Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུ་ཐོག་ལམ།

Posted on 2010-08-232010-08-23 By ཁ་བརྡ་ 17 Comments on གཡུ་ཐོག་ལམ།

བསྟན་འཛིན་བདེ་སྐྱིད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།

འདི་ནི་གནས་ལུགས་གང་ཡིན་དགོས་པ་སྟེ།
ང་ཚོས་རྫ་གཡམ་སྔོན་པོའི་སྟེང་མིན་པར་རྡོ་གཅལ་ཐོག་གོམ་བགྲོད་བྱེད།
ཁྱེད་ཀྱིས་བློ་ཕམ་པའི་རྣམ་འགྱུར་སྟོན་ཁུལ་བྱེད།
འདི་ལ་ཆོ་གའི་རིན་ཐང་དེ་ཡོད་པར་འགྱུར།

ཞོགས་ཀའི་ཉི་མ་དེ་མཁའ་དབྱིངས་ནས་ཟགས་པར་འགྱུར།
ང་ཚོས་རང་ཉིད་དེའི་མེ་ལྕེ་ལས་སྲུང་བར་བྱེད།
དེ་ནི་བཟོད་དཀའ་བ་ཞིག་མིན་མོད།
ཡིན་ཡང།
ང་ཚོས་ཤར་ཕྱོགས་ནས་འབྱོར་བ་དེར་གཟབ་དགོས་བ་ཤེས་ཡོད།

ང་ཚོ་ནི་འདི་རུ་ཡིད་དུ་འོང་བ་ཞིག་མིན།
ང་ཚོ་ཐང་ཆེན་དུ་སྡོད་པ་དེས་དེ་ལྟར་བསྒྲུབས་ཡོད།
ཡིན་ན་ཡང་ད་ལྟ་གསང་ལབ་ཁྲོད་བརྩེ་དུང་འཁྱེར་འདུག
ང་ཚོས་ལམ་གཞན་འདེམས་མི་སྲིད།

ལྷ་ཁང་གི་ཕྱི་རོལ་ནས་ང་ཚོས་ང་ཚོ་འཐུ།
དེ་ནས་དེའི་བདེ་སྲུང་གི་མངལ་དུ་འཛུལ།
འདི་རུ་ང་ཚོར་འཇིགས་སྐུལ་བ་ཁྱོན་ནས་མེད།

ང་ཚོས་རང་གི་མཆོད་རྫས་སོ་མ་དང་སོས་པ་རྣམས་ཕྱིར་འདོན།
སྐབས་འདིར་འདི་དག་གང་ལ་དམིགས་པ་དེར་འགྲོ
ད་ལྟ་མཆོད་མཇལ་བ་རྣམས་ཀྱི་ཛ་དྲག་ཇེ་ཉུང་ལ་ཕྱིན།
ག་ལེར་ལྷ་དང་ལྷ་མོའི་གྲིབ་གཟུགས་ཀྱིས་རང་ག ི་རྫས་ཇེ་ཆེར་གཏོང་།

ལྷ་ཁང་གི་སྦུབས་སུ།
ངས་ཁྱེད་ཀྱི་ཆེད་དུ་རང་གི་མིང་ནས་འབོད།

(ཟུར་མཆན། གཡུ་ཐོག་ལམ་ནི་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་འཁྲིས་ཀྱི་ལམ་ཕྲན་ཞིག་གི་མིང་ཡིན།)

སྙན་རྩོམ་འདིའི་མ་ཡིག་ལ་འདི་ནས་གཟིགས།

སྙན་ངག

Post navigation

Previous Post: མ་མཐོང་དགུ་མཐོང་།
Next Post: བོད་ནང་ནས་འདྲི་བ་ཞིག་བསྐུར་བྱུང་།

Comments (17) on “གཡུ་ཐོག་ལམ།”

  1. མདོ་ལྷ་ཁམས་པ། says:
    2010-08-23 at 1:35 pm

    ཨུམ་ཨུམ་ཨུམ།
    ངས།རང་གི་བོད་ཡིག་གི་གོ་བ་འདི་འདྲ་འདྲའི་སྐྱོ་བོ་ཞིག་ཡིན་པ་དེ་རིང་བར་དུ་ཧ་གོ་མ་བྱུང་།
    རྩོམ་ཡིག་ཧྲིལཔོ་ཐེངས་གཉིས་བཀླགས་ཀྱང་ནང་དོན་གཅིག་ཀྱང་མགོ་ཚོད་མ་སོང་།
    དྭ།རང་ཉིད་རང་ལ་ཡིད་ཆད་པ་ལས་བྱེད་ཐབས་གཞན་ག་རེ་ཡོད་རེད།
    དྲིན་ཆེན་མ།

  2. དགེ་འདུན་རབ་གསལ་ says:
    2010-08-23 at 3:46 pm

    གཅིག་བྱས་ན་དབྱིན་ཇིའི་སྙན་ངག་བོད་ཡིག་ཏུ་བསྒྱུར་སྐབས་འདི་འདྲ་ཡིན་སྲིད། ཚིག་རེ་རེ་ལ་གོ་བ་རེ་རེ་བླངས་ནས་ཉན་ན། འདི་ནི་བཙན་བྱོལ་བ་ཞིག་བོད་དུ་ཕྱིན་པའི་མྱོང་ཚོར་ཞིག་ཡིན་པ་གོ་བ་འདུག ལྟོས་དང་། རྒྱ་གར་གྱི་ཐང་ཆེན་ན་སྡོད་པ། ཤར་ཕྱོགས་ཀྱི་ཉི་མ་ཚ་བ། གསང་ལབ་ཀྱི་བརྩེ་དུང་། དེ་དག་གིས་གནད་རེ་འཁྱེར་འདུག མི་འདུག་གམ།

  3. མེ་ཏོག་དཀར་པོ། says:
    2010-08-23 at 4:01 pm

    དགེ་འདུན་རབ་གསལ་གྱིས་གོ་བ་ལོན་པ་འདྲ་ཞིག་གསུངས་འདུག ང་ནི་འདོད་ལྷ་ཁམས་པའི་རྣམ་དཔྱོད་ལས་ཡར་འཕགས་མེད་པ་དེ་རིང་ཤེས། གཡུ་ཐོག་ལམ་ཁོ་རང་ཁ་མ་གྲགས་ན་ངའི་ངོར་ཁྱི་ལ་རྩ་རང་རེད་འདུག

  4. ར་རྔ། says:
    2010-08-23 at 4:41 pm

    (ཟུར་མཆན། གཡུ་ཐོག་ལམ་ནི་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་འཁྲིས་ཀྱི་ལམ་ཕྲན་ཞིག་གི་མིང་ཡིན།)ཞེས་པ་དེ་ལས་གཞན་སྙན་རྩོམ་དེའི་སྟེང་གོ་རྒྱུ་གང་ཡང་མིན་འདུག

    རབ་གསལ་ལགས།
    ད་ཁྱེད་ཀྱི་བཙན་བྱོལ་དང་གཞི་ལུས།་་་་གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་བ་དེ་རྩོམ་ཡིག་ཐོག་ལའང་སྟོན་གྱིན་འདུག

  5. tenzin says:
    2010-08-23 at 5:59 pm

    Yuthok Lane

    This is how it will be.
    We will take a walk on concrete, not blue tiles.
    You will pretend to be disappointed.
    This will have the quality of a ritual.

    འདི་ལྟར་སྒྱུར་ན་ཅི།

    གཡུ་ཐོག་ལམ།

    མ་འོངས་པ་ན། འདི་ལྟར་ཡོང་སྲིད། 
    ཁྱེད་ཀྱིས་རྡོ་གཅལ་འཇམ་པོ་ཞིག་གི་སྟེང་ལ་ཆམ་ཆམ་མི་བྱེད་པར། 
    དེའི་ཚབ་ལ་ཨར་དམ་མཁྲེགས་པོ་ཞིག་གི་སྟེང་ལ་སྐྱོད་དགོས་ཐུག
    དེའི་ཚེ་དེའི་དུས་སུ། ཁྱེད་ཀྱིས་དེ་ལ་ཁྲེལ་ཚུལ་ཀྱང་བྱེད། 
    དེ་ལྟར་བྱེད་མུས་སུ། བྱ་བ་འདི་ནི་ཉིན་ལྟར་སྐྱང་བའི་ཆོ་ག་ལྟ་བུར་འགྱུར།

  6. tenzin says:
    2010-08-23 at 6:26 pm

    In the morning the sun will fall from the sky,
    We will protect ourselves against its fire.
    It is not so unbearable but
    We have learnt to be wary of arrivals from the east.

    ཞོགས་པ་ཉི་མ་ཤར་ནས་འཆར་འོངས།
    ང་ཚོས་ཉི་འོད་ཀྱི་ཚ་དྲོད་ལྡོག་ཆེད་རང་ལུས་སྲུང་བར་ཡང་བྱའོ།
    སྤྱིར་ཉི་འོད་ནི་འདི་ལྟར་བཟོད་མི་ཐུབ་པ་མེད་ཀྱང་།
    ང་ཚོས་ཤར་ནས་ཆད་ཡོང་བའི་དངོས་པོ་ལ་དྭོགས་གཟོན་བྱ་དགོས་པ་དེ་སྔར་ནས་ཤེས།

  7. tenzin says:
    2010-08-23 at 6:49 pm

    We are unbeautiful here.
    Our stay in the plains has made us so.
    But whispers now carry endearments.
    And we would not have it any other way.

    ང་ཚོ་ནི་གཞན་གྱི་མིག་ལ་མི་མཛེས་མོད།
    དེ་ང་ཚོ་ཐང་ལ་བབ་ནས་སྡོད་པ་དེས་རྐྱེན་བྱས་སྲིད།
    འོན་ཀྱང་༼མང་ཚོགས་ཀྱི་༽ཤབ་ཤོབ་ཀྱི་གཏམ་ལས་ང་ཚོར་འགུ་བའི་རྣམ་འགྱུར་འཚོར་བས།
    ངེད་ཚོ་ནམ་ཡང་འདམ་ག་གཞན་མི་བྱེད་པའི་ཆོད་སེམས་སྐྱེས།

  8. tenzin says:
    2010-08-23 at 6:55 pm

    ཟུར་འདེབས་ལ། སྙན་ངག་འདི་དབྱིན་ཡིག་ནང་ཀློག་སྐབས། སེམས་ནང་སྐྱོ་སྣང་ཅིག་ཅར་དུ་འདྲེན་ནུས་པའི་ཁྱད་ཆོས་འདུག འོན་ཀྱང་བོད་ཡིག་ལ་སྒྱུར་སྐབས། འདི་ལྟར་ཟབ་པའི་འཚོར་སྣང་འདི་སླ་མོར་ཡོང་མི་ཐུབ། ཅིའི་ཕྱིར།

  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-08-24 at 12:45 am

    ཁྱེད་ཚོའི་མཆན་དེ་ཚོར་ལན་ཞིག་རྒྱག་རྩིས་ཡོད་མོད། དོ་དགོང་ཐང་ཆད་འདུག ད་གཉིད་གི་ཡིན།
    སང་ཉིན་ཞིག་ལ། ཚངས་དབྱངས་ཀྱིས། ཐད་བསྒྱུར་མིན་པ། དོན་བསྒྱུར་ཡང་མིན་པ།
    གོ་ལོག་དོན་ལོག་བྱས་ནས་འགའ་བསྒྱུར་འདུག་པ་དེ་ཚོར་ལན་ཐུང་ཞིག་རྒྱག་གི་ཡིན།
    ཧམ་པ་ཟེར་ན་དེ་རང་རེད།

  10. ཚངས་དབྱངས། says:
    2010-08-24 at 9:30 am

    རིག་འབྱུང་ལགས།

    གུས་པས་འདིར་ང་རང་གིས་གོ་བ་ཇི་ལོན་ལྟར་ཚང་མར་དཔྱད་གཞིའི་ཆེད་དུ་སྒྱུར་ཞིག་ཕུལ་བ་དེར། སྐུ་ཉིད་ནས་བསམ་འཆར་ཡོད་ན་དགའ་བསུ་ཞུ། ཡིན་ནའང་ལན་ཞིག་ཡིན་གཅིག་མིན་གཅིག་དགོས་ཀྱི་མིན་འདུག རྒྱུ་མཚན་ནི་ངས་མཁྱེན་ཡངས་ན་གཞོན་ཁྱེད་ཀྱི་སྒྱུར་ལ་སྐྱོན་བརྗོད་དང་རྩོད་གླེང་ཞུ་གི་མེད། སྙན་ངག་ལ་གོ་བ་མི་འདྲ་བ་ལེན་པ་འདི་སྙན་ངག་གི་ཁྱད་ཆོས་གཙོ་བོ་མ་ཡིན་ནམ།

  11. དགེ་འདུན་རབ་གསལ་ says:
    2010-08-24 at 11:46 am

    རེད་རེད། ད་ཐེངས་ཚངས་དབྱངས་བདེན། བསྒྱུར་ལུགས་མི་འདྲ་བ་རེད། ངས་ཀྱང་དོན་བསྒྱུར་ཞིག་བྱེད་དགོས་བསམས་ཏེ་ཡོད་མོད་དུས་ཀྱིས་ལྕོགས་མ་སོང་། གོ་བ་མི་འདྲ་བ་རེ་སྟེར་བ་དངོས་གནས་རེད།

  12. མེ་ཏོག་དཀར་པོ། says:
    2010-08-24 at 12:08 pm

    མཚམས་འདིར་དགེ་འདུན་ཆོས་འཕེལ་གྱིས་རྩོམ་ཞིག་གི་ནང་འགྱུར་གྱི་སྐོར་ལ་གཅིག་བཤད་འདུག ཚིག་ཇི་མ་ཇི་བཞིན་མི་དྲན་ཀི དོན་ལ་མུ་སྟེགས་པས་ཨོམ་ཨོམ་འདྲ་པོ་ཞིག་ལ་གོ་དོན་མང་རབས་བཤད་པར་སྟིང་ཚིག་ཅིག་རེད།
    འདི་སྐབས་འདིར་བསམ་དགོས་པ་ཞིག་རེད།

  13. མདོ་ལྷ་ཁམས་པ། says:
    2010-08-24 at 1:37 pm

    ནམ་མཁའ་ན་གཏིང་ཟབ་པའི་སྦལ་བ་ཤིག་ཤིག་འཕུར།
    རྒྱ་མཚོའི་དབྱིངས་ན་རྟ་རྒྱུགས་འགྲན་པ་དང་ར་ལུག་གི་མེ་ཏོག་བཞད།
    ཛ་དྲག་སྔ་མོ་ནས་རབ་ཏུ་བརྗིད་ཉམས་ལྡན།
    ཨཨཨ། སྙན་ངག་ཟེར་ནོ་རེད།
    མེ་ཏོག་དཀར་པོ། ཚིག་འདི་ཀློག་དང་། གོ་རྒྱུ་ཆེན་པོ་ཡོད་ཡ།

  14. མེ་ཏོག་དཀར་པོ། says:
    2010-08-24 at 5:28 pm

    གོ་སོང་གོ་སོང་། ཅི་འདྲའི་སྙན་མོ་ཞིག་རེད་ཨང་། ཚིག་བཟང་། དོན་བརྗིད། སྡེབ་འབྲེལ། གོ་རིམ་འབྲེལ་ཆགས། ཡར་ལ་དེད་ནས་ཀློག་ན་གོ་རྒྱུ། མར་ལ་ཤར་གྱིས་འདོན་ན་བསམ་རྒྱུ། ངོ་མ་བཟང་ཀི
    སྙན་ངག་ཟེར་ན་འདི་མོ་ཅིག་རེད། ཧྲ་གི

  15. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-08-24 at 9:03 pm

    ད་སྐད་ཆ་འགའ་བཤད་ན་མ་གཏོགས། གོ་ནོར་ཐེབས་ས་རེད།
    རྩོམ་གཅིག་ལ་འགྱུར་ག་ཚོད་ཀྱིས་མང་ན་དེས་ཚོད་ཀྱིས་བཟང་བར་འདོད།
    འགྱུར་ལ་ཡང་རིགས་འདྲ་མིན་ཡོང་ཆོག་གི་རེད། ཐད་བསྒྱུར་བྱས་ན་ཡང་འདྲ།
    དོན་བསྒྱུར་བྱས་ན་ཡང་འདྲ། གང་ལྟར། ཇི་ལྟར་བསྒྱུར་ཡང་། དོན་གྱི་སྲོག་དེ་མ་བརླགས་པ་བྱེད་རྒྱུ་གལ་ཆེ་བར་འདོད།
    ངེད་ཀྱི་བསམ་ཚུལ་ལ་། ཚངས་དབྱངས་ལགས་ནས་གོ་ལོག་དོན་ལོག་ཏུ་ཕྱིན་ནས་འགའ་བསྒྱུར་འདུག

    ཚངས་དབྱངས་ཀྱིས་གོ་ལོག་དོན་ལོག་བྱས་ནས་བསྒྱུར་བ་འདི་ཚོ་རེད།
    1) ཁྱེད་ཀྱིས་རྡོ་གཅལ་འཇམ་པོ་ཞིག་གི་སྟེང་ལ་ཆམ་ཆམ་མི་བྱེད་པར།
    2) ཁྱེད་ཀྱིས་དེ་ལ་ཁྲེལ་ཚུལ་ཀྱང་བྱེད།
    3) དེ་ང་ཚོ་ཐང་ལ་བབ་ནས་སྡོད་པ་དེས་རྐྱེན་བྱས་སྲིད།
    4) འོན་ཀྱང་༼མང་ཚོགས་ཀྱི་༽ཤབ་ཤོབ་ཀྱི་གཏམ་ལས་ང་ཚོར་འགུ་བའི་རྣམ་འགྱུར་འཚོར་བས།

  16. ཤེས་རབ། says:
    2010-08-25 at 11:31 pm

    རེད་རེད། ཚངས་དབྱངས་ཀྱིས་གོ་ལོག་བྱས་ནས་སྒྱུར་འདུག ཁོའི་སྒྱུར་དེའི་ནང་ཆབ་སྲིད་ཀྱི་ལྟ་བ་དང་མི་རིགས་ཀྱི་བརྩེ་གདུང་རྐྱེན་པོ་སླེབས་འདུག ཤུགས་ཆེ་དྲག་འདུག 

    དོན་བཀྲའི་སྒྱུར་དེ་གོ་བ་ལོན་ནས་བསྒྱུར་འདུག གོ་རྒྱུ་ཅི་ཡང་མིན་འདུག 

    བསྟན་འཛིན་བདེ་སྐྱིད་ཀྱིས་སུ་ལ་ཆ་བཞག་གམ།

  17. ཚངས་དབྱངས། says:
    2010-08-26 at 9:29 am

    རིག་འབྱུང་ལགས།

    བདག་གིས་གོ་ལོག་དོན་ལོག་གི་ནོར་འཁྲུལ་རྣམས་བསྟན་པར་ཐུགས་རྗེ་ཆེ། སེམས་ལ་ཤིན་དུ་ཕན་པོ་བྱུང་། ད་དུང་མུ་མཐུད་གསུངས་རོགས། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme