Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གལ་གནད་ཆེ་བའི་དྲྭ་རྒྱ་གསར་ཐོན།

Posted on 2013-10-272013-10-27 By ཁ་བརྡ་ 11 Comments on གལ་གནད་ཆེ་བའི་དྲྭ་རྒྱ་གསར་ཐོན།

འོས་སྦྱོར་བ། ལོག་སྨྲ་ཚར་གཅོད།

0ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་པ་འདི་བཞིན་ཨ་རིའི་ཨེ་མོ་རིའི་ཆེས་མཐོ་གཙུག་ལག་སློབ་གཉེར་ཁང་ནས་ཚན་རིག་སློབ་ཐོན་པ་དང་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཚན་རིག་དགེ་རྒན་ཆེན་མོ་དངོས་མིང་ལ་རྔ་བ་ཤེས་རབ་དང་སྨྱུག་མིང་ལ་དཀར་པོ་ཆིག་ཐུབ་ཀྱིས་ཕྱི་ལོ་༢༠༡༢ ལོར་དབུ་འཛུགས་བྱས་ཤིང་། དུས་ཡུན་དེ་དག་གི་རིང་ལ་གོང་མིང་པ་ཁོང་གི་སློབ་གྲོགས་རྣམ་པ་གཙོར་བྱས་བོད་གཞིས་བྱེས་གཉིས་སུ་གནས་པའི་ཚན་རིག་མཁས་ཅན་དང་། ནང་དོན་རིག་པའི་མཁས་པ་དགེ་བའི་བཤེས་གཉེན་རྣམས་དང་གསོ་བ་རིག་པའི་མཁས་ཅན་སྨན་རམས་པ།
གཞན་ཡང་རྩོམ་པ་པོ་དང་ལོ་རྒྱུས་བྱུང་བ་རིག་པའི་མཁས་པ་སོགས་མཁས་པའི་དབང་པོ་མང་དག་ཅིག་བགྲོ་གླེང་གི་ཚོགས་པ་འདིའི་ནང་མཚོ་མོ་ལ་ངང་པའི་ཁྱུ་ཚོགས་དང་། རྩི་བཅུད་ལ་སྦྲང་མ་འཁོར་བ་ལྟར་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཉིན་རེ་བཞིན་འདུས་ཚོགས་ཇེ་ཆེ་དང་འཐུས་སྒོ་ཇེ་ཚང་མདུན་བསྐྱོད་ཀྱི་གོམ་པ་རིམ་བགྲོད་ཀྱི་ལམ་ནས་བགྲོ་གླེང་གི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་རེད།

གང་ལ་བགྲོ་གླེང་བྱེད་སའི་བརྗོད་གཞི་དང་བགྲོ་གླེང་ཇི་ལྟར་བྱེད་པའི་ཚུལ་ནི། ནང་ཆོས་ཀྱི་མདོ་སྔགས་གསོ་བ་རིག་པ་དང་བཅས་པའི་གཞུང་ལུགས་རྣམས་ཀྱི་དཀའ་གནད་ཁག་རྣམས་རྩལ་དུ་བཏོན་ཏེ་དངོས་ཁམས་དང་སྐྱེ་དངོས་འཕེལ་འགྱུར་རིག་པ། རྫས་འགྱུར་ཚན་རིག་དང་ལྷག་པར་དུ་ཀླད་པའི་དབང་རྩའི་ཚན་རིག་སོགས་དང་ཞིབ་བསྡུར་གྱིས་རྣམ་དཔྱོད་ཡིད་དབང་འཕྲོག་པའི་བགྲོ་གླེང་རྒྱ་ཆེར་གནངས་དང་གནང་མུས་ལ་བརྟེན། ད་དུང་རིགས་མཐུན་གྱི་སྤུན་ཟླ་མང་པོ་ཞིག་བགྲོ་གླེང་འདིའི་ནང་ཞུགས་འདོད་ནི་སྐོམ་པ་ཆུ་འདོད་ལྟར་ཆེ་ནའང་། ས་མིག་དང་ཁོར་ཡུག་གནས་བབ་བཅས་ལ་བརྟེན་ནས་ཞུགས་མ་ཐུབ་རྣམས་ལ་སྟབས་བདེ་བསྐྲུན་ཆེད་གུས་པ་འཇམ་དབྱངས་ནོར་བུ་ནས་ཚོགས་གཙོའི་དགོངས་དོན་བཞིན་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཁག་ཡིག་ངག་བརྙན་གཟུགས་གསུམ་ནས་རྒྱ་ཆེའི་མང་ཚོགས་ལ་སྤྱན་ལམ་དུ་འབུལ་སའི་དྲྭ་རྒྱ་ཞིག་ཀྱང་གསར་སྐྲུན་བྱས་པ་ཡིན། དྲྭ་ཚིགས་ཀྱི་ཁ་བྱང་ནི་གཤམ་གསལ་ལྟར་ཡིན།

Www.sciencebuddhism.yolasite.com

གསར་འགྱུར།

Post navigation

Previous Post: རིགས་ཀྱི་མྱུ་གུ
Next Post: གནས་མཆོག་དཔལ་རི་རྩེ་དགུ་མཇལ་བའི་ཚོར་སྣང་།

Comments (11) on “གལ་གནད་ཆེ་བའི་དྲྭ་རྒྱ་གསར་ཐོན།”

  1. གནམ says:
    2013-10-27 at 3:12 am

    སྦྲེལ་བྱང་དེ་ལ་མཐུད་ས་མི་འདུག་གོ།
    ཁྱབ་བསྒྲགས་བྱེད་ཞུ་སྔ་སོང་བ་འདྲ།

  2. ནམ་མཁའ says:
    2013-10-27 at 3:46 am

    ཤིན་ཏུ་ལེགས་མོད།ཡིན་ཡང་འབྲེལ་གཏུགས་བྱེད་སའི་དྲ་བྱང་གི་ཁ་བྱང་ཞིག་ཡོད་ན་རྩོམ་ཡིག་བསྐུར་འདོད་ཡོད།

  3. ཉི་ནུབ says:
    2013-10-27 at 4:41 am

    ཐུགས་རྗེ་ཆེ་

  4. པདྨ says:
    2013-10-27 at 5:09 am

    དེ་ཡག་པོ་རེད་བཞག ཡིན་ན་ཡང་། དེ་སྔོན་དེ་ཚོས་བྲིས་པའི་ཚེགས་དཔར་ཐོག་ལ་ནང་ཆོས་ཀྱི་སྐྱོན་ཆེ་ཤོས་མངོན་སུམ་ཁས་མི་ལན་པ་རེད་ཟེརབའི་ཞབསའདྲེན་མང་པོ་འདུག གང་ལྟར་གཙོ་བོ་ཁྱེད་རྣམ་པས་ནང་ཆོས་ཡག་པོ་སློབ་སྦྱོང་བྱས་ཏེ་ཤེས་ནས་ཚན་རིག་ལ་འབད་པར་འཚལ། །

  5. ལྷ་སྡེ་གནམ་ལོ་ཡག says:
    2013-10-27 at 3:31 pm

    བཀྲ་ཤིས་བདེ་ལེགས་ཡོད། ལས་ཀ་འདི་ནི་བོད་ལ་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། གསར་བ་བདུད་ལ་ལྟ་མཁན་བྱུང་མི་སྲིད་པའང་མིན་ན། ཤུགས་སྣོན་དང་དཀའ་ངལ་ལ་གདོང་ལེན་ཕོད་པ་གནང་རོགས་ཞུ་འདུན་བྱུང་།

  6. ཅོ་རི་ཉི་མ། says:
    2013-10-27 at 4:19 pm

    ངས་དུས་རྒྱུན་དུ་བསམ་བློ་ག་ནས་གཏོང་ནའང་གྲྭ་པ་གྲྭ་རྐྱང་རྣམས་པ་ལ་རེ་བ་ཆེན་པོ་ཡོད། གྲྭ་རྐྱང་ཚོ་སློབ་སྦྱོང་ཡག་པོ་ཡོད། གྲྭ་རྐྱང་འདི་ཚོས་གསར་གཏོད་རེ་བྱེད་འོང་བསམས་པའི་རེ་བ་ཆེན་པོ་ཡོད། བོད་མི་རིགས་འདི་ལ་མ་འདང་ས་དང་མ་བྱུང་ས། མི་རིགས་གཞན་དག་ཚོ་ཟླ་བའི་གྲོང་ཁྱེར་ནང་དུ་འགྲོ་དུས་བོད་མི་རིགས་ཀྱིས་རྩྭ་བཀྲས་ཙམ་ཡང་བཟོ་མ་ཤེས་ནས་ལྷག་བསྡད་ཡོད་པའི་གནས་སྟངས་འདི་ནི་བཟོད་དཀའ་བའི་སྡུག་བསྔལ་ཞིག་ཡིན།

    སྔོན་བྱུང་གི་སྐྱེས་མཆོག་དམ་པ་དགེ་ཆོས་ལྟ་བུ་དང་། དེང་སང་གི་སྒོ་ཤེར་ལྟ་བུའི་རྟོག་སད་པའི་གྲངས་འབོར་མང་རེར་ཕྱིན་ན་བོད་མི་རིགས་ཀྱི་ལས་དབང་ལ་འགྱུར་ལྡོག་ཞིག་འགྲོ་གི་རེད་བསམས་ཀྱི་འདུག་ལ་རང་དབང་དམངས་གཙོའི་ལམ་དུ་འགྲོ་ཐུབ་ཀྱི་རེད་འདོད། དེ་ལས་ལྡོག་ཏེ་ལྷ་ཆོས་རིང་ལུགས་ཀྱི་རྨོངས་དད་ཞྭ་མོ་གོན་མཁན་གྱི་གྲངས་འབོར་ལ་འགྱུར་བ་མ་སོང་ན་བོད་ཀྱི་ལས་དབང་འདི་སྔོན་བཞིན་ལྷག་ངེས་རེད་འདོད།།

  7. ལོག་སྨྲ་ཚར་གཅོད། says:
    2013-10-28 at 6:14 am

    ཁྱེད་རྣམ་པས་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ།

  8. ལོག་སྨྲ་ཚར་གཅོད། says:
    2013-10-28 at 6:16 am

    འབྲེལ་གཏུག་བྱེད་ས་དེ་རང་གི་ནང་ལ་ཡོད་རེད།

  9. དབྱིག་གཉེན says:
    2013-10-28 at 3:45 pm

    བཀའ་དྲིན་ཆེ།

  10. ཨ་རིག་དགེ་མཐོང་ says:
    2013-10-29 at 11:52 am

    རྔ་བ་ཤེས་རབ་ནི་རྩོམ་པ་པོའི་ནང་ནས་སྒྲུང་གཏམ་འབྲི་མཁན་དང་སུམ་རྟགས་རིག་གནས་བཅས་ལ་བྱང་ཆུབ་པ་ཞིག་དང་། ནང་ཆོས་མཚན་ཉིད་རིག་པའི་ཐད་ནས་ཧ་ཅང་གོ་རྟོགས་མཐོ་ཞིང་དེང་དུས་ཀྱི་ཤེས་བྱ་འབོད་པ་ཚན་རིག་ལ་བཟང་བ་བཤད་མ་དགོས་སོ།། ད་དུང་གང་ཤེས་ང་རྒྱལ་མེད་པ་མ་ཟད་ཤེས་པ་དེས་གཞན་ལ་ཕན་པ་ལ་ཐུགས་དགོངས་ཆེ།་མདོར་ན། རྔ་བ་ཤེས་རབ་ནི་སྙིགས་མ་ལྔ་བདོ་འདིར་མཁོ་བའི་དུས་རབས་ཉེར་གཅིག་པའི་གྲྭ་བའི་མཚན་གཞི་ལ་འཇོག་ཆོག

  11. ལ་དྭགས་ཏོག་ངག་དབང་རྒྱ་མཚོ། says:
    2013-11-20 at 5:09 am

    ནང་ཆོས་དང་མཚན་རིག་གཉིས་ཞེས་པའི་བརྗོད་གཞི་དེ་མཁྱེན་མཚར་པོ་ཞིག་འདུག ནང་པའི་ཆོས་དེ་མཚན་རིག་གི་བྱེ་བྲག་གཅིག་ཡིན་བཞིན་དུ་ནང་ཆོས་དང་མཚན་རིག་ལབ་དགོས་དོན་གང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme