Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གར་ལོག་མི་ཤེས་ན་འདི་རེད།

Posted on 2012-07-152012-07-16 By dhatsenpa 25 Comments on གར་ལོག་མི་ཤེས་ན་འདི་རེད།

ང་ཚོའི་ལོ་རྒྱུས་ནང་བྱུང་བའི་གར་ལོག་ཟེར་བ་དེ་ནི་ད་བར་ས་ཆ་འདི་རེད་ཟེར་ནས་ངོས་འཛིན་གསལ་བོ་ཞིག་བྱུང་མེད་པ་རེད། ཞ་སྒབ་པས་ཡར་ཁྱེན་ཕྱོགས་མིན་འགྲོ་ཟེར་ནས་གར་ལོག་གི་ཟུར་ཙམ་ངོས་བཟུང་། དགེ་ཆོས་ཀྱིས་དེ་ཕྱོགས་ཀྱི་ཁ་ཆེའི་ས་ཆ་ཞེས་གནད་ལ་ཁེལ་བ་ཞིག་བཤད་མེད་པ་རེད།
དེ་རིང་དྲ་གྲོགས་ཤིག་ནས་མཆན་ཞིག་གི་ནང་གར་ལོག་སྐོར་འདྲི་ཡི་འདུག་པས་ས་བཅད་མ་སྟོང་ཙམ་ཞིག་བྲིས་ནས་གསལ་བཤད་ཅིག་བྱེད་འདོད་བྱུང་། གར་ལོག་ནི། དབྱིན་ཡིག་ནང་kharlukh དང་ Qarluq 葛邏祿ཟེར་ནས་འབྲི། རྒྱ་སྐད་དུ། 葛逻禄ཀི་ལོ་ལུ་ཟེར་བ་དེ་རེད། ཡུལ་ལུང་དེ་ནི་禄葛逻禄དཀྱིལ་ཤར་ཨེ་ཤ་ཡའི་ཁོངས་སུ་གཏོགས་པའི་མི་རིགས་ཤིག་ཡིན་པ་དང་། 葛邏དྲུ་གུའི་ནུབ་ཏུ་གནས་ཤིང་། ས་ཆའི་ལྟེ་བ་དེ་ད་ལྟའི་ཁིར་གྷི་སི་ཐན་ནང་འཁེལ་གྱི་ཡོད་འདུག གར་ལོག་དེ་གཙོ་བོ་མི་རིགས་གསུམ་གྱིས་གྲུབ། ད་ལྟའི་ཆར་དེ་ཕྱོགས་ཀྱི་ཁ་ཆེའི་ས་ཆ་འདྲ་མིན་ནང་ཁ་འཐོར་ནས་གནས་པའང་མང་པོ་ཡོད་འདུག ཁ་ཛག་ཟེར་བ་དེ་ཚོའང་གར་ལོག་ལ་གཏོགས་པར་བཤད། ལོ་རྒྱུས་ནང་མི་རིགས་འདི་སྐབས་རེར་སྟོབས་ཤུགས་ཆེན་པོ་ཆགས་ནས་དྲུ་གུའི་ནུབ་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ལ་དབང་སྒྱུར་ཞིང་། སྐབས་རེར་དྲུ་གུའི་འོག་ཏུ་ཚུད་པ། སྐབས་རེ་རྒྱ་ཡི་འོག་ཏུ་ཚུད་དེ་མི་རིགས་སྐོར་ཅིག་དྲུ་གུ་ཤར་ཕྱོགས་སུའང་གནས་དགོས་བྱུང་། རྒྱ་གར་དུའང་བར་སྐབས་ཤིག་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པའི་གར་ལོག་ཟེར་བ་འདིས་ནང་ཆོས་ཀྱི་ལྟེ་གནས་ཁག་ལ་དགྲ་ལན་ཅིག་མིན་པར་བྱུང་བའི་ཚུལ་རང་རེའི་ཆོས་འབྱུང་ཁག་ན་ཡོད་པ་ལྟར་རེད། ཆོས་རྒྱལ་ཚོའི་སྐབས་ཀྱི་གར་ལོག་དེའང་མི་རིགས་འདི་ཡིན་པ་རེད་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་ཀྱི་གར་ལོག་དེའང་འདི་རེད། ཁ་བཞི་སྒར་ཟེར་བའི་དྲུ་གུའི་ནུབ་ཕྱོགས་ཀྱི་གྲོང་དེ་ནི་མི་རིགས་འདིའི་ཤར་ཕྱོགས་ཀྱི་ལྟེ་གནས་ཤིག་ཡིན་པ་རེད། ཞ་སྒབ་པས་ཡར་ཁྱེན་ཕྱོགས་ཟེར་ནས་ས་སྣེ་ཙམ་ངོས་བཟུང་ཐུབ་པ་རེད། མི་རིགས་འདིའི་ལོ་རྒྱུས་ལ་ཞིབ་པར་ལྟ་འདོད་ན་གོང་གསལ་གྱི་དབྱིན་ཡིག་ཐོག་ནས་འཚོལ་དང་ཁྱེད་ལ་རྙེད་ཀྱི་རེད། གཤམ་གྱི་དྲ་གནས་འདིར་ཕྱིན་དང་ལོ་རྒྱུས་ཅུང་ཙམ་དང་ས་བཀྲ་ཡང་འདུག  Western Turk Khaganate  ཟེར་བའི་གཤམ་དུ་གར་ལོག་གི་མིང་ཡོད་པ་རེད། མི་རིགས་འདི་ནི་ད་རུང་བར་སྐབས་ཤིག་ཐོ་གར་Tokharistanགྱི་འོག་ཏུ་འང་ཚུད་པ་རེད། ཐོ་གར་ནི་དབྱིན་ཡིག་ནང་ཐོ་ཁ་རི་ཡ་ཟེར་བ་དང་ཐོ་གར་Tokharsཟེར་ནས་བྲིས་པའང་འདུག བར་སྐབས་ཤིག་རང་རེའི་ནུབ་བྱང་གི་ཁ་ཆེའི་ས་ཆ་མང་པོ་ཞིག་ཐོ་གར་གྱིས་དབང་དུ་བསྡུས་པ་རེད། རང་རེའི་མགོ་དཀར་ཟེར་བ་དེའང་ཁ་ཆེ་ལ་ཟེར་ཡང་། ཞིབ་ཚགས་ཙམ་བྱས་ན་Göktürkཟེར་བའི་གོ་ཁི་ནས་ཟུར་ཆག་པ་མིན་ནམ་བདག་སྙམ་མོ། དེ་ལའང་བརྟག་དཔྱད་འཚལ། གཟིམས་འཇག་གནང་། ད་ཉལ་ས་དྲན་སོང་།

http://upload.wikimedia.org/wikipedia/commons/thumb/c/c1/Asia_600ad.jpg/290px-Asia_600ad.jpg

གསར་འགྱུར།

Post navigation

Previous Post: བོད་ཀྱི་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་གཏན་འབེབས་ས་ཆེན་གྲགས་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
Next Post: དཔེ་དེབ་ངོ་སྤྲོད།

Comments (25) on “གར་ལོག་མི་ཤེས་ན་འདི་རེད།”

  1. མགོན་པོ་ཕྱག་གཉིས་པ། says:
    2012-07-15 at 9:12 pm

    ཡང་རྒྱ་ཡིག་ཐལ་བ་མང་པོ་ཞིག་སླེབས་འདུག ངས་འབྲི་ས་ན་མི་འདུག་ཀྱང་འདིར་བཀོད་རྗེས་སླེབས་འདུག ཙི་ཙི་ཀླད་པའི་ནང་ངོ་བཤུ་བྱས་པ་ཚང་མ་འདིར་སླེབས་འདུག ཁྱད་མཚར། རྩོམ་སྒྲིག་པ་དྲིན་ཆེན་པོ། རྒྱ་སྐད་དུ་ཟེར་བའི་རྗེས་སུ་ཀི་ལོའུ་ཟེར་བའི་རྒྱ་ཡིག་ཡིག་འབྲུ་གསུམ་པོ་དེ་བཞག་ནས་གཞན་ཚང་མ་བསུབ་རོགས་གནང་། ཨ་དྲིན་ཆེན་པོ། ངས་ཁྱེད་ཚོར་ལས་ཀ་ཐལ་བ་སྤྲད་པ་ཐེངས་གཅིག་མིན། དགོངས་ཚོམ་མི་གནང་བ་ཞུ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-15 at 9:53 pm

    གར་ལོག་ངོ་སྤྲོད་ལེགས་པར་བཀོད་པ་བཀའ་དྲིན་ཆེ། དྲུ་གུ་ཞེས་པ་དེ་ག་ན་ཡོད་དམ། ང་ལ་ཤེས་འདོད་ཡོད། གསུང་གྲོགས་ཐུགས་རྗེ་ཆེའོ།།

  3. མགོན་པོ་ཕྱག་གཉིས་པ། says:
    2012-07-15 at 10:07 pm

    དྲུ་གུ་ཟེར་བ་དེ་སྔོན་གྱི་ཡི་གེ་ཀློག་སྟངས་ལྟར་ཕྲལ་ཏེ་ཀློག དུརུ་གུའམ་དུར་གུ་ ཟེར་ནས་ཀློག་དགོས་པ་མ་རེད་དམ། དེ་ཡིན་ན། དབྱིན་ཡིག་ནང་གི་ turkey དང་སྒྲ་གཅིག་པ་རེད་འདུག་ག བོད་ཀྱི་ལོ་རྒྱུས་ནང་དྲུ་གུ་འདི་བྱང་ན་ཡོད་པར་བཤད་ཡོད་པ་དང་དམག་ཡང་ཡང་བརྒྱབ་པའི་ལོ་རྒྱུས་ཡོད་པ་ལྟར་རེད། ད་ལྟ་རྒྱ་མིའི་ཤིན་ཅང་ཟེར་བ་དེ་རེད། ཡིན་ནའང་། ཤེས་དགོས་པ་ཤིག་ལ་ལི་ཡུལ་དེ་སྔོན་ཆོས་རྒྱལ་ཚོའི་སྐབས་དྲུ་གུའི་ཁོངས་མ་རེད། ལི་ཡུལ་ཤིན་ཅང་རེད་ཟེར་ནས་མང་པོ་ཞིག་གིས་བཤད་ཀྱི་འདུག་སྟེ་དེ་ནོར་བ་རེད། ཡིན་ནའང་། ད་ལྟ་ལི་ཡུལ་དེ་ཤིན་ཅང་ཁོངས་སུ་ཡོད་པ་རེད།

  4. འདོད་ལྷ་ཁམས་པ། says:
    2012-07-15 at 11:14 pm

    རེད་རེད།

  5. རི་རྒྱལ་ཏི་སེ། says:
    2012-07-16 at 12:15 am

    བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ། གནའ་རབས་མངའ་རིས་ཀྱི་བྱང་དང་ལི་ཡུལ་གྱི་ལྷོ་བར་ཡོད་པའི་རྒྱལ་ཕྲན་ཞིག་གི་མིང༌། ཞེས་བྲིས་འདུག

  6. ཚེ་བསམ་ says:
    2012-07-16 at 1:38 am

    དེབ་ཐེར་དམར་པོའི་ནང་གསལ་བ་ལྟར་ན་དབུས་ཀྱི་མཁས་པ་མི་གསུམ་ཐོག་མར་མངའ་རེས་སུ་བྲོས་།དེ་ནས་གར་ལོག་གི་ཡུལ་བསྐོར་ནས་ཧོར་ཡུལ་དང་།དེ་ནས་མདོ་སྨད་དུ་བྲོས་ཕེབས་པར་གསུང་པ་མངའ་རིས་ཀྱི་ནུབ་བྱང་བརྒྱུད་དུ་ཡོད་པའི་ཡུལ་གྲུ་ཞིག་ལ་ངོས་འཛིན་པ་ལྟར་སྣང་ཞིང་།ཡང་ཇོ་བོ་རྗེའི་རྣམ་རྒྱས་པ་དང་།ཆག་ལོ་ཙ་བ་སོགས་ཀྱི་རྣམ་ཐར་ལ་གཟིགས་ན་མཁྱིན་ཐུབ་ངེས་རེད།

  7. སྤྱང་ཤོག says:
    2012-07-16 at 8:35 am

    གར་ལོག་ནི་མཁས་པ་མང་པོས་ཨེས་རང་ལ་ངོས་འཛིན་བྱེད་ཀྱི་འདུག།

  8. གཅན་བཟོད་རྒྱམ། says:
    2012-07-16 at 8:37 am

    དཔྱད་གཏམ་པ་མཛའ་ཚན་པས་གར་ལོག་གི་སློར་སྙིང་བསྡུས་སུ་བཀོད་པར་བཀའ་དྲིན་ཆེ་ཞུ།
    ༢༠༠༩ ལོ་ཙམ་ལ་བདག་གིས་བྲིས་༼བྲུ་ཤ་བཙལ་བའི་ཟིན་ཐོ་༽ཞེས་པའི་གུས་པའི་རྩོམ་ཐུང་ལ་བགྲོ་གླེང་བྱས་པས་གུས་པ་ངེད་ལའང་ཕན་པོ་བྱུང་སོང་ལ། ད་ཐེངས་ཀྱང་ཉིད་ཀྱི་རྩོམ་ཡིག་འདི་མཐོང་འཕྲད་རང་ཉིད་ཀྱིས་བྲིས་པའི་གར་ལོག་གི་སྐོར་དེ་དྲན་བྱུང་། ངས་བྲིས་པའི་གར་ལོག་གི་སྐོར་ལ་༢༠༠༦ ལོར་རྩོམ་ཐུང་ཞིག་བྲིས་ཏེ་དྲ་རྒྱ་ཁག་ཏུ་བཀོད་ཀྱང་བློ་སྐྱེད་རེག་པ་དང་ལམ་སྟོན་འོས་པའི་མཆཉ་བུ་འདེབས་མཁན་ཅང་སླེབས་མ་སོང་། དེ་རིང་འདིར་ཉིད་ཀྱིས་བྲིས་པའི་གར་ལོག་གི་སྐོར་འདི་མཐོང་འཕྲད་གཞི་ནས་རང་གིས་བྲིས་པའི་རྩོམ་འཆལ་དེ་དྲན་བྱུང་བ་འདིར་དཔྱད་གཞིར་ཕུལ་བ་ལགས།
    ༼གར་ལོག་ལ་ལོག་བཤད་འདྲ་བྱས་འདུག་གམ།༽
    http://rangwang.biz/index.php?essayId=1029
    རྩོམ་འཆལ་དེ་ཡང་དྲ་བ་འདི་འདྲ་བར་ཡོང་ནས་རང་གི་རིན་ཐང་དང་མ་འོངས་ཁ་ཕྱོགས་རེ་བཙལ་ན་ཅི་མ་རུང་།

  9. དོལ་སྨྱོན། says:
    2012-07-16 at 9:12 am

    གོང་གི་རྩོམ་པ་པོ་དང་མཆན་ཞབས་པ་རྣམས་ལ།
    གསོ་རིག་ལོ་རྒྱུས་སོགས་སུ་རྒྱལ་ཕྲན་འ་ཤ་རྗེ་ཞེས་པ་ཞིག་ཡང་ཡང་ཐོན་གྱི་འདུག་པས།
    དེ་དེང་སང་གང་དུ་ངོས་འཛིན་དགོས་སམ།

  10. བྱ་གླག་རྒོད་པོ་ says:
    2012-07-16 at 11:30 am

    གར་ལོག་གི་ཡུལ་དེ་རང་རེའི་སྟོད་མངའ་རིས་ནུབ་བྱང་ཁུལ་དང་ས་འབྲེལ་ཡིན་པས་སྔར་གྲུ་གུ་སྟོད་མའི་ནུབ་
    ཕྱོགས་སུ་ཡོད་པ་ཡང་ཤུགས་ཀྱིས་ཤེས་ནུས་པ་ཞིག་རེད་མོད། འོན་ཀྱང་ལྷ་བླ་མ་འཛིན་གྱི་རྒྱལ་པོ་དེ་སུ་ཡིན་
    པ་ཤེས་དཀའ་བའི་འདི་སྐོར་ལ་གསུང་རྒྱུ་འདྲ་ཡོད་ན་གསུང་རོགས།

  11. བན་དེ་བ། says:
    2012-07-16 at 11:31 am

    གར་ལོག་གི་སྐོར་དེ་དུང་དཀར་གྱི་ཚིག་མཛོད་དུ་གཟིགས་དང་རྩོམས་པ་པོ་ཡིས་བཤད་པ་ལྟར་ཕལ་ཆེར་མཐུན་པ་ཞིག་རེད་འདུག
    དྲུ་གུ་མ་རེད་གྲུ་གུ་ཞེས་ཡིག་རྙིང་མང་ཆེ་བར་དེ་འདྲ་བྲིས་འདུག

  12. བདེན་པ། says:
    2012-07-16 at 11:51 am

    དྲུ་གུ་ལ་དབྱིན་ཡིག་ཏུ་Turkey ཟེར་བ་ཡིན་ན། རྒྱ་ཡིག་ནང་土耳其ཟེར་བ་དེ་རེད། དེ་དང་ཤིན་ཅིང་གཉིས་གཅིག་མིན་པར་སེམས།

  13. ནུབ་ཕྱོགས་གངས་ཕྲུག་ says:
    2012-07-16 at 1:58 pm

    གར་ལོག་གི་ལྷ་བླ་མ་ཡེ་ཤེས་འོད་བཙོན་ནང་བཅུག་པའི་རྣམ་ཐར་ལྟར་ན། དེ་ནི་མངའ་རིས་དང་ཉེ་བའི་ཁ་ཆེའི་ཡུལ་ཞིག་ལ་ངོས་འཛིན་དགོས། གང་ཡིན་ཞེ་ན་ཇོ་བོ་རྗེ་ན་ལནྡ་ནས་མངའ་རིས་སུ་གདན་འདྲེན་དགོས་པའི་མངའ་རིས་དང་ད་ལྟའི་རྒྱ་གར་གྱི་( Bihar) གྱི་བར་ལ་ཡིནཔ་རིག་པས་སྒྲུབ་ཐུབ། ཁ་ཆེ་རྒྱ་གར་ནང་སླེབས་དུས་ས་ཆའི་མིང་དང། རྒྱལ་རབས་ཀྱི་མིང་། ་མིའི་མིང་སོགས་བརྗེ་བོ་རྒྱབ་ཡོད། དེས་ན་དེའི་གཡས་གཡོན་ས་ཁུལ་ད་ལྟའི་(Bihar, u.p, kashmir)གྱི་མིང་ཞིག་ཡིན་སྲིད། central Asia དང་འབྲེལ་བ་མེད།

  14. བོད་མིག་ says:
    2012-07-16 at 2:20 pm

    མཆན་འགོགས་དགོས་པའི་རྒྱུ་མཚན་ཤོད། དམར་ཕྱོགས་ཀྱི་ལས་ཀ་མ་ལས་ན་ཡག་པོ་མི་འདུག་གམ

  15. བོད་མིག་ says:
    2012-07-16 at 2:21 pm

    འོ་དེ་རིང་བཀག་མི་འདུག ཡག་བྱུང་།

  16. བོད་མིག་ says:
    2012-07-16 at 2:30 pm

    གར་ལོག་ཟེར་བ་ཞིག་ཡོད་ས་མ་རེད། གསར་བ་རྙེད་པའི་ལོ་རྒྱུས་རྙིང་པ་དག་ན་ལྷ་བླ་ཡེ་ཤེས་འོད་བཙོན་ལ་བཅུགས་པའི་ལོ་རྒྱུས་མི་འདུག་ཟེར་། ལོ་རྒྱུས་འབྲི་མཁན་ལོ་ཙཱ་བ་རིན་ཆེན་བཟང་པོའི་སློབ་མ་ཞིག་རེད།ཟེར། གཞན་གྲགས་པ་རྒྱན་་མཚན་ཟེར་བ་ཞིག་གིས་ཡང་དེ་ལྟར་བྲིས་འདུག་ཟེར། འདི་ལ་ཉོན་དང་གསལ་བོར་ཆགས་ཡོང། ལྷག་པར་ཕྱག་གཉིས་པའི་ཉོན། http://www.qhtb.cn/zhibo/375/2012-06-08/10997.html

  17. ཨ་ནུ་ཐང་བསོད་ནམས says:
    2012-07-16 at 5:10 pm

    གར་ལོག་ནི་Turkཡིན་ཚེ་དེ་ནི་རྟོགས་ཁ་ཧ་ཅང་སླ་སྟེ། ཨ་ཧྥུ་རྒན་ནི་སི་ཐན་ནས་ཡོང་བའི་ཁ་ཆེ་ཏོར་ཁིའི་མི་རིགས་ཁལ་ཡིས་ཀྱིས་ནང་པ་སངས་རྒྱས་པའི་པྰ་ལ་རྒྱལ་རྒྱབ་རྩ་གཏོར་བཏང་ནས། ༡༩༠༣ལོར་ནས་འགོ་བཙུགས་ཏེ་ན་ལན་དྲ་རྩ་མེད་བཟོས། བོད་ལ་དབང་སྒྱུར་བྱེད་དུ་སོང་ཡང་གངས་ཞོད་དང་མ་མཐོའི་ཁ་དབུགས་སོགས་ཀྱི་དཀའ་ངལ་འཕྲད་པའི་ཁར་དམག་གི་ལམ་རྒྱགས་ཆད་པས་མཐར་འུ་ཐུག་ནས་ཕྱིར་རྒྱ་གར་དུ་ལོག་སྟེ་མལ་དུ་ཉལ་ནས་བསྡད་སྐབས། ཁོང་གི་སྤུན་མཆེད་དམ་ཉེ་འབྲེལ་ཨ་ལེ་མན་སྒྲ་ཁལ་ཡིས་ཀྱིས་ལྐོགས་གསོད་བྱས། སོག་པོའི་བཙན་དམག་རྒྱ་གར་དུ་ཡོང་སྐབས་ཁལ་ཡིས་རྒྱལ་རབས་ཀྱིས་དཔའ་མཛངས་ལྡན་པའི་འགོག་རྒོལ་མང་དུ་བྱས་བའི་ལོ་རྒྱུས་འདུག གང་ལྟར་ཁེལ་ཡིས་རྒྱལ་རབས་ཀྱིས་བྷན་རྒལ་ལ་སྤྱི་ལོ ༡༢༠༣-༡༧༥༧བར་དབང་སྒྱུར་ བྱས། ས་ཁུལ་དེ་ནི་ད་ལྟ་རྒྱ་གར་བྱང་ཤར་ཁུལ་དང་བྷང་ལ་དྷེ་ཤི། ཕ་ཁི་སི་ཐན་གྱི་ཤར་ཕྱོགས་བཅས་ཡིན།
    ད་ལྟ་འཛམ་གླིང་ཏོར་ཁིའི་མི་རིགས་རྣམས་ཁ་ཐོར་དུ་གནས་ཡོད་པས་འདི་ལྟར་ཏེ།
    ཏོར་ཁི་མི་རིགས།
    Total population
    Approximately 150-200 million[1][2] speak a Turkic language
    Regions with significant populations
    Turkey c. 58,000,000 (70-76% of total country pop.)[3][4]
    Uzbekistan 26,000,000 (92% of total country pop. have Turkic origin)
    Iran c. 13,000,000 (17% of total country pop. speak a Turkic language)[5]
    Kazakstan 12,000,000 (75% of total country pop.)
    China 11,647,000 (0.8% of the total country pop.)
    Russia 12,009,969 (8,41% of total country pop.)[6]
    Azerbaijan 9,047,000
    Turkmenistan 4,500,000[7] (90% of the total country pop.)
    Kyrgyzstan 4,500,000 (90% of the total country pop.)
    European Union except Bulgaria and Greece 5,210,000
    Afghanistan 3,500,000[8] (%15 of Afghanistan population have Turkic origin)
    Tajikistan 1,200,000 (20% of the total country pop.)
    Iraq 1,500,000 (5% of the total country pop.)
    United States 923,000
    Bulgaria 801,200 c
    TRNC 298,862
    Australia 293,500
    Ukraine 275,300[9]
    Saudi Arabia 224,460
    Greece 178,000 h
    Moldova 158,300
    Macedonia 82,959
    Pakistan 62,100[10]
    རིས་མིག་འདི་ནི་གཞན་གྱི་ལོ་རྒྱུས་ལས་ཕས་ཤུས་ཀྱིས་བཀོད་པ་ཡིན།

  18. མགོན་པོ་ཕྱག་གཉིས་པ། says:
    2012-07-16 at 5:11 pm

    གར་ལོག་ཡོད་པ་རེད། ལྷ་བླ་མ་བཙོན་ལ་བཟུང་མ་བཟུང་དེས་གར་ལོག་ཡོད་དང་མེད་ཐག་ཆོད་ཀྱིི་མ་རེད། དབྱིན་ཡིག་ Qarluq གི་ལོ་རྒྱུས་ནང་འཛུལ་དང་ཁྱེད་རང་ལ་ལོ་རྒྱུས་དགོས་ན་ལོ་རྒྱུས་ས་བཀྲ་དགོས་ན་ས་བཀྲ་རྙེད་ཀྱི་རེད། གར་ལོག་གི་མིང་འདི་ཏུན་ཧོང་ཡིག་རྙིང་ན་ཡོད་པ་རེད་ལ་བོད་ཀྱི་ཆོས་འབྱུང་ཁག་ནང་ལའང་ཐེངས་མང་པོ་སླེབས་ཡོད་པ་རེད།

  19. མགོན་པོ་ཕྱག་གཉིས་པ། says:
    2012-07-16 at 5:40 pm

    བཟོད་རྒྱམ་གྱི་རྩོམ་དེར་ལྟ་ཙབ་བྱས་པ་ཡིན། ་་དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་བདག་མི་རབས་གཉིས་པ་ཀ་ལིབ་ཨུ་མར་གྱིས་ཕྱི་ལོ་༦༣༤ ནས་༦༤༤ བར་ལོ་བཅུ་གཅིག་ཙམ་སྲིད་དབང་བཟུང་ཞིང༌། དེའི་རིང་དུ་ཨཧཕེ་རི་ཀAfricaཡི་བྱང་ཕྱོགས་ཨེཇིབ་Egypt དང་སི་རིཡ་Syriaཨ་རབ་བྷེཡ་Arabia སོགས་དབང་དུ་བསྡུས་་ ཟེར་བའི་ཀ་ལིབ་ཨུ་མར་གཉིས་པ་དེ་གར་ལོག་མ་རེད། ཀ་ལིབ་ནི་ཨ་རབ་ཀྱི་རྒྱལ་པོ་སྟོབས་ཤུགས་ཅན། མཁས་པའང་ཡིན་པ་དེ་འདྲ་ཞིག་རེད།
    གར་ལོག་ནི་དེ་འདྲའི་སྟོབས་ཤུགས་ཆེ་བའི་རྒྱབ་ཁབ་ཀྱང་མ་རེད། དུས་རབས་བདུན་པ་བརྒྱད་པའི་བར་དེར། སྐབས་རེར་རྒྱ་ཡི་འོག་ཏུ་ཤོར། སྐབས་རེར་དྲུ་གུའི་འོག་ཏུ་ཤོར། སྐབས་རེར་ཨ་རབ་ཀྱི་བཙན་འཛུལ་སླེབས། སྐབས་ཤིག་བོད་ཀྱི་འོག་ཏུའང་ཚུད། སྐབས་རེར་ཡུ་གུར་དང་གཞན་མི་རིགས་དང་མཉམ་འབྲེལ་གྱིས་གོང་གསལ་དབང་སྒྱུར་མཁན་དག་ལ་ངོ་རྒོལ་ཕྱིར་འབུད་བྱས་པ་དང་རང་ཉིད་ལ་སྟོབས་ཤུགས་རྒྱས་པའི་སྐབས་ཀྱང་བྱུང་བ་རེད། མི་རིགས་དྲུ་གུའི་མི་རིགས་དང་། ཨེ་ཤ་ཡའི་དཀྱིལ་ཤར་ཕྱོགས་སུ་ཨ་རབ་ཀྱི་བཙན་འཛུལ་རིམ་པར་བྱུང་བས་ཆོས་ལུགས་ཁ་ཆེའི་ཆོས་ལུགས་སུ་གྱུར།
    མ་གཞི་རང་རེའི་ལྷོ་ནུབ། ནུབ་བྱང་རྒྱུད་ཀྱི་ད་ལྟའི་ཁ་ཆེའི་ས་ཆ་དེ་ཚོ་དུས་རབས་མི་འདྲ་བར་དབང་སྒྱུར་བ་འདྲ་མིན་གྱིས་དབང་དུ་སྒྱུར་བ་དང་། རྒྱལ་ཁབ་ཆེ་ཆུང་འདྲ་མིན་གྱི་ངོ་བོར་འཕོས་འདུག་པས་དུས་རབས་གང་ཡིན་ལ་དཔག་ནས་རྒྱལ་ཁོངས་སམ་ས་ཁོངས་གང་ཞིག་ཡིན་པར་བལྟ་དགོས་པ་ལས་མཐའ་གཅིག་ཏུ་རྒྱལ་ཁབ་འདི་དང་འདིའི་ཁོངས་ཟེར་ནས་བཤད་དཀའ་ཡང་། མི་རིགས་འདི་གནས་ས་གཙོ་བོ་གོང་དུ་བཤད་ཡོད་པ་ལྟར་རེད།

  20. དོན་འགྲུབ། says:
    2012-07-17 at 2:59 am

    གར་ལོག་མེད་པར་འདོད་པ་ནི་ལོ་རྒྱུས་ལ་བསྙོན་འདིང་གཏམ་གྱི་ཡུས་མེད་པར་ངེས་ཏེ། དྲུ་གུ་ནི་དུ་རུ་ག་ལྟ་བུ་ཞིག་ཏུ་བསྡུས་པ་ནི་སྐད་ཆའི་བབ་དང་ཅུང་ཟད་འཚམ་པར་སྣང་ཡང་ལོ་རྒྱུས་ཀྱི་ཞལ་རས་ལ་གཞིགས་ཚེ་གྲིབ་ཅིག་ཕོག་པར་སྣང་སྟེ། སྔར་གྱི་རྒྱལ་རབས་དག་ཏུ་དུ་རུ་ཁའི་དམག་སླེབས་ཚུལ་དང་། དུར་ཁ་ཞེས་བརྗོད་ཚུལ་ནི་ལོ་རྒྱུས་པར་ཡོངས་སུ་གྲགས་པས། དེ་དུས་ནས་དྲུ་གུའི་བརྡ་ཆད་ཀྱང་བྱུང་ཡོད་པས། སྐབས་སྐབས་སུ་གྲུ་གུའམ། བྲུ་གུ་སོགས་ཀྱང་བྲིས་པར་སྣང་བས། དུར་ཁ་དང་དྲུ་གུ་གཉིས་བརྡ་དོན་གཅིག་ཏུ་གོ་བ་བླངས་ཚེ་མིག་གཉིས་གཅིག་ཏུ་བཅོས་པའི་ལོ་རྒྱུས་ལོང་བར་བསྒྱུར་བའི་ཉེན་ཁ་ཆེ་བར་འདོད།

  21. བན་དེ་བ། says:
    2012-07-17 at 3:18 am

    དུ་རུ་ཁ་ལ་བཞི་ཡོད་དེ། སྤྱིར་དུ་རུ་ཁ་ཞེས་པ་བོད་དང་བོད་ཀྱི་རྒྱལ་ཁམས་གནོད་ཅིང་འཚེ་བའི་རྒྱལ་ཁམས།
    དུ་རུ་ཁ་བཞི་སྟེ། བོད་ཡུལ་གྱི་ཕྱོགས་བཞི་ན་ཡོད་པའི་ཡུལ་ཁམས་བཞི་སྟེ། ཤར་གྱི་མཐའ་ན་སོག་པོ་སྤྲེའུའི་སླག་པ་ཅན་དང༌། གཡོ་སྒྱུ་ཐན་དང༌། ལྷོ་ཡི་མཐའ་ན་འཇང་མོ་མིག་དགུ་ཟེར་བ་མིག་གི་ཐན་ཡོད་པ་དང༌། བྱང་གི་མཐའ་ན་ཧོར་གེ་སར་དམག་གི་ཡུལ་བྱ་བར་དགྲ་ཡི་ཐན་ཡོད་པ་དང༌། ནུབ་ཀྱི་མཐའ་ན་རྩ་མི་དང་ཤིང་མི་བྱ་བ་རྫུ་འཕྲུལ་གྱི་ཐན་ཡོད་པ་དང་བཅས་བཞིའོ། སྲིད་རྒྱུད་ཁ་བྱང་སོགས་སུ་བོད་འབངས་རྩི་སྐུད་འགོ་བཅད་བཞིན། བོད་ཁམས་སིལ་བུར་འཐོར་ནས་འགྲོ། རྗེའི་གདུང་རབས་བདུད་ཀྱིས་བཅད། དུ་རུ་ཁ་ཡིས་ས་གཞི་གང༌། ཞེས་པས་སོ།

  22. སྤྱང་ཤོག says:
    2012-07-17 at 9:55 am

    བོད་ཀྱི་ལོ་རྒྱུས་ནང་སྟོད་ཧོར་དང་གར་་ལོག་དུ་རུ་ཁ་ཞེས་ཡང་ཡང་ཐོན་ཀྱི་འདུག།

  23. མིག་བརྒྱད་པ། says:
    2012-07-17 at 10:45 am

    པདྨ་བཀོད་ཀྱི་གནས་ཡིག་ཏུ། སྡུག་པའི་མཐའ་མར་དུ་རུ་ཁ་བ་འོང་།།ཞེས་རྫས་ཀྱི་དུ་རུ་ཁས་རི་བྲག་བཤིག །དམག་དུ་རུ་ཁ་ཆུ་ལྟར་འཕྱུར། ཞེས་པ་ལྟར་དུ་རུ་ཁ་ནི་འབར་རྫས་དང་དམག་ཤུགས་ལ་ཡང་གོ་བ་ཡོད་པ་འདྲ། དུ་རུ་སྐ། དུ་རུ་ཀ། དུ་རུ་ཥྐ། སོགས་ཡིག་རིགས་མི་འདྲ་བ་ཡོད་པ་ཇི་ལྟར་འགྲེལ།

  24. དོན་འགྲུབ། says:
    2012-07-17 at 11:45 pm

    དྲུ་གུའམ་གྲུ་གུ་ནི་དུ་རུ་ཁ་ནོར་སོ་མེད་པ་ཞིག་སྟེ། ཏུན་ཧོང་ཡིག་རྙིང་དུ་མིང་འདི་ཡང་ཡང་བྱུང་བ་མ་ཟད། དེབ་དཀར་སོགས་སུ་དགུ་གྲི་ཟིང་པོ་རྗེ་བཀུམ་མོ། མང་པོ་རྗེ་སུམ་པ་སུམ་པ་ནི་གྲུ་གུའི་ཡུལ་དུ་བྲོས་སོ་ཞེས་སོགས་བཀོད་པས་ཀྱང་། གྲུ་གུ་ཞེས་པའི་ཐ་སྙད་ནི་གནམ་རི་སྲོང་བཙན་དུས་ནས་རྒྱུན་དུ་འབྱམས་པ་ནི་གསལ་བོར་རྟོགས་ནུས་སོ།།

  25. མགོན་པོ་ཕྱག་གཉིས་པ། says:
    2012-07-18 at 10:23 pm

    བདེན་པ་ལགས།
    གོང་དུ་ངས་བཤད་པའི་དྲུ་གུ་ཟེར་བ་དེ། ཏུར་ཀིའི་རྒྱལ་ཁབ་སྟེ་རྒྱ་མིས་ཐུའུ་ཨར་ཆི་ཟེར་བ་དེ་མ་རེད། ངས་དབྱིན་ཡིག་ནང་ Turkey ཟེར་ནས་བྲིས་པ་ནོར་བ་འདྲ། དྲུ་གུ་ལ་ Turk དང་Turc, Turkiཞེས་བྲིས་པའང་འདུག གར་ལོག་ཚུད་པའི་དྲུ་གུ་ནུབ་མ་ལ་Turgii ཞེས་དབྱེ་བ་ཕྱེ་ནས་བྲིས་པའང་འདུག རྒྱ་ཡི་ལོ་རྒྱུས་ཁ་ཤས་ནང་ཐུ་ཅེ་ཟེར་ནས་བྲིས་འདུག ད་ལྟ་ཤིན་ཅང་གཙོ་བོར་གྱུར་བའི་གཡས་གཡོན་གྱི་ས་ཆ་དེ་ཚོ་ལ་ཟེར་གྱི་ཡོད། ནོར་བ་དགོངས་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme