Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡུ་ཐོག་ཀརྨ་དགེ་ལེགས་དམ་ཉམས་ཨོ་རྒྱན་སྟོབས་རྒྱལ་དང་ལྷན་དུ་སྐྱག་དོང་ནང་མཆོང་བ།

Posted on 2020-05-292020-05-29 By ཁ་བརྡ 1 Comment on གཡུ་ཐོག་ཀརྨ་དགེ་ལེགས་དམ་ཉམས་ཨོ་རྒྱན་སྟོབས་རྒྱལ་དང་ལྷན་དུ་སྐྱག་དོང་ནང་མཆོང་བ།

ཆབ་ཚང་འཇམ་དཔལ་གྱིས།

གཅིག༽

ཉེ་ཆར་དམ་ཉམས་ཨོ་རྒྱན་སྟོབས་རྒྱལ་གྱིས་བསྟན་དང་དེ་འཛིན་ཡོངས་ཀྱི་གཙུག་རྒྱན་གཅིག་པུར་གྱུར་པ་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་ “བསྟན་བཤིག” ཅེས་པའི་ཚིག་ངན་སྤྱད་ནས་མཚན་སྨད་སྒྲོ་སྐུར་ཤུགས་ཆེ་བྱེད་བཞིན་པ་མཐོང་སྐབས་སེམས་གཏིང་ནས་མ་རྟོགས་པ་དང་ལོག་པར་རྟོག་པའི་གཞན་དབང་དུ་གྱུར་པའི་གྲྭ་ཆས་གྱོན་པའི་གྲྭ་ལོག་དེར་སྙིང་རྗེ་ཚད་མེད་ཅིག་སྐྱེས་སོང་། གང་ཡིན་ཞེ་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དུ་བསམ་བཞིན་སྲིད་པ་བཟུང་བའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་འདི་འདྲ་བ་ཞིག་ལ་ངན་སེམས་ཀྱིས་བསམ་ཡུལ་ལས་འདས་པའི་མཚན་སྨད་སྒྲོ་སྐུར་ཤུགས་ཆེ་ཞུས་པ་ནི། མཚམས་མེད་ཀྱི་ལས་ངན་ཚབས་ཆེན་བསགས་པ་ཞིག་རེད།

ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཡོངས་རྫོགས་འགྲོ་བ་སྤྱི་དང་ལྷག་པར་དུ་རང་ཅག་བོད་མིའི་སྤྱི་ཚོགས་ཀྱི་གདོན་ཟས་ལྟ་བུར་གྱུར་པའི་མི་ངན་འདི་དང་འདི་འདྲ་བའི་རིགས་དང་ཕྱོགས་སུ་གཏོགས་པ་དག་ལ་བོད་མི་ཡོད་དོ་ཅོག་གིས་ཆོས་དང་ཟང་ཟིང་གི་འབྲེལ་ལམ་ཡོངས་སུ་གཅད་དགོས་པ་གནད་ཀྱི་དོད་པོར་མཐོང་། གྲྭ་ཆས་གྱོན་བཞིན་དུ་སྐྱེ་དམན་འདྲ་མིན་ལ་རྒྱོ་རྒྱག་རྒྱུ་གོམས་གཤིས་སུ་གྱུར་པའི་བསྟན་རྩ་འདུལ་བའི་བཅས་ཁྲིམས་རྨང་ནས་གཏོར་མཁན་གྱི་མི་ངན་ཐེབས་ཆག་འདི་འདྲ་ཞིག་ལ་བསྟན་པའི་དར་རྒུད་གླེང་བའི་འོས་བབ་ཡོད་དམ། རང་གི་རྐུབ་ཡང་བདག་པོ་རྒྱག་མི་ཐུབ་པར་སྤྲང་པོའི་དབྱུག་པ་ནང་བཞིན་ག་ས་གང་དུ་འཛུགས་རྒྱུར་དགའ་བའི་གྲྭ་རྫུས་ཤིག་ལ་བསྟན་པའི་དར་རྒུད་གླེང་བའི་འོས་བབ་ཡོད་དམ།
བོད་མི་རིགས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་། བོད་ཀྱི་ཆོས་དང་རིག་གཞུང་གིས་བསྐྲུན་པའི་མཚོན་དོན་ཉག་གཅིག་ཏུ་གྱུར་པ། བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་འདི་འདྲ་བ་ཞིག་བསྟན་བཤིག་ཡིན་ན། ཁྱེད་རང་ག་རེ་རེད། བསྟན་འཛིན་རེད་དམ། ངོ་མ་སྙིང་རྗེ་དགོས་པའི་གནས་རང་རེད།

གྲྭ་ཆས་གྱོན་བཞིན་དུ་སྐྱེ་དམན་བླངས། ཕྲུ་གུ་བཟོས་པ་དེ་ཚོ་བསྟན་པ་འཛིན་སྟངས་རེད་དམ། བསྟན་འཛིན་ཀུན་གྱི་གཙུག་རྒྱན་དག་ལ་བསྟན་བཤིག་ཅེས་མཚན་སྨད་སྒྲོ་སྐུར་ཞུ་སྟངས་དེ་ཚོ་བསྟན་པ་འཛིན་སྟངས་རེད་དམ། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱེད་སྟངས་དེ་ཚོ་བསྟན་པ་འཛིན་སྟངས་རེད་དམ། ལུས་ངག་ཡིད་གསུམ་པོ་ཆགས་སྡང་གི་གཞན་དབང་དུ་གྱུར་ནས་སྤྱི་ཚོགས་ཀྱི་ཆིག་སྒྲིལ་དང་ལྟ་བ་འདྲ་མིན་མཉམ་གནས་ལ་གནོད་པའི་ཀུ་ཅོ་རྫོགས་རྒྱུ་མེད་པ་འདོན་སྟངས་དེ་ཚོ་ཁྱེད་རང་གིས་བཤད་བཞིན་པའི་ཁྱེད་ཚོའི་ཆོས་ལུགས་ཀྱི་བསྟན་པ་འཛིན་སྟངས་རེད་དམ། དེ་འདྲ་ཡིན་ན་ཁྱེད་རང་ཁྱེད་ཚོའི་ཆོས་ལུགས་ཀྱི་བསྟན་འཛིན་ཀུན་གྱི་གཙུག་རྒྱན་གཅིག་པུ་དེ་ཡིན་ངེས་རེད། གང་ལྟར་སྤྱང་ཀིའི་ཁ་ནས་ཁྲག་ཐིགས་མི་རྒྱག། ཁྲམ་པའི་ཁ་ནས་བདེན་ཚིག་མི་ཐོན།། ཟེར་བའི་དཔེ་ལྟར། བཅོས་སུ་མེད་པའི་གྲྭ་རྫུས་འདི་ལ་མང་པོ་བཤད་ཅི་དགོས། བཤད་ནས་ཀྱང་ཅི་ཕན།

གཉིས།༽
དེ་མིན་ཨོ་རྒྱན་སྟོབས་རྒྱལ་ལས་ཀྱང་ཉེན་ཚབས་ཆེ་བ་དང་། ནོར་འཁྲུལ་དག་ཐབས་མེད་པ་ལྟ་བུ་བྱེད་མཁན་གྱི་གཏེ་བོའི་ནང་གི་ཡང་གཏེ་ཆོས་དོན་བཀའ་བློན་གྱི་མིང་འཛིན་པ་གཡུ་ཐོག་ཀརྨ་དགེ་ལེགས་ (གཤམ་ནས་གཡུ་དགེ་ཞེས་འབོད་རྒྱུ་ཡིན།) ཟེར་བ་དེ་རེད། གང་ཡིན་ཞེ་ན། ཨོ་རྒྱན་སྟོབས་རྒྱལ་ནི་ནམ་རྒྱུན་ནས་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པར་ཟ་དང་ཟུར་ནས་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་ཡོངས་གྲགས་ལྟ་བུ་དང་། གཡུ་དགེ་ནི་ལུག་ལྤགས་གྱོན་པའི་སྤྱང་གི་བཞིན་རྒྱ་ཕྱོགས་སུ་བརྫུས་ནས་སྡོད་མཁན་དེ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་བདུན་གྱི་གཙོ་གྲས་སུ་གཏོགས་པ་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་གྱི་མིང་འཛིན་པ་ཞིག་གིས་རྒྱལ་བ་དོན་གྱི་བདག་པོར་༼བསྟན་བཤིག་༽ཅེས་མཚན་སྨད་ཤུགས་ཆེ་ཞུ་མཁན་ཨོ་རྒྱན་སྟོབས་རྒྱལ་གྱི་ངན་རྒྱབ་ངན་ལངས་བྱས་པ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད།

གཡུ་དགེས་ཨོ་རྒྱན་སྟོབས་རྒྱལ་གྱི་ངན་རྒྱབ་ཏུ་ལངས་ཏེ་བཤད་པའི་སྐད་ཆ་དེ་དག་ཨོ་རྒྱན་སྟོབས་རྒྱལ་གྱི་སེམས་ལ་ཧ་ཅང་འཐད་པ་བྱུང་སྟེ་འཕྲལ་དུ་གཡུ་དགེར་ཐུགས་རྗེ་ཆེ་དང་། མོས་མཐུན་ཡོད་ ཅེས་པའི་ཚིག་དེ་འདྲ་གསལ་བའི་ཡིག་ལན་བརྒྱུད་ནས་ལངས་ཕྱོགས་མཐུན་མདོག་གི་རྣམ་འགྱུར་བསྟན་པ་དེས་ཀྱང་གཡུ་དགེས་ཁོའི་ངན་རྒྱབ་ངན་ལངས་བྱས་ཡོད་པ་ལེགས་པར་རྟོགས་ཐུབ་པ་ཞིག་རེད།
ག་རེ་བྱས་ནས་ཨོ་རྒྱན་སྟོབས་རྒྱལ་གྱིས་གཡུ་དགེར་ཐུགས་རྗེ་ཆེ་དང་མོས་མཐུན་ཡོད་ཞུས་པ་རེད། ཁྱེད་རང་གིས་ངས་བཤད་པའི་སྐད་ཆར་ངོ་རྒོལ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད་དམ།
གཡུ་དགེས་ཨོ་རྒྱན་སྟོབས་རྒྱལ་དང་འབྲེལ་བའི་གསལ་བཤད་དང་པོའི་ནང་ཨོ་རྒྱན་སྟོབས་རྒྱལ་ནི་འཛེམ་ཟོན་མེད་མཁན་ཞིག་ཡིན་པས། སེམས་ལ་གང་དྲན་ཁ་ནས་ཤོར་བ་ཞིག་ཡིན་པ་ལས། རྒྱབ་ལྗོངས་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཚུལ་བཤད་འདུག ཁོྱད་གིས་བཤད་སྟངས་བྱས་ན་རྒྱབ་ལྗོངས་གཞན་ཞིག་མེད་མཁན་ཚོས་༸གོང་ས་མཆོག་ལ་གང་དྲན་དྲན་ལྟར་མཚན་སྨད་བྱས་ན་འགྲིག་གི་རེད་དམ།

གསལ་བཤད་ཡི་གེ་གཉིས་པའི་ནང་ཨོ་རྒྱན་སྟོབས་རྒྱལ་དང་ཁོ་རང་ཉིད་བར་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་ཚུལ་དང་། སྤྱིར་བཏང་གི་སྐད་ཆ་བཤད་རེས་ཙམ་ཡང་མེད་ཚུལ་བཀོད་འདུག དེ་འདྲ་ཡིན་ན་ཁྱེད་རང་ལ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེ་ཞུས་པ་དེར་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་པའི་བློ་རྩ་བརྟན་པོ་དེ་འདྲ་ག་འདྲ་བྱས་ནས་བྱུང་བ་རེད་དམ། ཁྱེད་རང་ལ་གཞན་སེམས་ཤེས་པའི་མངོན་ཤེས་འདྲ་ཐོབ་བསྡད་ཡོད་པ་མ་རེད་དམ།

ཡང་གསལ་བཤད་ཡི་གེ་དང་པོའི་ནང་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་མང་ཚོགས་ནང་དོན་མེད་བློ་ཕམ་ཡོང་རྒྱུ་ཡིན་ཚུལ་བཤད་འདུག ག་འདྲ་ཞིག་ལ་དོན་མེད་བློ་ཕམ་ཟེར་གྱིན་ཡོད། ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་མང་ཚོགས་ཀྱིས་བློ་ཕམ་བྱས་པ་དེ་དོན་མེད་རེད་ཟེར་གྱི་ཡོད་དམ། ཁྱོད་ལྟར་ན་དེར་བློ་ཕམ་བྱེད་པའི་ཚབ་ཏུ་ཁྱེད་རང་གིས་བྱེད་སྟངས་ལྟར་དགའ་བ་སྒོམ་པ་དང་བསྔགས་བརྗོད་བྱ་དགོས་རེད་དམ།

ཡང་གསལ་བཤད་ཡི་གེ་དང་པོའི་ནང་། བརྙན་ལམ་བརྒྱུད་ནས་དབང་གནང་ནའང་བྱིན་རླབས་ཙམ་ཞིག་ལས། དབང་དངོས་གཞི་ཐོབ་མི་སྲིད་པ་ཐག་བཅད་ནས་བཤད་འདུག དེས་ན་ཁྱོད་ལྟར་ན་༸གོང་ས་མཆོག་གིས་བླ་མའི་དམིགས་པ་དང་སློབ་མའི་དད་སྟོབས་གཉིས་འཛོམས་བྱུང་ན། དབང་གི་བྱིན་རླབས་དང་དབང་དངོས་གཞི་གཉིས་ཀ་ཐོབ་པར་གསུངས་པ་དེར་འགྲེལ་བཤད་ག་འདྲ་བྱས་ནས་གནང་གི་ཡིན། དེ་དྲང་དོན་ལས་ངེས་དོན་མ་རེད་ཟེར་གྱི་ཡིན་ནམ།

ཡང་གསལ་བཤད་ཡི་གེ་དང་པོའི་ནང་། གསང་སྔགས་ཁྲོམ་བསྒྲིགས་མི་བྱེད་པའི་དམ་ཚིག་ཡོད་རབས་དང་། སྔོན་གྱི་སྐྱེས་བུ་དམ་པ་ཚོས་དེར་འགལ་འཛོལ་བྱུང་རབས། དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་བྱུང་རབས། དེ་དག་གི་ལེ་ཁག་ཚང་མ་ད་ལྟའི་བསྟན་བདག་ཚོ་ལ་མེད་ཚུལ་སོགས་བཤད་པ་དེས་ཅི་ཞིག་སྟོན་བཞིན་ཡོད་དམ། དོན་དག་ངོ་མ་དེ་ད་ལྟའི་བསྟན་བདག་ཚོས་ཀྱང་གསང་སྔགས་ཁྲོམ་བསྒྲགས་བྱས་པ་དེས་བསྟན་པ་ལ་གནོད་ཀྱི་ཡོད་པ་བཤད་པ་དེ་རེད། སྐད་ཆ་འདི་འདྲ་བཤད་མཁན་དང་བཤད་ཡུལ་གཉིས་བསྡུར་དང་དགོད་བྲོ་བ་ཞིག་མ་ཡིན་ནམ།

ཡང་གསལ་བཤད་ཡི་གེ་དང་པོའི་མཇུག་ཏུ་༸གོང་ས་མཆོག་གིས་གཙོས་བསྟན་བདག་བླ་ཆེན་རྣམ་པས་བསྟན་པ་སླར་གསོ་ཇི་ལྟར་མཛད་ཡོད་མེད་དྲན་ལམ་དུ་ཡོད་པ་ལྟར་དེ་དག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་རེད་ཟེར། ༸གོང་ས་མཆོག་གིས་གཙོས་བསྟན་བདག་བླ་ཆེན་ཚོའི་མཛད་འཕྲིན་ཁག་ལ་འགོག་རྐྱེན་དང་སྐྱོན་བརྗོད་བྱེད་མཁན་ཚོའི་རྒྱབ་ལངས་བྱས་ཏེ་དེ་དག་གི་བྱ་ངན་སྤྱོད་ངན་དག་སྦས་སྐོང་དང་དག་འབུད་བྱེད་སྟངས་དེ་ཚོ་བསྟན་བདག་ཚོས་བསྟན་པ་སླར་གསོ་བྱས་པར་བཀའ་དྲིན་ཞུ་སྟངས་རེད་དམ།

གང་ལྟར་གཡུ་དགེ་ཁྱེད་རང་གི་གསལ་བཤད་ཡི་གེ་སྔ་ཕྱི་གཉིས་ཀའི་བར་ནང་འགལ་དང་། ༸གོང་ས་མཆོག་ལ་རྒྱབ་གཏོད་བྱས་པའི་རྣམ་པ་ཤུགས་ཆེ་འདུག་པ་མ་ཟད། དེའི་སྐོར་ནས་གསལ་བཤད་གནང་སྟངས། ཚིག་སྦྱོར་བཀོལ་སྟངས་སོགས་ཀྱིས་མཚོན་ཕྱོགས་གང་སར་བློ་ཡིད་ཚུམ་དཀའ་བའི་གནད་དོན་ཧ་ཅང་མང་བ་དང་། ད་དུང་གསལ་བཤད་དེ་དག་ཀྱང་སྒེར་གྱི་བསམ་ཚུལ་ཡིན་ཟེར་གི་ཟེར་གི་ཆོས་རིག་ལས་ཁུངས་ཀྱི་ལས་ཤོག་བེད་སྤྱོད་བྱས་པ་སོགས་གནས་སྟངས་ཧ་ཅང་མང་པོ་ཞིག་གི་ཐོག་འགལ་འཛོལ་བྱུང་འདུག་པས། ཁྱེད་རང་ལ་བཀའ་བློན་སྤྱི་དང་ལྷག་པར་དུ་ཆོས་རིག་བཀའ་བློན་ཞིག་གི་འོས་བབ་རྩ་བ་ནས་མི་ཚང་བས། ༸གོང་ས་མཆོག་དང་བོད་མི་མང་ལ་དགོངས་སེལ་ཞུ་ཆེད་རང་འགུལ་གྱིས་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་དེ་ཁྱེད་རང་གི་ཆེས་མཐའ་མའི་ལམ་ཁ་ཉག་གཅིག་དེ་ཡིན་པ་ངོས་འཛིན་ཐུབ་བའི་རེ་བ་ཡོད།

བསམ་ཚུལ།

Post navigation

Previous Post: ཨྱོན་སྟོབས་རྒྱལ་གྱི་བྱ་སྤྱོད་ཐད་ཀྱི་གཏམ།
Next Post: ཆོས་རིག་བཀའ་བློན་གཡུ་ཐོག་ཀར་མ་དགེ་ལེགས་གང་དེར།

Comments (1) on “གཡུ་ཐོག་ཀརྨ་དགེ་ལེགས་དམ་ཉམས་ཨོ་རྒྱན་སྟོབས་རྒྱལ་དང་ལྷན་དུ་སྐྱག་དོང་ནང་མཆོང་བ།”

  1. གནམ says:
    2020-05-29 at 10:13 am

    གཡུ་དགེ། དངོས་པར་དུ་ཕྱིར་ཕུད་བྱ་དགོས་ཡོད། ༧ གོང་ས་མཆོག་གི་སྐུ་འཕྲེང་སྔ་མ་འགའ་ལ་དུག་བཏབ་པའི་ལོ་རྒྱུས་ཡོད་པས། ད་ང་ཚོས་དངོས་པར་དུ་ཁོ་ཚོ་ཅན་པོ་རྒྱང་ཕུད་ཞུ་དགོས། ཆོས་རྒྱུད་ཀྱི་གདོན་ཞུགས་པའི་སྤྲུ་སྐུ་འདྲེ་ལ་ཆགས་པ་མང་པོ་ཡོད་ཀི། ཨོ་རྒྱན་དང་རྫོང་གསར་ཅན་པོ། འདྲེ་སྤྲུལ་ཇེ་མང་རེད།
    སྐུ་འཁོར་བ་ཚོས་ཕྱི་གཟབ་ནང་གཟབ་ལ་དོ་སྒྲིམ་དགོས།

    དབང་ཞུས་ནས་བྱང་སེམས་བཙལ་དུས།
    འདྲེ་རྙིང་མས་བར་ཆོད་བྱེད་ཀི།
    རྗེ་བླ་མའི་ཞལ་གསུང་བསྒོམས་ན།།
    ང་ང་རང་འདྲེ་དང་འདྲེ་རེད།།

    རྗེ་བསྟན་འགྲོ་གསུམ་པོའི་དོན་ལ།།
    ང་དམྱལ་བའི་མཐིལ་ལ་ལྷུང་རུང་།།
    ང་འཁོར་བའི་གནས་ནས་ལྷག་རུང་།།
    ངས་སྙིང་རྗེ་འདྲེ་ལ་མི་སྒོམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme