལས། says:
    2013-01-21 at 10:16 pm

    ༼ལས་རིམ་ནི། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བོད་བརྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཡི་ལྟ་སྒོམ་སྤྱོད་གསུམ་སྐོར་ཞལ་ཚབ་མི་སྣ་ལྔས་ངོ་སྤྲོད་གནང་རྒྱུ། ༽ཆོས་བརྒྱུད་ཆེན་པོ་ལྔ་ཞེས་གསུང་འདུག་པས་ཡི་རངས་དང་བསྔགས་བརྗོད་ཡོད། ཚོགས་ཆུང་གི་ཚོགས་མི་རྣམ་པ་ཚང་མ་ལ་མཚམས་འདྲི་དང་འབྲེལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དངོས་པོའི་གནས་ཚུལ་དང་སྒོ་བསྟུན་ནས་ཆོས་བརྒྱུད་ནང་ཕན་ཚུན་ལ་གུས་བཀུར་དང་མཐུན་འབྲེལ་གནང་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེ་རེད། དེ་མིན་ཆེ་བའི་ཆུང་བ་ཐུབ་ཚོད་དང་ཁྱད་སོད་སོགས་ཆོས་ལྟ་ཅི་འཇིག་རྟེན་ལའང་མི་མཐུན་པའི་མཛད་སྤྱོད་དང་བཀའ་མོལ་ནི་ངོ་ཚ་དགོས་ཡ་རེད།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-21 at 11:00 pm

    དམ་པའི་ཆོས་སྤེལ་བར་ཐབས་བཟང་པོ་སྒྲིག་པ་ལེགས་སོ། ཞར་དུ། ༼མ་འདང་བའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ།༽ ཞེས་པར་་མ་ལྡངས་པའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ། ཞེས་འབྲི་ན བོད་ཀྱི་ཆོས་སྐད་གླེགས་བམ་རྣམས་དང་། དེ་དག་གི་མིང་ཚིག་རང་ཅག་ཕྱིས་ཀྱི་བོད་སྐད་འབྲི་བ་པོ་དག་གི་ཉམས་ལེན་ཕྱིར་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་གྱི་དགོས་པ་ཡང་སྒྲུབ། ཁྱེད་རྣམས་ཆོས་གསུང་བ་ལ་མཁས་པ་ཙམ་མ་ཡིན་པར་བོད་ཀྱིས་ཆོས་སྐད་ལ་མཁས་པས། བོད་ཀྱི་སྤྱི་སྐད་སྲུང་བའི་ཕྱིར་དུ་དེ་ལྟར་བྲིས་པ་ལགས་སོ

  6. ལྷོ་ཕྱོགས་རྒྱ་མཚོ། says:
    2013-01-21 at 11:45 pm

    ལ་དྭགས་བློ་བཟང་ལགས། གུས་པས་གོ་ཐོས་ལ་ལ་དྭགས་ཀྱི་རིན་པོ་ཆེ་ཞིག་གིས་ལ་དྭགས་རང་གི་ཕལ་སྐད་གཞིར་བཞག་གིས་དེབ་སོགས་བརྩམས་ཏེ། བོད་ཀྱི་བརྡ་སྤྲོད་ལ་གཏོར་གཤིགས་ཚབ་ཆེན་བྱེད་ཀྱིན་ཡོད་སྐད། དེ་བདེན་ནམ། བདེན་ན་དེའི་སྐོར་ལ་དགོངས་ཚུལ་ག་རེ་ཡོད་ལགས། ཁྱེད་ནི་བརྡ་དག་ལ་ཤིན་ཏུ་གཅེས་སྤྲས་གནང་མཁན་ཞིག་ཡིན་ཁུལ་པས་ཕྱིར་ཞུས་པ་ཡིན།

  7. གནམ says:
    2013-01-22 at 12:44 am

    ཐོན་མིས་སྐད་དང་མཐུན་པའི་ཡི་གེ་ཞིག་བཟོས་བ་རེད།
    ལ་དྭགས་པས་ལ་དྭགས་སྐད་དང་མཐུན་པའི་ཡི་གེ་ཞིག་བཟོས་ན།
    གཏོར་རླག་ཞིག་དུ་འགྲོ་འི་ཨེ་ཡོད་ན།

    ཡར་གི་ལྷ་ཅབས་ན་མེད་ནི།
    མར་གི་འདྲེ་ཅབས་ན་མེད་ནིའི།
    སྐད་ཡིག་ར་མ་ལུག་ཞིག་གིས་མྱི་ཚེ་ཆོད་དམ།
    དུས་རབས་འདི་ལ། ཁ་ལག་གཉིས་ཀ་མཚུངས་ནི་ཞིག་དགོས་འི་ཡ།
    དེ་མིན་ཀླད་ལག་གཉིས་ཀ་མཐུན་པ་ཙམ་གྱིས་གོ་བརྡ་ཞིག་འཕྲོད་རྒྱུ་མ་རེད། ཡུལ་སྐད་བཤད་ནས། བྲིས་ནས། སྐྱོང་ནས། སྐྱེད་ནས། སྔོན་མ་ཚོའི་རྗེས་དེད་ནས། བརྡ་རྙིང་བ་བཤད་ནས་འགྱོ་ཡ། སྒྲ་འགྱུར་བ་བཅོས་ནས་འགྲོ་ཡ། གྲོགས་པོ་ཚོ།

  8. གདོང་དམར་བ་ says:
    2013-01-22 at 3:17 am

    རིས་མེད་ཀྱི་ཚོགས་འདུ་ཞིག་འཚོགས་རྒྱུ་དེ་གལ་ཆེ་མོད། བགྲོ་གླེང་ནང་དུ་སྤྱི་ཁྱབ་མེད་པའི་ཡིག་འཛར་དེ་འདྲ་འཇོག་ན་མ་འོངས་པ་ཕན་རླབས་ཡོད་མེད་དཔྱད་པར་གལ།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-22 at 7:23 am

    ལྷོ་ཕྱོགས་རྒྱ་མཚོ་ལེགས།
    རྒྱང་རིང་ལ་གཟིགས་རྟོག་ཡོད་པ་ལ་དྭགས་པ་གྲྭ་པ་དང་། མི་སྐྱ་མང་པོས་བོད་ཀྱི་ཆོས་སྐད་མེད་པར་འགྲོ་བ་འདུག་བསམས་ནས། སྐྱོན་བརྗོད་ཀྱིས་ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་མེད་པར་ཆགས། ལ་དྭགས་ལུང་པ་ཆུང་ཆུང་ཞིག་བོད་ཡིག་ཤེས་མཁན་དང་བཀོལ་མཁན་ཆེས་ཉུང་ཉུང་ཡིན། བོད་ཡུལ་གྱི་མི་མངས་ལ་ལུང་པ་སོ་སོའི་ཁ་སྐད་རྣམས་ཆོས་སྐད་དམ། བོད་སྤྱིའི་མེད་པར་བཟོ་བའི་བསམ་བློ་མ་འབྱུང་ན། ལུང་པ་ཆུ་ཡིས་གང་ན། རྡོ་ལེབ་སྐམ་པོ་ག་ན་ལུས། ཞེས་པའི་དཔེ་ལྟར་ཡིན་འདུག ལ་དྭགས་སོགས་ལུང་པ་གང་ན་བོད་སྤྱིའི་སྐད་ལ་གནོད་པ་བྱེད་མཁན་ཡོད་ན། དེ་ལྟར་མ་བྱེད་ལབ་ཆོག་མ་ཡིན་ནམ།
    ཞེས་དང་།
    རིགས་པར་་སྨྲ་བ་གནམ་གྱི་མཆན་ཡིག་དེ་ངས་ཕྱེད་གོ ཕྱེད་མི་གོ་བ། དངོས་གནས་ར་མ་ལུག་འདྲེས་ན་འདུག ཁྱེད་གཟུ་བོར་གནས་པའི་བློ་ཡོད་ན། ངས་མྱུར་དུ་ཡིག་ཆ་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་འགའ་ཁ་བརྡར་དགོད་ངེས། དེ་དག་ཅིས་ཀྱང་ཀློག་ལ་བསམ་དགོས་པ་ལགས།

  10. གནམ says:
    2013-01-22 at 8:56 pm

    ལ་དྭགས་བློ་བཟང་འཇམ་དཔལ་གང་དེའི་ཞབས་ལ།
    མ་གོ་ན་ཡང་། ཨམ་སྐད་ལ་དེ་འདྲ་ཞིག་རེད། ཆོས་སྐད་ལ་འདི་འདྲ་ཤིག་ཡིན་ས་རེད།

    ཡར་གྱི་ལྷ་ཆབས་དུ་མེད་པ།
    མར་གྱི་འདྲེ་ཆབས་དུ་མེད་པའི།
    ད་ལྟའི་ཆོས་སྐད་དང་ཡིག་སྐད་གང་གིས་ཀྱང་རང་མགོ་མི་འཁྱོལ་པའི་ཡིག་སྐད་ར་མ་ལུག་དེ། ར་ཡིན་ན་ར་དང་། ར་མ་ཡིན་ན་ར་མ་ཡིན་པའི་སྐད་མཐུན་མོང་བ་ཞིག་དགོས་ཟེར་བ་དེ་རེད།

    གི་ཀྱི་གྱི་འི་ཡི་ལྔ་ཡི་ཡ་བཏགས་ཅན་གྱི་སྒྲ་ཟུར་ཉམས་པས་ཀློག་པ་ན་དེ་ལྟར་མི་འབྲི་བ་ལ་དགེ་མཚན་མང་ཙམ་ཡོད། དེ་དག་གི་ཐོབ་བྱ་ནི་བརྡ་སྤྲོད་སྒྲ་གཞུང་དང་གཅིག་པ་རེད།
    ཅ་དང་ཆ་ཡི་བར་ལ་ཡང་ཕན་ཚུན་གཡར་བོ་གཏོང་རེ་བྱེད་པ་དེ་འདྲ་མང་བོ་ཡོད་པས། ལ་དྭགས་བླ་མ་ཁྱོད་ཀྱིས་ཐུགས་ལ་བཟུང་། ཅི་དང་ཆི། ཅབས་དང་ཆབས་ལྟ་བུའོ།
    ད་དུང་གོ་བ་མི་འོང་ན། བདག་གིས་ཁྱེད་ཕ་ཡུལ་ཨ་མདོ་དང་ཁམས་ལུང་པ་ལ་ཁྲིད་དགོས། སྐབས་དེར། ཁྱོད་ཀྱིས་ཆོས་སྐད་གསུང་དང་། ང་ཡིས་ཡུལ་སྐད་བརྗོད་དགོས། དེ་ནས་མིག་ཅན་སྟོག་གི་ནང་ན་ཁ་ཞར་དང་མིག་ཞར་ག་ཚོད་ཡོད་མེད་ལྷང་ལ་འབུད་པ་རེད། ཐུགས་ལ་མ་གནོད་དང་འགྲོ་ཐུབ་ན། ས་སྐྱིད་པོ་ཡོད་པ་རེད། སྐུ་རྩེད་དག་ཙམ་ཞུས་ཡོད་ན། མཁྱེད་པར་མཛོད།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-22 at 10:49 pm

    གནམ་ལེགས།
    ༼ཁྱེད་ཀྱིས་ཡར་གི་ལྷ་ཅབས་ན་མེད་ནི།
    མར་གི་འདྲེ་ཅབས་ན་མེད་ནིའི།༽ ཞེས་པ་གསལ་བཤད་ཀྱིས།
    ཡར་གྱི་ལྷ་ཆབས་དུ་མེད་པ།
    མར་གྱི་འདྲེ་ཆབས་དུ་མེད་པའི། ཞེས་བཀོད་ཀྱང་། ངས་ཆབས་དང་དུའི་དོན་མ་གོ
    ་
    ལུང་པ་རེ་ལ་སྐད་ལུགས་རེ།
    བླ་མ་རེ་ལ་ཆོས་ལུགས་རེ།
    ་
    ཞེས་པ་ལྟར་ལུང་པ་རེ་རེ་བཞིན་བོད་སྐད་སྦྱང་དགོས་ན། ལ་དྭགས་རྐྱང་རྐྱང་ན་སྐད་ལུགས་མི་འདྲ་བ་ཇི་ཙམ་ཡོད། དེ་བཞིན་ཨ་མདོ་དང་། ཁམས་སོགས་བོད་ཀྱི་ལུང་པ་གཞན་དག་ལ་ཡིན་ངེས། ཞེས་སོ།

  12. གནམ says:
    2013-01-22 at 11:07 pm

    ཆབས་ཤེས་བ་མེད་ན། ལྷན་ཤེས་བ་ཡོད་དམ། མཉམ་ཤེས་བ་ཡོད་དམ། དེ་ལྟར་ཤེས་བ་མེད་ན། ཁྱེད་ནི་གོ་བ་མེད་པའི་་་་་་་་་་་་རྒན་དེ། གུས་བ་དང་བཅས་བཞག་བྱ་རེད། ཧ་ཧ་ཧ།

  13. གནམ says:
    2013-01-22 at 11:14 pm

    ལ་དྭགས་པས་ལྷ་སྐད་ཀླུ་སྐད་ཅི་ཞིག་བཤད་ཀྱིན་ཡོད་མེད་ལ་གོ་ཐོས་ལེན་པར་འདོད་པ་ནི་ཤི་མ་སོང་སྔོན་གྱི་རེ་བའི་ནང་གི་རེ་བ་གཅིག་ཡིན་ལགས།

  14. གནམ says:
    2013-01-22 at 11:24 pm

    ཁྱེད་ཀྱིས་འདོད་པ་ལྟར། ལ་དྭགས་ཡུལ་ལུང་རེ་ན། དེ་འདྲའི་མཉམ་དགོས་དང་འཇིག་དགོས་པའི་མགོ་རྔ་མེད་པའི་སྐད་འདྲ་ཨེ་ཡོན་ནི་ཨ། ཁམས་དང་ཨ་མདོ་ན་སྒྲ་ཟུར་ཉམས་པ་དག་ཙམ་ལས། བོད་བརྡ་སྤྲོད་དང་མི་མཐུན་པའི་འགལ་རྐྱེན་དཀའ་གནད་དེ་འདྲ་སེལ་མི་ཐུབ་པ་མེད་པས། ཆག་ཉམས་མི་ཤོར་བའི་ཤུགས་འདོན་བྱེད་དགོས།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-23 at 4:49 am

    གནམ་ལེགས། ང་ལ་དྭགས་ལ་སྐྱེས། དེར་བྱིས་པ་ཚར་ལོངས་བྱུང་བ་མ་གཏོགས། བོད་དབུས་གཙང་དང་།
    འཕགས་ཡུལ་གྲོང་ཁྱེར་གསལ་ལྡན་སོགས་དང་། ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་སུ་བོད་ཀྱི་ཆོས་སྐད་ལ་བརྟེན་ནས་རང་གི་སྒོ་སྐལ་ལ་དཔགས་པས་གྲུབ་འབྲས་ལེགས་པ་བྱུང་། ད་ཆར་ལོ་ངོ་བརྒྱད་ཅུར་སླེབས་ཀྱང་། ད་དུང་ཛམ་གླིང་སྤྱིའི་སློབ་གྲྭ་ཆེན་མོ་ཞིག་ཏུ། BA དང་ MA མང་ཆེ་བ་སིང་གྷ་ལ་ལ་སོགས་དགེ་སློང་སེར་པོ་རྣམས་ལ་བོད་ཀྱི་བྱང་སེམས་སྤྱོད་འཇུག་དང་། དམ་པའི་ཆོས་ཐར་པ་རིན་པོ་རྒྱན་དང་། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ངོ་སྤྲོད་བྱེད་ཐུབ་པ་འདི་ཡང་། བོད་ཀྱི་ཆོས་སྐད་སྦྱངས་པ་ལ་བརྟེན་ནས་བྱུང་། ཇི་སྲིད་ཁྱེད་དང་ལ་དྭགས་སོགས་ཀྱི་ཕལ་སྐད་ཀྱི་བྱི་བ་རྨུགས་ཆུང་རྣམས་བོད་སྤྱིའི་སྐད་དུ་འཛུལ་འོང་བ་དེ་དག་མཐར་སྤྲོད་བྱེད་པ་ལ་རྟག་སྦྱོར་དང་གུས་སྦྱོར་ལྷོད་མི་ཆོག་པར་མཐོང་ཞིང་། འགའ་ཞིག་ངའི་ཤུགས་དང་ནུས་པ་ལ་འགྲམ་ཆུ་ཡང་ལྡང་ངེས་སོ།།

  16. གནམ says:
    2013-01-23 at 6:14 am

    ཁྱོད་ཀྱི་ཆེད་དུ་ལེགས་སོ་དང་ང་ཡི་ཆེད་དུ་ལགས་སོ་ཞུ། རྒན་དམ་པ་སྐུ་ཚེ་རིང་། ཁྱེད་ཀྱི་མཁྱེན་རྒྱ་དང་མཛད་འཕྲིན་ལ་ངས་ནམ་ཡང་གུས་བས་མི་ཀློད།
    བྱི་བ་རྨུགས་ཆུང་ང་། རྒན་ལ་གུས་ཞིང་ཆོས་ལ་དད་པ་ཅན་ཞིག་ཡིན། འོན་ཀྱང་། བྱང་སེམས་སྤྱོད་འཇུག་དང་། དམ་པའི་ཆོས་ཐར་པ་རིན་པོ་རྒྱན་དང་། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལ་དོན་འགྲེལ་ཞིག་ག་པ་ག་པ། ཐ་ན་ཚིག་འགྲེལ་ཙམ་ཡང་མི་ཤེས་བའི་སྐྱེས་བུ་ཀླད་སྟོང་ཞིག་ཡང་ཡིན། རེད་དེ། ཆོས་སྐད་དང་ཆོས་ཡིག་མི་ཤེས་བ་ཙམ་ཀྱིས་བོད་སྐད་དང་བོད་ཡིག་མི་དགོས་བ་ཞིག་ཀླད་པའི་ནང་ལ་ནམ་ཡང་ཤར་ཐུབ་ས་མ་རེད།
    དེ་མིན། ངས་ཁྱེད་ལ་གནོད་པའི་ཉེས་པ་གསོག་ཀྱིན་འདུག་ན། ངས་ཁྱེད་ལ་མཆོད་ཕྱག་གསུམ་གྱི་སྣ་ནས་འཐོལ་ལོ་བཤགས་ཟེར་བ་ཡིན།
    དེ་མིན་ཁྱེད་ཀྱི་ BA དང MA ནི་ཚད་གཞི་མེད་པའི་གོ་ཐོབ་རྫུན་མ་ཞིག་མ་ཡིན་པར་འཛམ་གླིང་སྤྱི་གཅིག་གི་ཤེས་ཚད་དང་མཐུན་པ་ཡོད་པའི་བཀྲ་ཤིས་བདེ་ལེགས་ཡོད།
    སྤྱིར་དགོངས་ལོ་འདི་འདྲ་ཅན་ལ་སྐད་ཆ་འདྲ་མིན་བཤད་ན་མི་བཟང་ཡང་། རྒན་མཆོག་ལ་སྤྲོ་བ་ཞིག་ཡོད་པར་འདོད་ནས་འདྲ་མིན་བཅོ་བརྒྱད་བཤད་སོང་པས། དགོངས་རླུང་མི་བཞེང་བར་ཞུ།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-23 at 10:28 pm

    གནམ་ལེགས། རིགས་ལྔ་ལས་ཁྱེད་ཐེག་ཆེན་པའི་རིགས་སམ་ས་བོན་ཡོད་པ་ཞིག་ཡིན་འདུག་ན། རིགས་དེ་རྒྱས་པར་བྱེད་པ་དང་། དེ་ཉིད་སྟོན་བྱེད་ཀྱི་སྐད་ཡིག་ཁྱེད་ཀྱི་རྒྱུད་ལ་སྐྲུན་པ་ལ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་དེ་ཀློག་ཐུབ་ན་ཅིས་ཀྱང་ཀློག་པར་མཛོད། ཁྱེད་ཀྱི་དལ་འབྱོར་དོན་དང་ལྡན་པར་འགྱུར་རོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme