Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།

Posted on 2016-02-022016-02-02 By ཁ་བརྡ 3 Comments on གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།

དཔལ་དགྱེས་པ་རྡོ་རྗེ།

 
བོད་གངས་ཅན་པའི་བསྟན་སྲིད་ཡོངས་ཀྱི་བདག་པོ་ཆོས་ཀྱི་རྒྱལ་པོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་འམ་ཏཱ་ལའི་བླ་མ་རེད། འཛམ་གླིང་སྤྱི་འགྲོས་ལྟར་འགྲོ་བ་མི་མང་དམངས་གཙོ་གཞིར་བཟུང་ནས་ཆོས་སྲིད་བསྟན་སྐྱོང་གི་འདེམས་སྒྲིག་ད་ལྟ་གནང་བཞིན་པའོ།།

དང་པོ་ནི་སྔོན་འགྲོའི་ཆ་རྐྱེན་གྱི་མེ་ལོང་རབ་གསལ་དགོས། སྲིད་སྐྱོང་ཞིག་ལ་དགོས་ངེས་དེ་དྲང་བདེན་དང་ལྷག་བསམ་ཤེས་ཡོན་གྱི་ཕྱུག་པའི་མི་གཤིས་གསེར་དང་འདྲ་བ་ནི་དེང་དུས་རབས་ཉེར་གཅིག་པའི་ཤིང་རྟ་འདྲེན་པའི་ཡིད་བཞིན་ནོར་བུ་ལྟ་བུས་གཞན་ཕན་དང་རང་ཡུལ་སྐྱོང་བའི་སྲིད་པའི་གངས་རྒན་ནོར་འཛིན་མཛེས་པའི་རྒྱན་དང་གནས་པའི་སྲོག་རྩ་རེད། གངས་ལྗོངས་ཀྱི་ཆོས་དང་སྲིད་ཀྱི་ཉི་ཟླ་ནམ་ཡང་ནུབ་པ་མེད་དོ།

གཉིས་པ་ནི་དངོས་གཞི་གདན་འཛོམས་གྱི་རྒྱ་མ་དང་རྒྱ་རྡོ་དགོས། གངས་ཅན་པའི་སྲིད་སྐྱོང་བ་རང་བཙན་གཙང་མའི་བདག་པོ་ཀླུ་མཁར་བྱམས་པའི་གཡུ་འབྲུག་སྔོན་མོའི་སྒྲ་དབྱངས་དང་། རྣམ་དཔྱོད་ཆོས་མཐུན་དང་དབུ་མའི་ལམ་དུ་བསྒྱུར་ཅིང་འཚེ་མེད་ཞི་བདེའི་སྒྲ་སྙན་སྒྲོག་ནའི་གངས་སེང་དཀར་མོའི་བདེན་གཏམ་རྣམས་བསྟན་སྲིད་སྨྲ་བའི་མི་རིགས་ཀྱི་བདག་པོ་བསྟན་པའི་རྒྱལ་མཚན་དང་སྲིད་པའི་བ་དན་གཡོ་བ་མེད་པར་ཕོ་བྲང་དམར་པོའི་རྒྱན་ཏུ་འཆར་བའི་དམིགས་ཡུལ་ལས་གཞན་མེད་མོད། ཆོས་ལུགས་དང་ཆོལ་ཁའི་དུག་རུལ་དང་རང་གཤིས་ངན་པའི་ཞེན་ཆགས་ཀྱིས་ཨང་སྟེགས་ལ་རྔམས་པ་དག་ནི་ཕ་བསད་ཀྱི་རྒྱལ་རྔ་རྡུང་བའི་དཔེ་ལས་མི་འདུག་པས་མི་ལོ་དྲུག་བཅུའི་འབད་འབུས་ཀྱི་རྒྱལ་གཞུང་དེ་དམར་པོ་མེ་དང་སྔོན་མོ་ཆུ་ལ་མི་སྐྱུར་བའི་རེ་འདུན་དང་རྒྱལ་དབང་རིན་པོ་ཆེའི་དགོངས་དོན་མཐར་ཕྱིན་པའི་གྲུབ་འབྲས་དགོས།

གསུམ་པ་ནི་མཐར་དོན་གངས་ཅན་རྒྱལ་བའི་རྒྱལ་རྔ་གྲགས་དགོས། ཉིང་དགོས་མཐར་ཐུག་པ་ནི་གངས་ཅན་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་འདུ་རར་ཁྲ་མོར་གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོའི་དགའ་སྟོན་ལ་རོལ་ཞིང་མི་ཆོས་དང་དམ་ཆོས་གཙང་མའི་རྒྱལ་འབངས་དགེ་བཅུའི་ཁྲིམས་བཟང་གིས་མདོ་དབུས་ཁམས་པའི་ཤི་གསོན་ཀུན་གྱི་རང་དབང་འཛམ་གླིང་མི་དམངས་སྤྱི་མཚུངས་ཀྱི་ཡུལ་སྐྱོང་སྲུང་སྐྱོབ་དང་དམག་སྲིད་ཚོགས་པ། རྒྱལ་དར་དང་ཡིག་སྒམ། རླངས་འཁོར་དང་གནམ་གྲུ། སློབ་གྲྭ་དང་ཉེན་རྟོག སྨན་ཁང་དང་དགོན་སྡེ། དངུལ་སྒོར་དང་ཕྱག་ཁྱེར།སྤྱི་སྤྱོད་རླངས་འཁོར་བཅས་པ་གངས་ཅན་བོད་མིའི་སྡེ་བཞི་མཛའ་གྲོགས་སུ་ལོངས་སུ་སྤྱོད་པ་ཞིག་འབྱུང་བའི་ཡུལ་གངས་ཅན་པ་ཀུན་གྱི་སེམས་ནང་གི་རྨི་ལམ་དེ་མངོན་དུ་འགྱུར་བ་ན་འགྲོ་བ་མིའི་བདེ་སྐྱིད་སྲིད་འདིར་མི་ཉམས་པར་ཞི་བདེའི་འོད་སྣང་ས་གསུམ་ཁྱབ་པའི་རྟེན་འབྲེལ་རྒྱ་ཆེན་པོ་ཡོད་པར་ལགས་སོ།།

ཞེས་པ་འདི་ཡང་རབ་གནས་ཟླ་ཚེས་དགེ་བར་རྒྱལ་ཁབ་ཉེར་དྲུག་གི་ཚོགས་མི་འདུས་པའི་དབུས་སུ་ཁ་ཆེ་ཨ་ས་ལ་དང་ཡེ་ཤུ་པ་ཧོ་སེ་སོགས་གྲོགས་ཕོ་མོ་འགས་བོད་དོན་སྐོར་ལ་དྲི་བ་དང་བོད་གངས་ཅན་པའི་སྲིད་སྐྱོང་དང་རྒྱལ་ཁབ་གླེང་བའི་སྐོར་མདོར་ཙམ་བརྗོད་པ་བོད་རང་གི་ཡིག་ཐོག་ཏུ་དབྱིན་ཡུལ་བྷན་གྷོར་གཙུག་ལག་སློབ་ཁང་གི་དཔེ་མཛོད་ཁང་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྦྱར་བ་དགེའོ།། །། ཕྱི་ཚེས་༡་ཟླ་༢་ལའོ།། །།

སྣ་ཚོགས།

Post navigation

Previous Post: ཡིད་ཆེས་ནི། ཆིག་སྒྲིལ་གྱི་རྨང་གཞི་ཡིན།
Next Post: ངའི་མིག་ལམ་ནས་མཐོང་བཞིན་པའི་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།

Comments (3) on “གཡུ་འབྲུག་སྔོན་མོ་དང་གངས་སེང་དཀར་པོ།”

  1. ཇུང་ཏོག་ says:
    2016-02-02 at 7:02 am

    འབྲུག་མཐོང་མྱོང་དང་གངས་སེང་མཐོང་མྱོང་ཡོད་མཁན་ཡོད་
    ན་མི་མིང་དང་དུས་ཚེས་ལོ་དུས་ལུང་པ་སོགས་གསལ་འདིར་
    བཀོད་ཐུབ་ན་མི་མང་པོ་ཕན་ཐོག་ཡོང་ས་རེད་།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-02-02 at 8:14 am

    ཀླུ་བྱམས་གཡུ་འབྲུག་སྔོན་མོར་གཞོན་ནས། སྲིད་སྐྱོང་འོས་མི་ལས་ཐར་སོང་། སྤེན་ཚེ་ཡང་གངས་སེང་མེད་མཁན་ཅིག་ལ་གཞོན་ནས། ལས་ཀ་གསར་པ་ཅིག་འཚོལ་བཞིན་པ་རེད་འདུག བློ་སེང་རྟ་མ་རག་ན་ཡང་གཡག་ལ་གཡོན་སྲིད་སྟེགས་སུ་འཛེགས་རྒྱུར་གཏན་ཁེལ་འདུག དཔལ་དགྱེས་ལགས།

  3. ཇུང་ཏོག་ says:
    2016-02-02 at 9:25 pm

    གངས་སེང་མེད་པའི་གངས་སེང་དང་།
    གཡུ་འབྲུག་མེད་པའི་གཡུ་འབྲུག་དེ་།
    རྗེས་ལུས་སྤྱི་ཚོགས་མངོན་འདོད་རེད་།
    སྲིད་སྤྱིའི་འོས་འདྲན་སེང་འབྲུག་འདྲ་།
    སྟོང་གཏམ་ཁ་དམག་སྤྱི་ཚོགས་འཐོམ་།
    མཐའ་མའི་རྒྱལ་ཕམ་མི་མང་ལག་།
    ཕྱོགས་གཏོགས་རྒྱང་ནས་བལྟ་མོ་བལྟ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme