Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་བཞུགས་སོ།

Posted on 2012-12-282012-12-28 By ཁ་བརྡ་ 8 Comments on གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་བཞུགས་སོ།

 

 

ན་མོ་གུ་རུ་བྷེེ་ཥ་ཛྱེ། འདི་ནས་ཤར་གྱི་ཕྱོགས་རོལ་ན། །བེེཌུརྱ་ཡི་ཞིང་ཁམས་ན། །བཞུགས་པའི་བཅོམ་ལྡན་སྨན་གྱི་བླ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལྟ་ན་སྡུག་པའི་ཕོ་བྲང་ན། །ཤྰཀ་ཐུབ་བཅོམ་ལྡན་སྨན་གྱི་བླ། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །གངས་ཅན་བོད་ཀྱི་ཞིང་ཁམས་ན། །སྤྱན་རས་གཟིགས་དང་དབྱེར་མེད་པའི། །གཡུ་ཐོག་མགོན་པོ་སྨན་གྱི་བླ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདུད་རྩི་སྨན་གྱི་རིག་འཛིན་མཆོག །གསོ་རིག་བསྟན་པ་རྒྱས་མཛད་པ། །ཟུར་མཁར་ཆོས་རྗེ་གོང་འོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བླ་མ་སྨན་རྒྱལ་རིགས་ལྔ་དང་། །ཡི་དམ་རྟ་ཕག་གཙོ་དང་འཁོར། །ཆོས་སྐྱོང་དམ་ཅན་སྡེ་དགུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ནད་རིགས་ཐམས་ཅད་ཞི་བ་དང་། །བྱང་ཆུབ་སེམས་ཀྱི་འབྱོངས་པ་ཡིས།  །བྱང་ཆུབ་ཐོབ་པར་མཛད་དུ་གསོལ། །ཅེས་པ་འདི་གཡུ་ཐོག་གི་བླ་སྒྲུབ་ཞག་བདུན་བྱས་དུས་རྨི་ལམ་དུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཐུགས་ཤིན་ཏུ་དགྱེས་ཤིང་དབང་སྒྲུབ་མཛད་པའི་དབང་གྲལ་དུ་ཁོ་བོ་བཙུད་པ་དང་།  བཀའ་བཀོད་མང་དུ་གནང་།  ནམ་མཁར་བར་སྣང་ཐམས་ཅད་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གིས་གང་བ་ཡིན་སྙམ་ཡང་། སྐུ་བཞིན་གསལ་བར་མ་མཐོང་སྟེ། ཞི་བའི་ཞལ་གསུམ་དཀར་པོ་ཞི་ཞིང་འཛུམ་པ་ཁོ་ནས་བར་སྣང་ཐམས་ཅད་གང་སྟེ་འཛུམ་ཞིང་བདག་ལ་སྤྱན་གྱིས་གཟིགས་པ་གཅིག་རྨིས། གཉིད་མ་ཡིན་ཉམས་ཀྱི་སྣང་བར་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་མི་མགོ་ཙམ་ཞིག་སྟེར་བྱུང་བ་དང་། གཞན་བཀའ་སྲུང་དམ་ཅན་སྡེ་དགུའི་རྨིས་ལྟས་མང་དུ་བྱུང་བས་ཀརྨ་ར་གྰ་ཨསྱས་བྲིས་པའོ།། །།

 ___________སྤྲུལ་འཁོར་སྐལ་བཟང་དོན་ལྡན།

རྩོམ་རིག

Post navigation

Previous Post: མ་འདྲིས་པའི་མཛའ་བཤེས།
Next Post: ༼ གཞུང་ལུགས་བྲན་རྒོལ་༽ཟེར་བའི་གཡམ་རྒྱུག་རུ་ཁག་ལ།

Comments (8) on “གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་བཞུགས་སོ།”

  1. རང་གྲོལ། says:
    2012-12-29 at 2:15 am

    ་ཀརྨ་ར་གྰ་ཨསྱས་ཟེར་པ་དེ་བདེ་སྨོན་རྩོམ་པ་པོ་དེ་ཡིན་ནམ་གསུངས་བར་ཞུ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-29 at 4:20 am

    པདྨ་རཱ་གའི་ཡི་གེ་དག་པ་དང་། སྡེབ་སྦྱོར་ལེགས་པ་ལ་བལྟ་ན། གཡུ་ཐོག་ཡོན་ཏན་མགོན་པོ་དེ་དང་ལྷན་ཅིག་ཏུ་བཞུགས་དགོས་པ་འདུག་གོ །

  3. མ་ཧཱ་སིདྡྷི་ནས། says:
    2012-12-29 at 12:58 pm

    རེད་ཁོང་བདེ་སྨོན་རྩོམ་པ་པོ་མ་ཟད་བཀའ་རྙིང་གཉིས་ཀྱི་བསྟན་པ་ལ་བྱ་བ་རླབས་ཆེན་གནང་མཁན་མཚན་གཞན་ཀརྨ་ཆགས་མེད་སོགས་ཞུ་བ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-12-29 at 1:00 pm

    ན་མོ་གུ་རུ་བྷེེ་ཥ་ཛྱེ།
    འདི་ནས་ཤར་གྱི་ཕྱོགས་རོལ་ན། །
    བེེཌུརྱ་ཡི་ཞིང་ཁམས་ན། །
    བཞུགས་པའི་བཅོམ་ལྡན་སྨན་གྱི་བླ། །
    གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །

  5. རྒྱལ་ཁམས་ says:
    2012-12-29 at 8:46 pm

    ངེས་བསམ་ན་ སྐུ་མདོག་བྷེ་ཌུར་ཡ་ཡི་གཞིང་ཁམས་ན།
    འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་བསེལ།
    བྱང་ཆུབ་སེམས་དཔའ་རྒྱད་ཀྱི་འཁོར་གྱི་བསྐོར།
    རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་ལོ།

    དགེ་སློང་ཀརྨ་ཆགས་མེད་ཀྱི་རི་ཆོས་འཚམས་ཀྱི་གཞལ་གདམ་དེ་དག་ཀློག་དང་
    སྦྱིན་རླབས་ཆེན་པོ་ཡོད་རེད་་་་ ཁོང་གི་གསུང་འབུམ་ཕལ་ཆེར་པོད་བཞི་བཅུ་གང་ལ་བཞུགས་ཡོད་
    དེ་དག་ནང་རྩ་གསུམ་གྱི་སྒྲུབ་ཐབས་སོགས་མང་དུ་ཡོད་་་

  6. རྒྱལ་ཁམས་ says:
    2012-12-29 at 8:48 pm

    བྷེ་ཌུར་ཡ་ཡི་གཞིང་ཁམས་དེ་ཕལ་ཆེར་་་་་ ལྷོ་ཕྱོགས་ལ་ངོས་འཛིན་གནང་གི་མེད་དམ་་་་་་

  7. དོལ་སྨྱོན། says:
    2012-12-30 at 9:55 am

    གོང་གི་མ་དཔེའི་་་་ནམ་མཁར་བར་སྣང་་་་ཞེས་པ་ལ་ནམ་མཁའ་བར་སྣང་མིན་ནམ་སྙམ།

  8. དོལ་སྨྱོན། says:
    2012-12-30 at 10:01 am

    བཻཌཱུརྱའམ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་འདོད་ཚུལ་ལ་མཁས་པ་རྣམས་ཀྱིས་བཞེད་པ་མི་མཐུན་པ་མང་དུ་སྣང་མོད།
    འོན་ཀྱང་གཡུ་ཐོག་རྙིང་མའི་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་ལས། ཕྱི་ནང་གསང་གསུམ་དུ་ཕྱེས་ནས་གསུངས་པ་ནི་དོན་ལ་གནས་པར་སེམས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme