Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།

Posted on 2014-06-032014-06-03 By ཁ་བརྡ་ 9 Comments on གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།

གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།

unnamed-2དེ་ཡང་གསལ་བསྒྲགས་སྔོན་སོང་ལྟར་ཕྱི་ལོ་༢༠༡༤ ཟླ་༦ ཚེས་༣ ཉིན་གྱི་ཕྱག་ཚོད་༢།༣༠ སྟེང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དངོས་སུ་དབུ་འཛུགས་གནང་ཡོད།
སྔོན་འགྲོའི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེ་མིན་སྐུ་མགྲོན་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་ག་གཟི་དགེ་བཤེས་ཉི་མ་དོན་འགྲུབ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་སྐུ་ངོ་གཡུང་དྲུང་འཆི་མེད་ལགས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་སྤུ་བླ་གཡུང་དྲུང་སྐལ་བཟང་ལགས་དང་། སྐབས་བཅུ་གསུམ་པའི་གསུང་བཤད་སློབ་དཔོན་རྣམ་པ། ཚོགས་སྡེ་ཁག་གི་སྐུ་ཚབ་དང་ཚོགས་མི་རྣམ་པ། ཝཱཎཱ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་སློབ་ཕྲུག་དང་། ལྡི་ལི་མཐོ་སློབ་དང་། ཅན་ཊི་གྷར་མཐོ་སློབ་དང་། བོན་གཞིས་སློབ་འབྲིང་གི་སློབ་ཕྲུག་བཅས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་སྐྱ་སེར་སུམ་བརྒྱ་ལྷག་ཙམ་འཛོམས་ཡོད་འདུགunnamed-3

དེ་ཡང་ཐོག་མར་སྐབས་བཅུ་གསུམ་པའི་ཚོགས་གཙོ་རྒན་ཆེན་ཚང་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནས་བགྲོ་གླེང་ངོ་སྤྲོད་ཀྱི་གསུང་བཤད་དང་། སྐུ་ངོ་གཞིས་འགོ་ལགས་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད། དབུས་གཡུང་དྲུང་བོན་འཛིན་སྐྱོང་ཟུང་འབྲེལ་དྲུང་ཆེ་ལགས་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། མཐར་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་བགྲོ་གླེང་འབྲེལ་བའི་གསུང་བཤད་བཀའ་སློབ་ཟབ་རྒྱས་གནང་ཡོད།
དེ་རྗེས་སྐབས་བཅུ་གསུམ་པའི་དྲུང་ཡིག་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་སྐབས་བཅུ་གསུམ་པའི་སྔོན་འགྲོའི་མཛད་སྒོ་ཡོངས་སུ་མཇུག་གྲུབ་པར་བྱས།

unnamed-4ཕྱི་དྲོའི་ཕྱག་ཚོད་༤།༣༠ སྟེང་དངོས་གཞིའི་མཛད་སྒོ་དབུ་འཛུགས་ཞུས་ཡོད་པ་དང་། དེ་ཡང་ཐོག་མར་ཚོགས་གཙོ་ལགས་ནས་དངོས་གཞིའི་མཛད་རིམ་དབུ་འཛུགས་ཞུས་ཡོད་པ་རེད། གསུང་བཤད་སློབ་དཔོན་ག་གཟི་བུ་མོ་གཟི་གཡང་ལགས་གདན་ཞུས་ཀྱིས་བོན་གྱི་ལོ་རྒྱུས་གྱི་ཡིག་ཆ་གལ་ཆེན་ཁག་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་ཞུས་ནས་ཕྱག་ཚོད་ལྔ་དང་ཕྱེད་ཀའི་ཐོག་ཉིན་དང་པོའི་དངོས་གཞིའི་མཛད་རིམ་ཡང་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་ངོ་སྤྲོད་གནས་བསྡུས་ཙམ་མོ།

གསར་འགྱུར།

Post navigation

Previous Post: རང་དང་གཞན།
Next Post: དབུ་མའི་ལམ་གྱི་ལས་གཞི་དབུ་འབྱེད་གནང་འཆར།

Comments (9) on “གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།”

  1. མིག་དམར། says:
    2014-06-03 at 9:41 pm

    བོན་པོ་ཡག་པོ་རེད། བོད་གངས་ཅན་གྱི་ཕ་ནོར་་་

  2. བསམ་ཤེས། says:
    2014-06-03 at 10:28 pm

    བཀའ་སློབ་ག་རེ་གནང་སོང་། གསུང་བཤད་ག་རེ་གནང་སོང་། ལོ་རྒྱུས་ངོ་སྤྲོད་ག་རེ་གནང་སོང་།

  3. ལྷ་སྡེ་གནམ་ལོ་ཡག says:
    2014-06-04 at 12:57 am

    བཀྲ་ཤིས་བདེ་ལེགས་ཡོད། ད་རེའི་བགྲོ་གླེང་བརྒྱུད་ནས་གཤམ་གྱི་བརྗོད་གཞི་འགར་གླེང་ཡོང་བར་རེ་བ་རྒྱག་གི་ཡིན།

    ༡ བོན་གྱིས་རྒྱ་གར་ཆོས་རིག་ལ་ཐེབས་པའི་ཤུགས་རྐྱེན་འཚོལ་སྙེག དཔེར་ན། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནའ་བཅའ་མཁན་ཐོག་མ་བོན་ཡིན་ངེས་པས། འདི་དག་རྒྱ་གར་གྱི་གནས་རི་དང་བླ་མཚོར་འགྱུར་དོན་ཅི།
    ༢ བོན་གྱི་གཞུང་ལུགས་ནང་སྐྱེ་དངོས་མཐའ་དག་སྲོག་ལྡན་དུ་འདོད་པའི་གཞུང་ལུགས་དང་རྒྱ་གར་ནང་གྲུབ་མཐའ་གཅེར་བུ་བའི་སྟོན་པས་གངས་རིན་པོ་ཆེ་ནས་བརྙེད་པའི་རྣམ་ཤེས་ཀྱི་རིགས་ལམ་བར་འབྲེལ་བ་ཡོད་དམ་མེད།
    ༣ བོན་ནི་ཤར་ཕྱོགས་སུ་ཆེས་དར་བའི་ས་མཎ་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་ནམ། ཡང་ན། ས་མཎ་ཆོས་ལུགས་ཀྱིས་བོན་ལ་ཤུགས་རྐྱེན་ཐེབས་ཡོད།

    བཀའ་དྲིན་ཆེ།

  4. ཤར་པ་ says:
    2014-06-04 at 3:54 am

    བོན་ལ་ང་ཚོས་གུས་ཞབས་དང་མི་ཉམས་རྒྱུན་འཛིན་ལོས་དགོས། འོན་ཀྱང་བོན་པོ་ཚོས་ཀྱང་དྲང་བདེན་དང་། སྔར་གྱི་བོན་ལུགས་དང་ད་ལྟའི་སྐབས་བོན་གསར་སོགས་དྲང་བཤད་གནང་གལ་ཆེ། གུ་རུ་རིན་པོ་ཆེས་གདོང་གཟུགས་བོན་གསུང་ཡག་དང། རྗེ་མི་ལ་རས་པ་སྐབས་ཀྱི་བོན་སོགས་ལ་ཁྱད་པར་དྲང་བདེན་བཤད་དགོས། བོན་ཆོས་དེ་ང་ཚོ་བོད་པའི་ཆོས་ལུགས་སྔ་ཤོས་དང་ཕན་ཐོག་ཆེན་པོར་བྱུང་་བ་དངོས་ཡོད་རེད། བོན་མིང་འཛིན་པ་འགས་ཆོས་རྒྱལ་ི་རིམ་བྱོན་དང་། བོད་ཀྱི་ནང་ཆོས་དགྲར་བལྟ་མཁས་ཡང་ཡོད་པ་་བོད་ནས་ཐོན་པའི་དེབ་སོགས་ལས་ཤེས་པས་བོན་གྱི་མཁས་ཚོས་ཀྱང་བདེན་པ་ལ་རྒྱབ་དང་། མ་མིན་ལ་མ་མིན་དུ་གསལ་གནང་གལ་ཆེ་ཞུ།

  5. བསམ་ཤེས། says:
    2014-06-04 at 9:40 am

    ཤར་པ་ལགས།

    སྔར་གྱི་བོན་དང་བོན་གསར་སོགས་ཤེས་དགོས་པ་འདི་ང་ཚོའི་ལས་འགན་རེད། ལས་ཀ་དེ་བོད་གཞུང་གི་ཐོག་ལ་གན་ཁྲི་ཡོད། སློབ་གྲྭའི་སློབ་དེབ་ནང་ལ་དེ་ཚོ་བྲིས་པ་ལས། དེ་བོན་པོ་འབའ་ཞིག་གི་ལས་འགན་མ་རེད། བོན་ཆོས་དེ་ང་ཚོའི་ཕ་མེས་ཀྱི་ཆོས་ལུགས་དང་རིག་གཞུང་ཞིག་ཡིན་སྟབས། ང་ཚོ་ཚང་མ་བོན་པོ་རེད། དད་པ་ཡོད་མེད་ཁག་ཁག་རེད། ངས་ཕྱི་མི་ཚོར་རྒྱུན་པར། ངའི་ཕ་མེས་ཀྱི་ཆོས་ལུགས་ནི་བོན་ཆོས་རེད། ཕྱིས་སུ་ནང་པ་དར་ནས་ང་ཚོ་ནང་པར་བསྒྱུར་བ་རེད། དེར་བརྟེན་ནང་ཆོས་དེ་ང་ཚོའི་ཆོས་ལུགས་གཉིས་པ་རེད་ཅེས་བཤད་ཀྱི་ཡོད། གཏམ་བཟང་ཞུ་རྒྱུ་ཞིག་ལ། གོང་ས་མཆོག་གིས་ཀྱིས་ཀྱང་བོན་ཆོས་དེ་བོད་པའི་གདོད་མའི་ཆོས་ལུགས་དང་། ཆོས་རྒྱལ་ཚོའི་སྐབས་ལ་ནང་ཆོས་དར་བ་རེད་ཅེས་གསུང་ཆོས་སྐབས་གསུང་བཞིན་འདུག་གོ

  6. བན་དེ་བ། says:
    2014-06-04 at 10:55 am

    ད་ཡང་རྒན་མོའི་མིག་ལ་དམར་ཚ་བླུགས་སོང་མིག་ཚ་ནའང་སྡུག་རྒྱོང་རེད་ཕྲག་དོག་མིག་ལ་ཅི་ཡང་དུག

  7. ཤར་པ་ says:
    2014-06-04 at 1:23 pm

    ༄། བསམ་ཤེས་ལགས་བཀའ་དྲིན་ཆེ་ སྐུ་ཉིད་ནས་བོན་གསར་དང་ གདོན་མའི་བོན་གྱི་ཁྱེད་པར་མདོར་སྡུས་ཞིག་གསུང་རོག། བོན་གསར་དེ་ག་དུས་བྱུང་མིན་དང་ བོན་གསར་གྱི་སྟོང་ཉིད་དེ་མགོན་པོ་ཀླུ་སྒྲུབ་ཀྱི་སྟོང་པ་ཅིག་མིན་དང། ཐེག་དགུ་སོགས་དང་རིམ་ལྔ་དང་དོན་ཅིག་མིན་དང། ཡང་ན་རྙིང་མའི་རྫོགས་ཆེན་དང་དོན་ཅིག་མིན་ཞིག་གསུང་པར་ཞུ། སྐུ་ཉིད་ནས་གདོན་མའི་བོན་གྱིས་དམར་མཆོད་བྱེད་པར་གདོན་མའི་བོན་ཆོས་ཡིན་པར་འདོད་དམ་། དྲང་པོ་ནི་ངེས་པར་གལ་ཆེ་བས་དྲང་བཤད་གནང་དང། ལོ་རྒྱུས་ནི་འདས་ཟིན་པས་གསུབ་ཏུ་མེད། བདེན་པ་རེད་བོན་ཆོས་རང་ཅག་བོད་པའི་་ཆོས་ལུགས་དང་རིགས་གཞུང་རེད། ང་ཚོས་བདག་པོ་རྒྱབ་དང་རྒྱབ་།

  8. བསམ་ཤེས། says:
    2014-06-04 at 4:32 pm

    ཤར་པ་ལགས།

    ཁྱེད་ཀྱི་འདྲི་བ་ལ་འཚམ་པའི་ལན་ཡག་པོ་ཞིག་འདི་ལ་འདུག

    http://www.askbon.net/index.php/2013-11-08-08-20-06/item/232-2014-04-20-13-46-18/232-2014-04-20-13-46-18

    བོན་རྙིང་མ་བ་རྣམས་ཀྱིས་བོན་གསར་མའི་གཞུང་ལུགས་ཁག་བན་དྷེའི་ཆོས་དང་འདྲ་བ་དང་། ཆོས་ཀྱིས་ཤན་ཆེན་པོ་ཞུགས་ཡོད་པའི་མཐོང་སྟངས་དང་བསམ་ཚུལ་ཡོད། ཡིན་ན་ཡང་བོན་གསར་གྱི་གདམས་པའི་བརྒྱུད་རིམ་གྱི་དབང་དུ་བྱས་པ་ཡིན་ན་དྲན་པ་ནམ་མཁའ་དང་། གསང་འདུས་གཤེན་གསུམ། ཀུན་ཏུ་བཟང་པོ་སོགས་ལ་ཐུག་ཀྱི་ཡོད་པ་གསལ་ཡོད་ལ། དེ་བཞིན་དུ་བརྗོད་བྱའི་ཐད་ནས་བོན་རྙིང་མའི་གཞུང་ལུགས་དང་ཁྱད་པར་འབྱེད་དཀའ་བ་དང་། བརྗོད་བྱ་ལ་ཡང་རྒྱ་ཆེན་པོ་དང་། གཏིང་ཟབ་པོའི་སྒོ་ནས་སྔགས་རྫོགས་ཀྱི་ལྟ་བ་སྟོང་ཉིད་ཀྱི་རིམ་པ་གསལ་པོར་བསྟན་གྱི་ཡོད། དེར་བརྟེན་བོན་གསར་རྙིང་གི་དབྱེ་བ་དང་དར་ཚུལ་བརྒྱུད་རིམ་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུ་རྒྱུ་ལགས་ན་ལན་གནང་རོགས་ཞུ།

    དྲི་བ་དང་པོ། བོན་གསར་མའི་གཞུང་ཐོག་མར་མཛད་པ་པོ་སུ་ཡིན་པ་དང་དུས་རབས་ག་དུས་ཞིག་ནས་དར་ཡོད་དམ།

    ལན། སྤྱིར་བཏང་རེ་ཞིག་འདིའི་སྐོར་ཁ་གསལ་དང་མཐའ་དཔྱོད་ལྟ་བུ་ཞིག་ཞུ་མི་ཐུབ་ཀྱང་། དུས་རབས་བརྒྱད་པའི་ནང་གཡུང་དྲུང་བོན་ལ་གོད་ཆག་དང་ཉམས་གུད་ཚད་མེད་ཅིག་བྱུང་སྐབས། དྲན་པ་ནམ་མཁའ་ ( འདིའི་དྲན་པ་ནམ་མཁའ་ནི་དག་པོ་ཁོག་ཏུ་ཡབ་དམུ་གཤེན་དག་པ་དང་། ཡུམ་བདའ་བཟའ་མཁའ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་པའི་བོད་ཀྱི་དྲན་པ་ནམ་མཁའམ་དག་པོ་དྲན་པ་ཞུ་བ་དེ་ཡིན། ) དང་བེ་རོ་ཙ་ན་གཉིས་ཀྱིས་བོན་སྡེ་མང་པོ་ཞིག་ཆོས་ཕྱོགས་དང་མཐུན་པར་བསྒྱུར་ཡོད་པའི་ལོ་རྒྱུས་ཡོད་པ་དཔེར་ན། དྲན་པའི་ཨ་དཀར་དགོངས་འདུས་ལས། ” རྒྱ་གར་བན་དྷེའི་འདོད་པ་ཚིམས་པའི་ཕྱིར། །ཆོས་སུ་ཚིག་བསྒྱུར་དོན་དམ་གཡུང་དྲུང་ཀློང་། ” ཞེས་སོགས་དང་། ཐེག་རིམ་ལས། ”

    བདག་འདྲ་བཻ་རོ་ཙ་ན་ཡིས། དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་ཆེན་བསྒྱུར། ” ཞེས་གསུངས་པ་ལྟར། བོན་གསར་མའི་གཞུང་ཟེར་བ་ཅང་བཤད་མི་ཤེས་ཀྱང་འདོན་ཆོག་གཙོ་བོར་བྱས་པའི་བོན་སྡེ་མང་པོ་ཞིག་ཆོས་སྤྱོད་དང་ཆ་འདྲ་བ་སྐབས་དེ་ནས་བྱུང་ཡོད་པར་སྙམ། འོན་ཀྱང་ ” བོན་གསར་མ་ ʼʼ ཞེས་པའི་ཐ་སྙད་འདི་ཕྱིས་སུ་སངས་རྒྱས་གླིང་པ་དང་། སྤྲུལ་སྐུ་མི་ཤིག་རྡོ་རྗེ། ཀུན་གྲོལ་འཇའ་ཚོན་སྙིང་པོ། བདེ་ཆེན་གླིང་པ། གསང་སྔགས་གླིང་པ། བྱ་བཏང་ཚེ་དབང་འགྱུར་མེད་སོགས་ཀྱིས་གཏེར་གསར་མང་པོ་ཞིག་བཞེས། དེ་དང་འདྲ་བར་རྒྱལ་རོང་དགེ་བཤེས་རྩ་ནང་སོ་གཡུང་དྲུང་བསྟན་འཛིན་སོགས་བརྒྱུད་འཛིན་རྣམས་ཀྱིས་གཞུང་དང་ཆ་ལག་མང་པོ་ཞིག་བརྩམས་པ་རྣམས་བོན་གཞུང་རྙིང་པ་དང་ཅུང་ཚིག་གི་ཆ་ནས་མི་འདྲ་བ་བྱུང་ནས་རིམ་པར་བོན་གསར་མ་ཞེས་ཐ་སྙད་དེ་ཡོངས་གྲགས་ཆགས་པ་ཞིག་མིན་ནམ་སྙམ། དེ་མིན་དུས་རབས་བརྒྱད་པའམ་སྐབས་དེ་ཤེད་ནས་བོན་གསར་མ་ཞེས་བཏགས་ཡོད་ཚོད་མ་རེད། རྒྱུ་མཚན་ནི་དེ་སྐབས་བོན་ཞེས་པའི་མིང་ཙམ་ཡང་སྒྲོག་མི་ཆོག་པའི་དུས་སྐབས་ཞིག་འགྱུར་བཞིན་ཡོད་པས་སོ། །

    དྲི་བ་གཉིས་པ། གསར་མའི་གཞུང་གི་བརྒྱུད་རིམ་ཀུན་བཟང་དང་། གསང་འདུས་གཤེན་གསུམ་ལ་ཐུག་གི་ཡོད་དམ་མེད། ཐུག་གི་ཡོད་ན་བརྒྱུད་ཚུལ་སྐོར་གསལ་བཤད་གནང་རོགས།

    ལན། རྩ་བའི་ཆུ་ཕུགས་གངས་ལ་ཐུག་པ་བཞིན་བོན་གསར་མའི་གཞུང་ཁག་ལ་བརྟག་ན་དེ་དག་གི་རྒྱུད་རིམ་རྣམས་མས་ནས་ཡར་ལུགས་སུ་ལྡོག་ན། རང་གི་རྩ་བའི་བླ་མ་ནས་འཆི་མེད་ཡབ་སྲས་གཤེན་གསུམ་དང་། མཐར་རྫོགས་པའི་སངས་རྒྱས་བར་གཏུག་བཞིན་ཡོད་པ་འདྲ། འོན་ཀྱང་གོང་ཞུས་ལྟར་རིམ་པར་ཆོས་ལུགས་གཞན་གྱིས་གཉའ་གནོན་དང་། ཆབ་སྲིད་ལྟ་བུའི་དགོས་དབང་ཞིག་གིས་རྒྱ་དཀར་ནག་ནས་གདན་དྲངས་པའི་ཆོས་སམ། བན་དེའི་བླ་མ་དང་ཆོས་སྤྱོད་པ་འགའ་ཡང་རྒྱུད་ཁོངས་སུ་ཡང་ནས་ཡང་དུ་བགྲངས་ཡོད་པའང་བྱུང་ཡོད་ལ། དེ་བཞིན་ཕྱིས་བྱུང་གི་བོན་གསར་མའི་ནང་སྟོན་པའི་རྣམ་ཐར་དང་རྟོགས་བརྗོད་སོགས་འགའ་ཞིག་ཤཀྱ་ཐུབ་པའི་མཛད་རྣམ་དང་ཆ་འདྲ་བའང་བྱུང་དང་འབྱུང་བཞིན་ཡོད། འོན་ཀྱང་བརྒྱུད་ཚུལ་དངོས་ནི་དཔེ་གཞུང་རེར་མི་འདྲ་བ་ཡོད་སྟབས་རེ་རེ་བཞིན་ད་ལན་ཞུ་ཐུབ་མ་སོང་། གཞན་ཡང་བོན་གསར་གྱི་བླ་བརྒྱུད་འགའ་ཞིག་ཆོས་པ་དང་འབྲེལ་ལམ་ཟབ་པས་ཆོས་ཕྱོགས་ནས་སློབ་སྦྱོང་དང་བླ་སློབ་ཀྱི་འབྲེལ་བ་ཆགས་པ་ཡང་ཡོད་ཚོད་རེད།

    དྲི་བ་གསུམ་པ། བོན་གསར་རྙིང་གི་ཁྱད་པར་གང་གི་སྒོ་ནས་འབྱེད་དགོས་སམ།

    ལན། འདིའི་སྐོར་ཁ་གསལ་ཞིག་ཞང་ཞུང་རིག་གནས་ཉམས་ཞིབ་པ་མཁས་དབང་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ཀྱི་དཔྱད་རྩོམ་དུམ་བུ་ཞིག་འགོད་ན། ” བོན་གསར་རྙིང་གཉིས་ཕྱི་ཆོ་གའི་ཕྱག་ལེན་གནང་སྟངས་ཙམ་ལས་ནང་བསྟན་པའི་སྙིང་པོ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ལ་ཉམས་ལེན་གནང་ཚུལ་ལ་ཁྱད་པར་ཡོད་པ་གཏན་ནས་མ་མཐོང་། འོ་ན་བོན་གསར་རྙིང་གཉིས་ཁྱད་པར་གང་གིས་འབྱེད་པ་ཡིན་ནམ་ཞེ་ན། དེ་ནི་སངས་རྒྱས་གཤེན་རབ་མི་བོའི་རྗེས་འབྲང་གང་ཞིག་ལ་ཞང་ཞུང་དྲན་པ་ནམ་མཁའི་སྲས་གཡུང་དྲུང་མཐོང་གྲོལ་དང་། སློབ་དཔོན་པད་མ་འབྱུང་གནས་གཉིས་གང་ཟག་གཅིག་གི་ངོ་བོར་བཟུངས་ནས་དེ་ཉིད་ལ་བསྙེན་སྒྲུབ་དང་། མཆོད་བསྟོད་གཙོ་བོར་བྱེད་པའི་ཆ་ནས་བོན་པོ་གསར་མ་འཇོག་པ་ཙམ་ལས། དེ་ལས་གཞན་པ་ལྟ་སྒོམ་སྤྱོད་འབྲས་གང་གི་སྒོ་ནས་ཁྱད་པར་དབྱེ་རུ་མེད་པའི་ཕྱིར་ཏེ། བོན་གསར་རྙིང་གཉིས་ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་ཡིན་པའི་ཕྱིར་རོ། ” །ཞེས་གསུངས་པ་ལྟར་ཚིག་གི་འགྲོས་དང་འཕྲིན་ལས་ཀྱི་གཞུང་བསྲང་ཚུལ། ལྷ་སྲུང་འགའ་ཞིག་བཅས་བོན་རྙིང་མ་དང་བསྡུར་ན་ཅུང་མི་འདྲ་བ་ལས་དོན་དམ་གྱི་ཉམས་ལེན་ལ་ཁྱད་ཆེར་མེད་པ་ཞིག་ཡིན་དགོས་པ་འདྲ་ཡང་། གོང་ཞུས་ལྟར་བརྒྱུད་ཁུངས་དང་རྣམ་ཐར་སོགས་འགའ་ཞིག་ང་ཚོས་ད་དུང་ཡང་བརྟག་དཔྱད་དང་ཞིབ་འཇུག་མཐར་ཕྱིན་པ་ཞིག་གནང་དགོས་གལ་ཆེ་སྙམ།

    དྲི་བ་བཞི་པ། གསར་མའི་གཞུང་བཻ་རོ་ཙ་ནས་གསར་བཏོད་བྱས་ཡོད་པའི་ལུང་ཚིག བཀའ་ཐང་སྡེ་ལྔ་ལས་བཻ་རོ་ཙ་ནས་བོན་ཆོས་འདྲེས་མ་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མ་བསྒྱུར། ཞེས་པའི་ཚིག་གིས་བསྟན་ཀྱི་ཡོད་དམ།

    ལན། གོང་དུ་དྲན་པའི་ཨ་དཀར་དགོངས་འདུས་དང་། ཐེག་རིམ་སོགས་བོན་གཞུང་ཁག་དང་དེ་བཞིན་ཆོས་སྤྱོད་ཀྱི་དཔེ་གཞུང་འགའ་ཞིག་ལས་གསལ་ལ་ལྟར་ན། སྐབས་དེར་བཻ་རོ་ཙ་ནས་བསྒྱུར་བའི་བོན་ཆོས་འདྲེས་མ་ཞེས་པ་དེ་ཚོར་བརྟག་དཔྱད་ལེགས་པོ་གནང་ན་གོ་རྒྱུ་ཆེན་པོ་འདུག་སྙམ། དཔེར་ན་ཐེག་དགུའི་ཡོངས་རྩེ་བླ་མེད་རྫོགས་པ་ཆེན་པོའི་བོན་སྐོར་དང་། དེ་ལྟར་ཚེ་གཅིག་འཇའ་ལུས་འོད་སྐུར་འཕོ་ཐུབ་པའི་ཁྲེག་ཆོད་དང་། ཐོད་རྒལ་གྱི་ཉམས་ལེན་འདི་དག་རྙིང་མ་པ་ལ་ཡོད་ཚུལ་ལས་དགེ་ལྡན་པ་སོགས་གྲུབ་མཐའ་གཞན་ལ་མེད་པ་འདིས་དོན་ཡང་སྙིང་འདི་ཚོའི་བྱུང་ཁུངས་གང་ལ་ཐུག་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།

    དྲི་བ་ལྔ་པ། བོན་གསར་མ་འདི་ཉིད་དུས་རབས་བརྒྱད་པའི་སྐབས་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་དྲན་པ་དང་བཻ་རོས་མཛད་ཡོད་པ་གསུང་མཁན་ཡོད་ཀྱང་དེ་ལྟར་ཡིན་ན་སྐབས་དེ་དུས་གཏེར་དུ་སྦས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

    ལན། ལོ་རྒྱུས་ཁག་ལ་གཞིག་ན་སྐབས་དེར་ཁྲི་སྲོང་ལྡེའུ་བཙན་གྱིས་བཻ་རོ་ཙ་ན་ལ་ཆོས་སུ་བསྒྱུར་བའི་དཔེ་ཆ་རྣམས་རྒྱ་གར་ཡུལ་དུ་མཁས་གྲུབ་རྣམས་ལ་ཐེ་ཚོམ་གཅོད་པར་འཁྱེར་དགོས་པའི་བཀའ་ཕབས་པ་དང་། སྐབས་དེར་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་ཕེབས་ནས་གཡུ་སྒྲ་སོགས་འགའ་ཞིག་ལས་གདམས་པ་སྤེལ་བའི་གནས་མ་བརྙེད་ནས་རྫོགས་ཆེན་ལ་སོགས་བོན་སྡེ་མང་པོ་ཞིག་གཏེར་དུ་སྦས་པའི་ལོ་རྒྱུས་ཡོད་པ་དང་། ད་དུང་ཆོས་བྱུང་མཁས་དགའ་སོགས་ལས། རྒྱ་གར་བའི་པཎ་གྲུབ་རྣམས་ཀྱིས་བཻ་རོ་ཙ་ནས་ཆོས་ཡང་དག་པ་མ་ཡིན་པ་ཞིག་བོད་དུ་ཁྱེར་སོང་བ་སྙན་ཕྲ་བཅུག་པ་སོགས་ཀྱི་ལོ་རྒྱུས་རྣམས་ལ་བརྟག་ན། ཁོང་རྣམ་པས་བསྒྱུར་བའི་ཆོས་སམ་སེམས་སྐོར་བོན་སྡེ་མང་པོ་ཞིག་ད་ལྟ་ང་ཚོས་མཇལ་ཡུལ་དུ་གྱུར་པའི་གཡུང་དྲུང་བོན་གྱི་གཞུང་ལུགས་དང་གཉིས་སུ་མེད་པར་ཡོད་རྩང་གཏེར་དུ་མི་སྦས་ཐུ་མེད་བྱུང་ཡོད་པར་སྙམ།

    དྲི་བ་དྲུག་པ། དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་གཉིས་ཀྱིས་གསར་མའི་གཞུང་ག་རེ་མཛད་ཡོད་དམ།

    ལན། སྤྱིར་ང་ཚོས་ད་ལྟའི་ཆར་མཇལ་ཡུལ་དུ་གྱུར་པ་ནི་དྲན་པའི་ཨ་དཀར་དགོངས་སྒྲུབ་སོགས་འགའ་ཞིག་ནི། བཻ་རོས་དྲན་པ་ནམ་མཁའ་ལ་ཞུས་ཏེ་ཡི་གེར་བཏབ་པ་ཡིན་སྐོར་གསུངས་ཡོད། དེ་བཞིན་རྫོགས་ཆེན་གལ་མདོ་ཚད་མའི་ནང་དུའང་དྲན་པ་དང་བཻ་རོ་སོགས་ཀྱིས་མ་འོངས་ལུང་བསྟན་ཚུལ་དུ་གསུངས་པ་འགའ་ཞིག་མཇལ་རྒྱུ་ཡོད། ཡོངས་གྲགས་མ་ཡིན་ཀྱང་བོན་གྱི་གསོ་རིག་འབུམ་བཞི་དེ་ཉིད་དཔལ་ལྡན་བརྒྱུད་བཞིར་བསྒྱུར་མཁན་དེའང་བཻ་རོ་ཙ་ན་ཡིན་སྐོར་ཡང་གསུང་མཁན་ཡོད།

    དྲི་བ་བདུན་པ། དུས་རབས་བརྒྱད་པའི་སྐབས་བོན་གསར་མ་གསར་དུ་བརྩམས་པའི་སྐོར་རྒྱལ་རབས་ལོ་རྒྱུས་དང་། བསྟན་འབྱུང་ཁག་གི་ནང་དུ་མ་གསལ་བའི་རྒྱུ་མཚན་གང་ཡིན་ནམ།

    ལན། སྤྱིར་སྐབས་དེ་ཤེད་ནས་བོན་གསར་མའི་གཞུང་ཞེས་ཁྲིད་གཞུང་ངམ། སྒྲུབ་ཐབས་འགོ་མཐའ་ཆ་ཚང་ཡོད་པ་དེ་འདྲ་གོང་ཞུས་ལྟར་ཁག་པོ་རེད་དྲན། དེས་ན་ལོ་རྒྱུས་ནང་གསལ་ཁ་སྟོན་མེད་པའི་རྒྱུ་མཚན་ནི། བོན་གསར་རྙིང་གི་ཐ་སྙད་དེ་ཕྱིས་སུ་གཞན་སྡེས་ཚུར་བཏགས་པའམ། ཡང་ན་རང་སྡེ་རྙིང་པ་འཛིན་མཁན་རྣམས་ཀྱིས་ཕར་བཏགས་པ་གང་རུང་ལས་ཐ་སྙད་འདི་ལ་ངེས་གཏན་ཞིག་མེད་པས་ཡིན་ནམ་སྙམ། རྒྱུ་མཚན་གཞན་ཞིག་ནི་སྐབས་དེར་དྲན་པ་དང་བཻ་རོས་བོན་སྡེ་བན་ཆོས་སུ་བསྒྱུར་བ་རྣམས་ནང་དོན་གྱི་ཆ་ནས་གཡུང་དྲུང་གི་བོན་དང་འདྲ་བའི་རྒྱུ་མཚན་གྱིས་བོན་གསར་གྱི་ལོ་རྒྱུས་ལོགས་སུ་མ་བྱུང་བ་ཡིན་ན་ཡང་ཆོག

    གང་ལྟར་ང་ཚོས་འདིར་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་གནང་དགོས་པ་ཞིག་ནི། དུས་རབས་བརྒྱད་པའི་སྐབས་སུ་དྲན་པ་དང་བཻ་རོ་སོགས་ཀྱིས་བརྩམས་བསྒྱུར་ཅི་རིགས་བྱས་པའི་བོན་སྡེ་དང་ཆོས་གཞུང་རྣམས་དང་། ཕྱིས་སུ་དུས་རབས་བཅོ་བརྒྱད་པའི་འགོར་བྱོན་པའི་སངས་རྒྱས་གླིང་པ་དང་། དུས་རབས་བཅུ་དགུ་བའི་ནང་དུ་བྱོན་པའི་སྤྲུལ་སྐུ་མི་ཤིག་དང་གསང་སྔགས་གླིང་པ་རྣམས་ཀྱིས་གཏེར་སྟོན་པ་དང་བརྩམས་གནང་བ་ཅི་རིགས་མཛད་པའི་དཔེ་གཞུང་དང་རྒྱུད་རྣམས་ཕན་ཚུན་གོ་བསྡུར་གནང་ན་བོན་གསར་མ་ཞེས་པ་དེ་ག་དུས་བྱུང་བ་དང་། དེ་དང་གཡུང་དྲུང་གི་བོན་གཉིས་ཀྱི་བར་ཁྱད་པར་ཇི་ལྟར་ཡོད་པ་སོགས་གསལ་པོ་མཁྱེན་ཐུབ་དྲན།

    སྤྱིར་བོན་པོའི་སྤྱི་ཚོགས་ཁྲོད་དགོས་དབང་ཞིག་ཡོད་ནའང་ཐང་གང་ལྟར་བོན་གསར་རྙིང་གི་བར་ཞིབ་འཇུག་མཐིལ་ཕྱིན་གནང་མཁན་ཆེར་མ་བྱུང་། འོན་ཀྱང་ཕྱི་རྒྱལ་གྱི་མཁས་པ་ཡིན་ཟེར་མཁན་འགས་འདིའི་ཐད་ཉམས་ཞིབ་འགའ་བྱས་ཡོད་ཚོད་འདུག་ལ། ཁོ་ཚོའི་གྲུབ་དོན་ཟེར་ནའང་འདྲ་གཙོ་གླེང་ནི་དུས་རབས་བཅུ་བཞི་ནས་བཅུ་དགུའི་བར་ལས་དེའི་གོང་དུ་བོན་གསར་མའི་སྐོར་གླེང་བ་ཉུང་ཉུང་ཡིན་ཚོད་འདུག །།

  9. ཤར་པ་ says:
    2014-06-05 at 4:37 am

    བསམ་ཤེས་ལགས་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme