Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུ་དྲུག་དཀར་ལ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་འོས།

Posted on 2011-10-04 By སྤོབས་པ་མཐའ་ཡས། 4 Comments on གཡུ་དྲུག་དཀར་ལ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་འོས།

སྤོབས་པ་མཐའ་ཡས།
ཉེ་སྔོན་ནས་སྐུ་ཞབས་ཀླུ་སྨྱོན་ཧེ་རུ་ཀས་རྒྱུ་ཚེགས་བཏང་སྟེ་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ཁྱབ་བསྒྲགས་སྤེལ་བ་ནས་བདག་རང་ཉིད་དགའ་མོས་ཆེ་ཤོས་ཀྱི་ཁ་བརྡ་དྲ་བ་ཡང་ས་ག་ཟླ་བའི་ལྷ་སའི་བར་སྐོར་བཞིན་དུ་འཚངས་ཁ་ཤིག་ཤིག་ཏུ་གྱུར། དེ་ནི་བྱ་དགའི་དངུལ་ཕྲན་བུ་དེ་ཙམ་གྱི་ཆེད་དུ་མ་ཡིན་པར་དེང་དུས་བོད་ཀྱི་རྩོམ་རིག་པའི་རིན་ཐང་གཞལ་བའམ་ཁ་ཕྱོགས་འཚོལ་བ་སོགས་དོན་གནད་གལ་ཆེན་མང་པོ་ཞིག་དང་འབྲེལ་བ་ཡོད་སྟབས་ངས་ཀྱང་བསམ་འཆར་མང་པོ་ཞིག་ཕུལ་ཡོད།
ཀླུ་སྨྱོན་རྩོམ་རིག་འགྲན་བསྡུར་གྱི་རྩོམ་ཡིག་འབྱོར་ཚད་ལ་རགས་ལྟ་རེ་མ་བྱས་བསམ་པ་མེད། ད་ནང་ཞོགས་པ་ཡང་འགྲན་རྩོམ་ལྔ་བཅུ་བོར་ཞིབ་ཀློག་མ་ནུས་ན་ཡང་མིག་བཤེར་ཞིག་བྱས། འདི་དག་གི་ནང་ནས་ངས་དོ་སྣང་ཆེ་ཤོས་སླེབས་ས་དེ་ནི་གཡུ་དྲུག་དཀར་གྱིས་བྲིས་པའི་རིག་གནས་སྣང་ཚུལ་ཞེས་པ་དེ་རེད། དེ་ནི་རྩོམ་ཡིག་འདི་གཅིག་པོ་མིན། གཡུ་དྲུག་དཀར་ཟེར་བ་འདི་སུ་ཞིག་ཡིན་མིན་མི་ཤེས་ལ་ཤེས་དགོསཔ་དེ་ཡང་གལ་ཆེན་མིན། ཡིན་ན་ཡང་ཁོང་གི་གསེར་རྡོག་པོ་ལྟ་བུའི་རྩོམ་ཡིག་མང་པོ་ཞིག་གིས་ངའི་དོ་སྣང་བཀུག་མྱོང་།
ད་ནི་སྐབས་སུ་བབ་པའི་ཁོང་གི་རྩོམ་ཡིག་༼རིག་གནས་སྣང་ཚུལ༽ཞེས་པ་དེ་ཅུང་ཙམ་གླེང་། རིག་གནས་སྣང་ཚུལ་ནི་དེ་ནི་གཞན་དང་གཏན་ནས་མི་འདྲ་བའི་རྩོམ་ཡིག་ཅིག་རེད། ང་ཚོ་བོད་མིས་འཕགས་པའི་ཡུལ་དུ་འབོད་པའི་ཡུལ་འདིར་ཅི་ཞིག་འཚོལ་འདོད་ཀྱི་འདུན་པས་གནའ་ནས་ད་བར་དུ་ཤེས་རབ་དང་བརྩོན་འགྲུས་ཅན་གྱི་སྐྱེས་བུ་ག་ཚོད་མང་པོ་ཞིག་གིས་ལུས་སྲོག་ལོངས་སྤྱོད་ཐད་ལ་བོར་དེ་ཡོང་བར་གྲངས་ཀྱིས་མི་ཟིན་མོད་གཡུ་དྲུག་དཀར་ལགས་ཀྱིས་མཐོང་བའི་རིག་གནས་སྣང་ཚུལ་དེ་ལྟ་བུ་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་སླེབས་ཐུབ་མེད། ང་ཚོའི་བློ་མིག་མི་ཞིབ་པའི་གཤིས་ཀ་རུལ་སུང་དེའི་རྐྱེན་གྱིས་སྐབས་འདིའི་འགྲན་རྩོམ་གྱི་གྲས་སུ་ཡང་ཀློག་པ་པོ་ཚོས་རིག་གནས་སྣང་ཚུལ་གྱི་རིན་ཐང་དེ་མཐོང་མ་ནུས་པ་རེད།
དགེ་འདུན་ཆོས་འཕེལ་ནི་ཉེ་རབས་བོད་ཀྱི་རྩོམ་པ་པོ་མང་པོས་དགའ་མོས་ཆེན་པོ་བྱེད་ས་ཞིག་ཡིན། ང་ཚོ་ཆེས་མང་པོ་ཞིག་ལ་ཕྱི་རོལ་ཡུལ་གྱི་ཆ་ནས་དགེ་འདུན་ཆོས་འཕེལ་ལྟ་བུ་ཞིག་བྱེད་པའི་ཆ་རྐྱེན་ཚང་ཡོད། ཡིན་ན་ཡང་ང་ཚོ་ལ་མེད་པ་དེ་གྲམ་པའི་ནང་གི་རིག་གནས་ཚུད་པའི་རིག་གནས་སྣང་ཚུལ་ལ་ལྟ་བའི་བློ་མིག་མི་ཞིབ་པ་དེ་རེད། གཡུ་དྲུག་དཀར་ལགས་ཀྱིས་བློ་མིག་ཞིབ་མོ་ཞིག་དང་ཁ་ལྕེ་རྣོན་པོ་ཞིག་གིས་ང་ཚོར་ང་ཚོར་གྲམ་པའི་ནང་གི་རིག་གནས་ངོ་སྤྲོད་བྱེད་ཐུབ་ཡོད་པ་རེད། དེ་ལྟ་བུའི་བློ་མིག་ཞིབ་པའི་དཔྱད་སྟོབས་དང་རྩོམ་རིག་གི་ཁ་ཕྱོགས་འཚོལ་སྟངས་ཤིག་ལ་སློབ་དགོས་པ་དེ་ཁ་ཚ་དགོས་གཏུག་ཡིན།
ངས་ཉེ་བའི་ཆར་རྒྱལ་སྤྱིའི་ས་ཁམས་རིག་པའི་ཟླ་དེབ་ལས་རྩོམ་ཡིག་ཅིག་བཀླགས། རྩོམ་ཡིག་དེ་ནི་རྒྱ་གར་གྱི་གྲམ་པའི་ནང་གི་རིག་གནས་དེའི་སྐོར་རེད། རྒྱ་གར་དུ་འཁྱམ་ཉུལ་ཚོ་སྡེ་མི་གྲངས་ས་ཡ་བརྒྱད་ཅུ་ཡས་མས་ཡོད་ཅིང་དེ་ཚོའི་སྲོལ་རྒྱུན་དང་འཚོ་བ་སྐྱེལ་སྟངས་སྐོར་ཞིབ་པར་གླེང་འདུག ང་ཚོ་རྒྱ་གར་དང་འབྲེལ་བ་བྱུང་ཞིང་རྒྱ་གར་གྱི་རིག་གནས་ནང་འདྲེན་བྱས་ནས་མི་ལོ་མང་པོ་དེ་སྙེད་ཅིག་འདས། ཐ་ན་བོད་མི་འབུམ་ཕྲག་མང་པོ་རྒྱ་གར་དུ་གཞིས་ཆགས་ནས་ཡུན་དེ་རྙེད་ཅིག་འདས་རུང་གྲམ་པའི་ནང་གི་རིག་གནས་ལྟ་བུའི་རིག་གནས་དང་།། ལོ་རྒྱུས། འཚོ་ཐབས་སོགས་ལ་ཞིབ་ལྟ་བྱེད་མཁན་ནི་གཡུ་དྲུག་དཀར་དང་གཡུ་དྲུག་དཀར་ལྟ་བུ་རེ་ཟུང་ལས་བྱུང་མེད། མདོར་ན་སྐབས་འདིའི་ཀླུ་སྨྱོན་རྩོམ་རིག་འགྲན་རྩོམ་གྱི་གྲས་སུ་འཚངས་བའི་རྩོམ་ཡིག་ལྔ་བཅུ་པོའི་ནང་ན་རིག་གནས་གསར་པ་ཞིག་ངོ་སྤྲོད་བྱས་ཐུབ་ཡོད་པ་རྩོམ་ཡིག་འདི་གཅིག་པོ་རེད།
དྲ་ངོས་འདིར་གཡུ་དྲུག་དཀར་ལགས་ཀྱི་རྩོམ་ཡིག་ཅིག་ཡིན་ཕྱིན་ངས་ཆད་ལུས་མེད་པར་བཀླགས། གཡུ་དྲུག་དཀར་ལགས་ཀྱི་རྩོམ་ཡིག་གི་བརྗོད་ཚིག་ལ་ཡུལ་སྐད་དང་ཚིག་ཉོག་གི་མ་བསླད་པས་སྤུས་གཙང་བ་དང་། གཞན་གྱིས་དོ་སྣང་སླེབས་མ་ཐུབ་པའི་གནས་ཚུལ་རེ་རེ་ཞིབ་ཏུ་ངོ་སྤྲོད་ནུས་པ། བརྗོད་བྱ་ནི་འཇིག་རྟེན་ཡོངས་ཁྱབ་ཀྱི་བདེན་པ་ལ་གཞིར་བྱས་ཀྱང་རྗོད་སྟངས་ཐད་ནས་རྩོམ་པ་རང་ཉིད་ཀྱི་སེམས་ཚོར་གྱིས་ཕྱུག་པས་དངོས་སུ་གླེང་མོལ་བྱེད་བཞིན་ཡོད་པའི་ཚོར་སྣང་སླེབས་ཐུབ་པ་སོགས་ནི་ཁོང་གི་རྩོམ་ཡིག་ཚང་མར་ཁྱབ་པའི་ཁྱད་ཆོས་ཤིག་རེད།
དྲ་ཐོག་འདིར་གཡུ་དྲུག་དཀར་ལགས་ཀྱི་རྩོམ་ཡིག་ནི་གྲམ་པའི་ནང་གི་རིག་གནས་མིན་པ་ཡང་མང་པོ་སླེབས་ཡོད། དེ་ཡང་ཉེ་ཆར་ཕ་ཡུལ་ལ་ཉན་པ་ཞེས་པ་ཞེས་པའི་རྩོམ་ཡིག་དེ་ལྟ་བུ་ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ཀྱི་གལ་གནད་ཆེ་བའི་འཚོ་བའི་གནས་སྟངས་དང་འགྱུར་བ་ཞིག་གམ་ཡང་ན་ང་ཚོ་ཐུན་མོང་ལ་ཡོད་པའི་སེམས་འཚབ་ཅིག་ཁོང་གིས་སྙུག་རྩེ་ལས་གསལ་བར་བཞུར་ཐུབ་འདུག གཡུ་དྲུག་དཀར་ལགས་ཀྱི་སེམས་འཚབ་དང་དོ་སྣང་སླེབས་ས་དེ་ནི་ང་ཚོ་བོད་སྤྱི་ཁྱབ་དུ་འབྱུང་བཞིན་པའི་ཆག་སྒོ་ཆེན་པོ་སྟེ་སྲོལ་རྒྱུན་གྱི་འཚོ་ཐབས་དང་ཡ་རབ་བཟང་སྤྱོད་ཆག་འཇིག་ཏུ་འགྱུར་བཞིན་པ་དང་དེང་རབས་ཀྱི་ཁྲིམས་ལུགས་དང་དཔལ་འབྱོར་བསག་གཏོང་གི་ཤེས་བྱ་མེད་པར་དབྱར་རྩ་དགུན་འབུའི་ཡོང་སྒོས་ལ་བརྟེན་ནས་སྤྱི་ཚོགས་ཟང་ཟིང་དུ་འགྱུར་བཞིན་དེ་རེད། འདི་དང་འདི་ལྟ་བུའི་སྤྱི་ཚོགས་ཀྱི་དཀའ་ངལ་དང་ནད་གཞི་རེ་རེ་ངོས་འཛིན་ཐུབ་པའི་རྩོམ་པ་པོ་དེ་ང་ཚོར་དུས་བབ་གནད་སྨིན་གྱི་དགོས་མཁོ་ཤིན་ཏུ་ཆེན་པོ་མ་རེད་དམ།

རྩོམ་རིག

Post navigation

Previous Post: སྲད་སྐྱིད་བྱང་བློ་གྲོས་རྒྱ་མཚོ་ལགས་སུ་བཅར་འདྲི།
Next Post: རང་བཙན་ནས་དབུ་མར་འཁྱུད་སྟངས།

Comments (4) on “གཡུ་དྲུག་དཀར་ལ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་འོས།”

  1. འདྲེ་མགོ་རྡོ། says:
    2011-10-05 at 4:18 am

    ཅང་བཤད་འདུག་བསམས་པ་ཞིག་བྲིས་མི་འདུག སྤོབས་པ་མཐའ་ཡོད་རང་རེད།།

  2. བསོད་ནམས་གུ་རུ། says:
    2011-10-05 at 9:08 am

    ཁར་ཉིན་དྲ་ཐོག་ཏུ་མཆན་མི་འབྲི་ཞེས་ཐག་བཅད་པ་ཡིན་ཡང་། རྩོམ་ཐུང་འདིའི་ཆེད་དུ་ཡང་བསྐྱར་དྲ་ཐོག་ཏུ་གཅིག་མི་ཡོང་ཐབས་མེད་བྱུང་སོང་བར་དགོངས་དག་ཞུ་རྒྱུ་ཡིན།

    ཀླུ་སྨྱོན་རྩོམ་རིག་བྱ་དགའ་བོན་རྒྱ་ལ་སྟེར་འོས།

    ད་ནི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་གྱི་ཐོག་ལ་ཁ་གྲག་ཤེས་ཚད་ཀྱིས་རང་ རང་གི་བསམ་ཚུལ་རེ་རེ་ཤོད་ཀྱི་འདུག་པས་ངས་ཀྱང་ཀློག་པ་པོ་མི་གཅིག་གི་ཚོད་ཀྱི་རང་གི་བསམ་ཚུལ་ཞིག་བཤད་རྒྱུ་ཡིན། ངས་བལྟས་ན་ད་རེས་ཀྱི་རྩོམ་རིག་བྱ་དགའ་འདི་འབུལ་འོས་ས་དེ་བོན་རྒྱ་བསྟན་འཛིན་རབ་རྒྱས་རེད། རྒྱུ་མཚན་ནི། དང་པོ་ཁོང་གི་རྩོམ་དེའི་ཚིག་སྦྱོར་སྙན་ཞིང་གོ་བདེ་བར་མ་ཟད། བརྗོད་བྱ་ཡང་བོད་ཀྱི་སྐད་དང་ཡི་གེ་རེད། བརྗོད་བྱ་ལེན་སྟངས་ཀྱི་ཐོག་ནས་བལྟས་ན་ཁོང་གིས་བོད་ཁ་བ་ཅན་གྱི་སྐད་དང་ཡི་གེ་ནི་ལྷ་ཡིས་བསྩལ་བའི་སྐྱེས་དང་། མེས་པོས་བཞེངས་པའི་ནང་ནོམ་ཡིན་པར་གསུངས་པས་བོད་ཀྱི་སྐད་ཡིག་གི་རིན་ཐང་རྟོགས་ཡོད་པ་ཤེས་ཀྱི་འདུག ད་དུང་ཁ་བ་ཅན་གྱི་སྲོག་དང་། ཆིག་སྒྲིལ་ལྕགས་ཀྱི་ཐག་པ་བོད་ཀྱི་སྐད་ཡིག་ཡིན་པར་གསུངས་པས་སྙན་ངག་གི་དཔེ་དོན་སྦྱོར་ཚུལ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་གསལ་པོ་རེད། ཡང་ཀ་སོགས་གསལ་བྱེད་སུམ་ཅུ་ཐམ་པ་བོ་གླིང་གི་དཔལ་རྟུལ་སུམ་ཅུ་དང་། ཨི་སོགས་དབྱངས་ཀྱི་སྦྱོར་བ་བཞི་བོ་བཀའ་གདམས་ལྷ་བཞིའི་གྲངས་དང་སྦྱར་འདུག་པས་གྲངས་ལ་ཡང་མ་རྨོངས་པ་ཞིག་ཡིན་པ་རྟོགས་སླ། ད་དུང་བོད་ཀྱི་སྐད་ཡིག་འདི་ཁྲོ་བོ་མི་གཡོ་བ་དང་མཚུངས་པར་བཤད་པས་སྔགས་ལ་ཡང་གོ་བ་ཡག་པོ་ཡོད་ཚོད་འདུག དེ་ལ་སོགས་པའི་ཁྱད་ཆོས་མང་ཡང་རེ་རེ་བཞིན་བརྗོད་ཚོད་མ་མཆིས་ཀྱང་། མདོར་ན་བརྗོད་བྱ་བརྗོད་བྱེད་གང་གི་ཆ་ནས་ཀྱང་ལེགས་པར་སྣང་། དེ་ལས་ཀྱང་སེམས་ལ་གཡོ་འགུལ་ཐེབ་ཅིང་མིག་མཐར་མཆི་མ་འཁོར་འོས་པ་ཞིག་ནི། རང་གི་ཁ་གཏད་གཙོ་བོར་གྱུར་བའི་སྤྲིན་གྱི་རྒྱ་མཚོ་ལ་རྒོལ་གང་ཐུབ་བྱས་པ་དང་། སློབ་ དཔོན་འཇིགས་མེད་མཆོག་ལ་ཆ་རྒྱུས་གང་ཡང་མེད་ཟེར་ཞོར་ལ་ཁོང་གིས་གང་བྲིས་པ་རྣམས་མི་ཆོས་བླ་མའི་རྫུན་ཤ་སྟག་ཡིན་པར་ཐག་བཅད་ནས་མནའ་བསྐྱལ་གྲབས་བྱས་འདུག་པ་དེས་བོན་རྒྱ་པ་ཁོང་ད་རེས་ཀྱི་རྟགས་མ་དེ་ལ་ཞེན་ཆགས་ཅི་ཙམ་ཡོད་པ་ཡང་གསལ་བོར་བསྟན་འདུག འདི་ལྟར་ངོ་ཚ་དང་མྱི་ཁ་ཡོད་ཚད་རྒྱབ་ཏུ་གཡུག་ནས་ཤི་བ་སྲོག་བསྡོས་ཀྱིས་འགྲན་རྩོད་ལ་ཞུགས་མཁན་ཞིག་ལ་རྟགས་མ་དེ་མ་ཐོབ་ན། ཀླུ་སྨྱོན་ཁྱེད་ཀྱང་ལས་རྒྱུ་འབྲས་ལ་ཡང་བརྩི་འཇོག་མ་བྱས་པ་འདྲ་བོ་ཞིག་འདུག་པས། ད་རེས་ཀྱི་རྟགས་མ་དེ་ངས་ནི་བོན་རྒྱ་བསྟན་འཛིན་རབ་རྒྱས་ལ་ཐོབ་རྒྱུར་རྒྱབ་སྐྱོར་བྱས་པ་ཡིན། ཁར་ཚང་སྤྲིན་གྱི་རྒྱ་མཚོ་ལ་རྒྱབ་སྐྱོར་བྱས་ཀྱང་དེ་རིང་བོན་རྒྱ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

  3. བསོད་ནམས་གུ་རུ། says:
    2011-10-05 at 9:18 am

    མཆན་གཅིག་ཐེངས་གཉིས་ལ་མ་གཏོང་ཞེས་ཁ་བརྡས་བཤད་ཡོད་པ་ཞིག་མཐོང་མྱོང་ཡང་། ཁ་བརྡའི་ལས་བྱེད་སྤོབས་པ་མཐའ་ཡས་ཀྱིས་དྲ་ཐོག་གི་རྩོམ་དེ་ངོ་གདོང་ན་གཅིག་བཞག མཆན་ལ་གཅིག་བཏང་འདུག་པས་ངས་ཀྱང་འབྲེལ་བ་ཡོད་ས་གཉིས་ལ་གོང་གི་མཆན་དེ་བཏང་བ་ཡིན། ཡང་ཐུབ་ཚོད་བྱས་ནས་མ་བསུབ་རོགས།

  4. ཚེ་རྒྱལ། says:
    2013-10-16 at 2:34 am

    གཡུ་དྲུག་དཀར་ཞེས་པའི་ཚིག་དེ་དཔེ་རྙིང་འགར་འདུག དེ་གཡུ་རིགས་བྱེ་བྲག་པ་ཞིག་རེད་པས། ལན་སུས་གནང་ཡང་དགའ་བསུ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme