Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡག་རྔ་རྫོང་གི་འགོ་ཁྲིད་ཚོའི་འགྲམ་ཆུ་ལྡིང་གི་འདུག

Posted on 2013-04-262013-04-26 By ཁ་བརྡ་ 6 Comments on གཡག་རྔ་རྫོང་གི་འགོ་ཁྲིད་ཚོའི་འགྲམ་ཆུ་ལྡིང་གི་འདུག

ནམ་མཁའ།

ཉེ་ཆར་འདིར་གཡག་རྔ་རྫོང་དུ་ས་ཡོམ་རྒྱབ་སྟེ་མི་སེར་དཀྱུས་མ་མང་པོའི་ཚེ་སྲོག་ཤོར་བ་དག་ལ། ཕྲན་གྱིས་ཀྱང་མྱ་ངན་གུས་འདུད་ཞུ་བཞིན་ཡོད། ལྷག་པར་དུ་ཡང་གཞི་ལུས་བོད་རིགས་སྤུན་ཟླ་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ། ཞལ་འདེབས་ཟས་དངུལ་གཉིས་ཀྱིས་འབུལ་བཞིན་པ་ལ་ཕྱི་སྡོད་བོད་རིགས་ཚོས་རྗེས་སུ་ཡི་རང་བྱེད་བཞིན་མཆིས། ཡིན་ཡང་ང་ཚོ་ཆ་ཚང་གིས་བསམ་གཞིགས་བྱེད་དགོས་ཀྱི་འདུག་སྙམ་ནས་འདིར་བསམ་ཚུལ་ཕྲན་བུ་ཞིག་འབྲི་འདོད་བྱུང་། འདས་བའི་ལོ་ཤས་གོང་དུ་ཡུལ་ཤུལ་ལ་ས་ཡོམ་རྒྱབ་སྟེ། བོད་རིགས་གཞི་བྱེས་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་ཆེད་ཟས་དངུལ་གཉིས་ཀྱིས་ཞལ་འདེབས་བསམ་ཡུལ་ལས་འདས་པ་ཕུལ་ཡོད།

སྐབས་དེའི་ལས་བྱེད་མི་སྣ་དང་འགོ་ཁྲིད་ཚོའི་སེམས་སུ་གསལ་བོར་ད་རུང་བརྗེད་མེད་པར་ཡོད་ངེས་ཡིན། མི་དམངས་དཀྱུས་མ་ཚོས་ཕུལ་བའི་ཞལ་འདེབས་ཆ་ཚང་འབྱུང་བས་འཇིག་པ་བྱུང་བའི་མི་དམངས་ཚོའི་དཀའ་སྡུག་སེལ་བྱེད་དུ་སླེབས་ཡོད་དམ། དྲི་བ་འདི་ནི་བོད་རིགས་མང་པོའི་སེམས་སུ་ཤར་ཡོད་སྲིད།ལྷག་པར་དུ་ཡང་ཡུལ་ཤུལ་གྱི་མི་དམངས་ཚོའི་སེམས་སུ་གསལ་བོར་དྲན་ཡོད། གོང་གི་དྲི་བ་དེ་ལན་འདེབས་མཁན་ས་གནས་སྲིད་གཞུང་གི་འགོ་ཁྲིད་དང་།སྐབས་དེའི་ཞལ་འདེབས་ཀྱི་དངུལ་ལག་ལེན་བྱེད་མཁན་གྱི་ལས་བྱེད་ཚོ་རེད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ཁོང་ཚོས་ལན་གསལ་བོ་ཞིག་ནམ་ཡང་འདེབས་ཐུབ་མེད། རྒྱུ་མཚན་ནི། གོད་ཆག་བྱུང་རྗེས་སུ་ཡུལ་ཤུལ་མི་དམངས་ཚོས་ཁུལ་ཐོག་ཏུ་རྔམ་སྟོན་ཁྲོམ་སྐོར་ཐུང་ངུ་བྱས་ཡོད།

རྒྱ་ནག་གི་སྲིད་གཞུང་དང་ས་གནས་སྲིད་གཞུང་གི་དྲག་གནོན་ལ་མ་འཇིགས་པར། གནས་ལུགས་ལྡན་པའི་གོང་གི་དྲི་བ་དེར་ལན་འདེབས་དང་གསལ་བཤད་གསལ་བོ་ཞིག་གི་ཆེད་དུ་ཡིན་མོད། འོན་ཀྱང་ལན་འདེབས་གསལ་བོར་འགྲེལ་བཤད་བྱེད་པ་ལས་དེའི་ལྡོག་ཕྱོགས་ནས་བོད་རིགས་འགའ་འཛིན་བཟུང་བྱས་པ་རེད། རྗེས་ནས་རིམ་གྱིས་ཟི་ལིང་གྲོང་ཁྱེར་དང་དེ་མིན་ས་ཁུལ་མང་པོ་ལ་སྐད་ཆ་ཞིག་གྲགས་ནས་ཕྱིན་ཡོད། སྐད་ཆ་དེ་ནི་གཞན་ཞིག་མ་ཡིན་པར་ཡུལ་ཤུལ་གྱི་ས་ཡོམ་གོད་ཆགས་ལ་ཕུལ་བའི་ཞལ་འདེབས་ཀྱི་དངུལ་ལག་ལེན་བཀོད་སྒྲིགས་བྱེད་མཁན་ཚོར་སྲིད་གཞུང་གིས་ཞིབ་བཤེར་བྱེད་ངེས་ཡིན་ཟེར་བ་དེ་རེད། སྐད་ཆ་འདི་གྲགས་བཞིན་པའི་སྐབས་དེར། ཡུལ་ཤུལ་གྱི་ས་ཡོམ་གོད་ཆགས་ལ་ཕུལ་བའི་ཞལ་འདེབས་བསྡུ་ལེན་སོགས་ཀྱི་ལས་བྱེད་བོད་རིགས་བུད་མེད་ཞིག་གིས་གྲགས་གཏམ་འདི་ཐོས་རྗེས་སུ། མོ་རང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས་གོང་ནས་རང་སྲོག་བཅད་པ་རེད། བོད་རིགས་བུད་མེད་དེའི་སྐད་ཆ་དེ་ཐོས་མ་ཐག་འཇིགས་སྐྲག་གིས་རང་སྲོག་གཅོད་དགོས་བྱུང་ན་ཡང་། བོད་རིགས་བུད་མེད་དེ་མ་ཡིན་པའི་རྒྱ་རིགས་དང་ད་རུང་བོད་རིགས་མང་པོ་ཞིག་གིས་ཞལ་འདེབས་ཀྱི་དངུལ་ལྐོག་ཟ་བྱས་ཡོད་པ་ཐེ་ཚོམ་མེད་པ་ཞིག་རེད་སྙམ། དེ་མིན་ཡུལ་ཤུལ་མི་དམངས་ཚོས་ཁུལ་ཐོག་ནས་རྔམ་སྟོན་ཁྲོམ་སྐོར་ཞིག་བྱེད་དགོས་དོན་མེད།

སྤྱིར་ན་འདི་འདྲའི་མི་ཡི་ཚེ་སྲོག་མང་པོ་ཤོར་བའི་ཤུལ་ལུས་ནང་མི་དྭ་ཕྲུག་དང་ཁོང་ཚོ་སྡོད་གནས་ཁོར་ཡུག་འཛུགས་སྐྲུན་བྱེད་རྒྱུའི་ཆེད་དུ། མི་དམངས་ཀྱི་ལྷག་བསམ་དཀར་བོ་དུང་འདྲ་བོའི་གང་འཛོམས་ཀྱིས་ཕུལ་བའི་ཞལ་འདེབས་ཀྱི་ནང་ནས་ལྐོག་ཟ་བྱེད་ཐུབ་པ་འདི་ནི་ཆེས་ཤིན་ཏུ་ཡ་ང་ཞིང་སྙིང་རྗེ་མེད་པའི་སྤྱི་ཚོགས་ཞིག་ཏུ་ངོས་འཛིན་བྱེད་ཆོག

དེ་བཞིན་ཁ་སང་དེ་རིང་གཡག་རྔ་རྫོང་གི་རྒྱ་རིགས་འགོ་ཁྲིད་ཚོས་ཀྱང་ཞལ་འདེབས་ཀྱི་དངུལ་ལྐོག་ཟ་ཅི་ལྟར་བྱེད་མིན་གྱི་ཐད་ལ།དེའི་ཉིན་མོ་ནས་འགྲམ་ཆུ་ལྡིང་བཞིན་བསམ་བློ་གཏོང་གི་ཡོད།

དེང་སང་རྒྱ་ནག་གི་སྲིད་གཞུང་འགོ་ཁྲིད་ཞིག་གི་ནང་ན་མི་དམངས་ཀྱི་བདེ་སྡུག་ལས།རང་གི་ཕོར་བའི་ནང་དུ་གསེར་དངུལ་གང་མང་ཞིག་མི་སུའི་ལག་ནས་དབང་ཤེད་དང་གཡོ་སྒྱུ་གང་རུང་གིས་འཕྲོག་སྟེ་བླུགས་ཐབས་བྱེད་ཀྱི་ཡོད་པ་ལས།མི་དམངས་ཀྱི་དངོས་ཡོད་དཀའ་ངལ་ལ་སྙིང་རྗེ་སྐྱེ་མཁན་ཞིག་གཞི་རིམ་ནས་པེ་ཅིན་བར་དུ་རྙེད་མི་ཐུབ།

སྣ་ཚོགས།

Post navigation

Previous Post: ཞོགས་ལྗོངས་ལས་བཏུས་པའི་མེ་ཏོག་ཚོམ་བུ།
Next Post: སྲིད་སྐྱོང་མཆོག་གི་མཇལ་འཕྲད་དང་གསུང་བཤད།

Comments (6) on “གཡག་རྔ་རྫོང་གི་འགོ་ཁྲིད་ཚོའི་འགྲམ་ཆུ་ལྡིང་གི་འདུག”

  1. གླིང་གེ་སར་ says:
    2013-04-26 at 1:44 pm

    འདི་ཕྱོགས་ནས་ཞལ་འདེབས་འབུམ་དྲུག་བརྒྱ་དེ་ལོ་གསུམ་ལྷག་ཕྱིན་ཚར་ནའང་ས་གནས་ས་ཐོག་ཏུ་འབྱོར་ཡོད་མེད་ཧ་གོ་མི་ཡོད་པས་?

  2. རིག་རྡོ says:
    2013-04-26 at 2:16 pm

    བསམ་ཚུལ་འདི་གནད་འགག་ཞིག་རེད་འདོད་སོང་། གླིང་གེ་སར་ལགས།ཕྱི་ཕྱོགས་ཀྱི་ཞལ་འདེབས་དེ་དག་
    ས་གནས་མི་དམངས་ལག་པར་རེག་མེད་པ་ལ་ཐེ་ཚོམ་བྱེད་མི་དགོས།ས་གནས་ཀྱི་རྒྱ་བོད་འགོ་ཁྲིད་ཚོས་ཧམ་ཟས་ཚར་བ་རེད།

  3. ཁྱུང་དཀར says:
    2013-04-27 at 8:32 am

    ནམ་མཁའ་ལགས་ནས་ས་ཡོམ་རོགས་སྐྱོར་སྐོར་ལ་ཞལ་འདེབས་འབྱོར་མིན་གྱི་གནས་ཚུལ་བཀོད་པ་ཡག་པོ་འདུག

  4. རིན་ཆེན says:
    2013-04-27 at 8:48 am

    ས་འགུལ་ཞལ་འདེབས་ས་གནས་མི་མང་ལ་ལག་ཏུ་འབྱོར་གི་མ་རེད།དཔེར་ན་གདོན་འདྲེ་ལག་ཏུ་བུ་ཕྲུག་བཅོལ་བ་འདྲ་བོ་རེད།

  5. རིན་ཆེན says:
    2013-04-27 at 10:17 am

    ད་རུང་གཅིག་བརྗེད་འདུག སྐབས་དེར་རྡ་ས་ནས་ཀྱང་ཞལ་འདེབས་ཧིན་སྒོར་འབུམ་ཁ་ཤས་བསྡུས་ཡོད།དེ་དག་ཀྱང་ས་ཁུལ་དེར་འབྱོར་ཡོད་མེད་བཤད་ཡ་གཅིག་ཀྱང་མི་འདུག་སྙམ།ཕལ་ཆེར་རྒྱ་རྒན་ཚོས་ཟས་ཚར་ཡོད་སྙམ།

  6. ཀླུ་སྨྱོན། says:
    2013-04-27 at 1:07 pm

    སྐྱེ་རྒུ་ལ་སྒོར་རྡོག་གཅིག་སྤྲད་མེད་ལ་ཐེངས་འདིར་ཡང་མི་སྤྲོད་ཐག་གཅོད་ཡིན། ངས་ཁྱི་སྤྱང་གསོ་མི་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme