Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡག་རྒྱབ་ཚོང་ཁང་གི་གསལ་བསྒྲགས།

Posted on 2011-01-262011-01-26 By ཁ་བརྡ་ 11 Comments on གཡག་རྒྱབ་ཚོང་ཁང་གི་གསལ་བསྒྲགས།

rigzin-dolma
གཡག་རྒྱབ་ཚོང་ཁང་ནི་གསར་དུ་སྒོ་ཕྱེས་མ་ཐག་པའི་དྲ་ལམ་ཚོང་ཁང་ཆུང་ཆུང་ཞིག་ཡིན། མ་འོངས་པར་བོད་ཀྱི་དངོས་རྫས་སྣ་མང་འཛོམས་པའི་ཚོང་ཁང་ཆུང་ཆུང་ཞིག་ཏུ་འགྱུར་ཐུབ་རྒྱུའི་རེ་བ་ཡོད། རིམ་བཞིན། བོད་ཀྱི་དཔེ་དེབ་དང་འོད་སྡེར། རྒྱན་ཆས། མཛེས་ཆས། གོན་པ། རྩམ་པ་སོགས་། བོད་ལ་དབང་བའི་དངོས་པོ་དང་བོད་མིས་བཟོས་བའི་ཐོན་རྫས་སོགས་བཙོང་རྒྱུ་ཡིན། འོན་ཀྱང་། ད་ལྟའི་ཆར། འོད་སྡེར་གཅིག་བཙོང་རྒྱུ་ཡོད། དེ་ནི་བོད་ཀྱི་ཕ་སྐད་གླུ་མ་རིག་འཛིན་སྒྲོལ་མའི་གླུ་གཞས་དགོང་ཚོགས་དང་པོ་སྟེ། མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་བའི་གངས་ལྗོངས་གླུ་བའི་རྨི་ལམ་གྱི་གར་སྟེགས། གངས་རིའི་སྐར་རྒྱན། ཟེར་བའི་དགོང་ཚོགས་ཆེན་མོ་དེའི་འོད་སྡེར་ཆ་ཚང་ཡིན་ལ། འོད་སྡེར་དེར་སྟོད་སྨད་གཉིས་ཡོད།

རིག་འཛིན་སྒྲོལ་མ་ནི། ཕ་ཡུལ་མདོ་སྨད་དཔའ་རིས་བ་རྫི་སྡེ་བ་ནས་ཡིན་ཞིང་། རིག་འཛིན་སྒྲོལ་མའི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་ཁྲོད། མོ་རང་ཆུང་དུས་ནས་སློབ་གྲར་འགྲིམས་པའི་གོ་སྐབས་བྲལ་བ་དང་། ནང་དུ་ཨ་མར་ནད་གཞི་ཡོད་པའི་ཐོག། ནང་ལས་བྱེད་མཁན་མོ་རང་ཁོ་ན་ལས་མེད་པས། ཆུང་དུས་ནས་སྒྱུ་རྩལ་བ་གཞན་པ་ནང་བཞིན། སྒྱུ་རྩལ་ཆེད་སྦྱོང་གི་གོ་སྐབས་ཡོངས་སུ་བྲལ། འོན་ཀྱང་། ཁོ་མོས་རང་གི་ཨ་མའི་ཁ་བརྡར་ཉན་ཞོར། ཞིང་ལས་དང་ཕྱུགས་ལས་བྱེད་ཞོར་དུ། རང་ཉིད་ཀྱི་འབད་བརྩོན་ཁོ་ནར་བསྟེན་ནས་གོམ་སྟབས་གཅིག་གིས་གངས་ཅན་གཞས་པའི་གྲལ་འགོར་སླེབས། གངས་རིའི་སྐར་རྒྱན་གྱི་དགོང་ཚོགས་དེར། གླུ་མ་རིག་འཛིན་སྒྲོལ་མས་། འབྲི་མོ་དུང་ཆུང་དཀར་མོའི་འཇོ་དབྱངས་ཀྱིས་དགོང་ཚོགས་ཀྱི་དབུ་འབྱེད་མཛད་། དགོང་ཚོགས་དེར། རིག་འཛིན་སྒྲོལ་མའི་ཨ་མ་ཡང་གར་སྟེགས་སུ་ཡོང་ནས། རང་གིས་ཡུན་རིང་སེམས་ནས་རེ་ལྟོས་བྱེད་སའི། བུ་མོ་རིག་འཛིན་སྒྲོལ་མ་བོད་སྐད་གཙང་མའི་གླུ་མ་ཞིག་ཡོང་རྒྱུའི་རེ་བ་དེ་མངོན་འགྱུར་བྱུང་བས། དགའ་སྐྱོའི་མིག་ཆུ་ཤམ་ཤམ་དུ་བཞུར་བ་སོགས་སེམས་འགུལ་བའི་གནས་ཚུལ་མང་པོ་བྱུང་།

བསྐྱར་དུ་ཞུ་རྒྱུར། འོད་སྡེར་འདི་མངགས་ཉོ་བྱེད་ན། ང་ཚོའི་དྲ་ལམ་ཁ་བྱང་བརྒྱུད་ཉོ་རོགས།  བཀའ་དྲིན་ཆེ།

རྡོ་རྗེ་མཚོ་ནས།

http://tibetansales.com/
གཡག་རྒྱབ་ཚོང་ཁང་།
2322 Mira Vista Dr
El Cerrito, CA 94530
dortso@gmail.com

གསལ་བསྒྲགས།

Post navigation

Previous Post: བོད་ཀྱི་རི་མོ་དང་ལྷན་སྒྲུབ།
Next Post: ༧གོང་ས་མཆོག་གི་དགོངས་བཞེད་དང་བློ་སེང་བཀའ་ཁྲིའི་འབྲེལ་བ།

Comments (11) on “གཡག་རྒྱབ་ཚོང་ཁང་གི་གསལ་བསྒྲགས།”

  1. ཕ་ལམ་སྔོན་པོ། says:
    2011-01-26 at 10:24 pm

    རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགས་ཉོ་འདོད་ཧ་ཅང་ཆེ།
    ཉོ་ན་ཉོ་ས་གང་ན་འདུག ག་འདྲ་སེ་ཉོ་དགོས།
    འོད་སྡེ་རེར་སྦྲགས་གླ་རྩིས་ནས་ཁྱོན་བསྡོམས་སྒོར་ག་ཚོད་རེད།
    ལན་ཁ་གསལ་ཞིག་གནང་རོགས།
    ཐུགས་རྗེ་ཆེ།

  2. tenzin says:
    2011-01-26 at 11:59 pm

    དང་བོ་དྲི་བ་ནི་ འོད་སྡེ་དེ་ཁྲིམས་མཐུན་ཡིན་དང་མིན དེང་སང་རྡ་རམ་དང་རྡི་ལི་ནས་འོད་སྡེར་རྫུན་མ་ཅང་ཅང་བཙོང་གི་ཡོད་པས་
    དེ་ནི་ཧ་ཅང་ནག་ཉེས་ཅན་ཞིག་ཡིན འཇིག་རྟེན་མི་ཆོས་དང་ལྷ་ཆོས་ཚང་མ་དང་འགལ་ཡོད

  3. གཙང་ཁ་བསོད་ནམས་རྡོ་རྗེ། says:
    2011-01-27 at 7:12 am

    མི་རིགས་དང་རིག་གཞུང་གི་རྐང་འཛིན་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

  4. རང་བཙན་ལྡེའུ་ says:
    2011-01-27 at 9:51 am

    གཞས་ཞབ་བྲོ་དང་བོད་སྐད་ཡིག་སོགས་རང་མི་རིགས་ཀྱི་རིག་གཞུང་ལ་ལར་གཞེན་ཆེ་བའི་གླུ་མ་རིག་འཛིན་སྒྲོལ་མ་དེང་དུས་མི་རབས་གསར་པའི་གཞོན་སྐྱེས་ཚོར་དཔེ་མཚོན་དུ་གྱུར་བཞིན་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་ལེ་ཡིན་ འོད་སྡེར་འདི་ལམ་སང་ཉོ་ལེ་ཡིན་ རིག་འཛིན་སྒྲོལ་མའི་རླབས་ཆེན་གྱི་ལས་ཞི་བོད་ཀྱི་རིག་གཞུང་དར་སྤེལ་དོན་དུ་ཕན་པའི་རེ་སྨོན་ཞུ་ བོད་ཀྱི་གླུ་པ་དང་གླུ་མ་ཁྱོད་འདྲ་བ་ཚང་མར་སྐུ་ཚེ་རིང་།

  5. འཇིག་མེད་ says:
    2011-01-27 at 11:23 am

    རྡོ་རྗེ་མཚོ་ལགས་ ཁྱེད་རང་གི་མཆར་གཞི་དེ་རིག་འཛིན་སྒྲོལ་མ་ལགས་ལ་ཞུས་པས་ ཁོང་གི་ཆོག་ཅན་ཡོད་དམ་

  6. ས་འབྲུག་དཀར་པོ། says:
    2011-01-27 at 12:37 pm

    བརྩེ་དུང་བརྩེ་དུང་ཟེར་ནས།།
    ང་ལ་མགོ་སྐོར་མ་གཏོང།།
    ང་ཡི་སེམས་པ་ཆུ་ཡིན།།
    ཆུ་བོའི་གཞུང་ལ་འདྲེས་འགྲོ།
    http://www.youtube.com/watch?v=ao2IzGVl3zY&feature=related
    གངས་རིའི་འདམས་ནས་ཆས་ཡོང།།
    གངས་རིའི་འདབས་ལ་ལོག་བྱུང།།
    དམར་སྨུག་གི་ངོ་གདོང་རེ་རེ།།
    ངའི་ཡིད་ཀྱི་མཆོད་མེ་རེ་རེ།།
    http://www.youtube.com/watch?v=ShPvU448FH4&feature=related
    དཔའ་རིས་གཡུ་ཡི་རི་ལ།།
    འབྲི་མོ་དུང་ཆུང་དཀར་མོ།།
    བུ་མོ་སྐྱོ་བའི་སྐྱོ་རོགས།།
    འབྲི་མོ་དུང་ཆུང་དཀར་མོ།།
    http://www.youtube.com/watch?v=L7APbNX4vWA&feature=related

  7. རྡོ་རྗེ། says:
    2011-01-27 at 12:39 pm

    གངས་ཅན་བུ་མོའི་དངས་རྩེ་གླུ་མ་ཁོང་གི་བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ།

  8. རྡོར་མཚོ་། says:
    2011-01-27 at 12:59 pm

    ལྷན་རྒྱས་ལ་ཞུ་རྒྱུ་། གུས་མོའི་ཐད་གར་དོ་བདག་ལ་འབྲེལ་པ་ཞུ་རྒྱུ་བྱུང་མ་སོང་། འོན་ཀྱང་རིགས་འཛིན་སྒྲོན་མའི་འབྲེལ་བྱང་མཁྱེན་མཁན་འདྲ་ཡོད་ན་བདག་ལ་གནང་རོགས་གནང་ཞུ། ངོ་ཞུས་ན་ཅ་དངོས་དེ་ཟི་ལིང་ནས་ཉོས་པ་ཡིན་པ་ལས་བདག་གིས་སྐྱར་པར་བྱས་སོགས་མིན། བཙོང་མཁན་གྱིས་འོད་འདི་ནི་ཨ་རིའི་གློག་ཆས་དང་མཐུན་པར་བཟོ་བ་ཞིག་ཡིན། DVD ཡིན། VCD དང་མི་འདྲ་བར་ཨ་རི་གློག་ནང་མ་གཏོག་རྒྱ་ནག་གི་གློག་ཆས་ནང་ཤར་མི་ཐུབ་གསུང་སོང་། གུས་མོའི་ཀྱང་འོད་སྡེར་རེ་རེ་ཨ་རིའི་འོད་སྡེར་ལྟ་ཆས་ནང་ཡག་པོ་དང་གསལ་པོ་འགྲོ་མི་འགྲོ་རྟག་དཔྱད་ནན་པོ་བྱས་པ་ལས་། ཁྲིམས་མཐུན་དང་མཆོག་མཆན་སོགས་ཀྱི་ཐད་སྐད་ཆ་འདྲི་བྱུང་མ་སོང་།
    ལྷན་རྒྱས་ནང་། རིགས་འཛིན་སྒྲོན་མས་འབྲེལ་བྱང་། སྒྲོན་མ་སྐྱབས་ཀྱི་འབྲེལ་བྱང་། ཀུན་འགའི་འབྲེལ་བྱང་། ད་དུང་བོད་སྐད་ཀྱི་གླུ་དབྱངས་ལེན་དག་གི་འབྲེལ་བྱང་མཁྱེན་མཁན་འདྲ་ཡོད་ན་ངའི་དྲ་འཕྲིན་ཐོག་གནང་རོགས་གནང་། ངའི་དྲ་འཕྲིན། dortso@gmail.com
    གཡག་རྒྱབ་ཚོང་ཁང་ལ་། ཕེབས་རོགས་གནང་།
    http://tibetansales.com/
    ཐུགས་ཆེ་གནང་།

  9. བྷོ་ཊའི་འཁྱམ་པོ། says:
    2011-01-27 at 1:14 pm

    གཡག་རྒྱབ་ཚོང་ཁང་ལ་མཚམས་འདྲི་ཞུ།
    ངས་གཏམ་ངོ་མ་ཞིག་སྤེལ་ན་འདོད། ཉེ་སྔོན་ང་རང་ལྡི་ལིར་ལས་དོན་ཞིག་གིས་ཆེད་སྐྱོད་པ་ཡིན་ལ་ཞོར་དུ་བོད་གཞས་གསར་པ་ཞིག་ཉོ་འདོད་བྱུང། ངས་ཚོང་བདག་ཁོང་ལ་བོད་གཞས་གསར་པ་འཚོང་རོགས་ཞུས་པས་ཁོང་གིས་ཁྱེད་ལ་རིན་གོང་ཆེ་བ་དགོས་སམ་ཆུང་བ་དགོས་ཞེས་གསུངས་བྱུང། དེ་ནི་ཞིབ་ཏུ་བསམ་དུས་འོད་སྡེར་ངོ་མོར་སྒོར་༡༥༠་དང་པར་ཤུས་རྒྱབ་པར་སྒོར་༥༠ཡིན་པའི་ཁར་བོད་གཞས་སྣ་ཚོགས་ལྡན་འདུག
    ངས་བོད་ཀྱིས་ལེའུ་ཉི་ཤུ་ཅན་གྱིས་བལྟད་མོ་ཞིག་བལྟད་པ་ཡིན། འོད་སྟེར་འདིའི་ཐོག་མར་བོད་གཞས་སྙན་མོ་ཞིག་བཅུགས་འདུག དེའི་ཐོག་མོར་དཀར་ཆག་གི་ཚུལ་དུ་གཞས་སྣ་སྣ་ཚོགས་ཀྱིས་མིང་བཀོད་འདུག་ལ། གཤམ་དུ་ཆོག་ཆན་མེད་པར་པར་ཤུས་མ་བརྒྱབ་རོགས་ཞེས་རེ་སྐུལ་བྱེད་འདུག དེ་ནི་little lhasa ཞེས་པའི་འོད་སྡེར་རྐུན་མ་ཁང་ཞིག་ནས་རང་གིས་བརྐུས་ནས་གཞན་ལ་མ་བརྐུ་རོགས་ཞེས་རེ་སྐུལ་བྱེད་པ་འདྲ།
    སོང་ཙང། གཡག་རྒྱབ་ཚོང་ཁང་གི་དེ་ལྟར་མི་གནང་བའི་རེ་བ་ཡོད།

  10. རང་བཙན་ལྡེའུ་ says:
    2011-01-28 at 2:41 am

    རིགས་འཛིན་སྒྲོན་མས་འབྲེལ་བྱང་ མཚོ་སྔོན་རླུང་འཕྲིན་ལས་ཁང་ལ་འབྲེལ་བ་གནང་ན་ཐོབ་ཞི་མི་བདའ་ལེ་།

  11. བཀྲ་ཤིས། says:
    2011-01-28 at 6:46 am

    རྡོར་མཚོ་ལགས།་འོད་སྡེར་གྱི་པགས་པའི་སྒང་གི་གླུ་གཞས་ཀྱི་གླུ་ལ་འབྲེང་བུ་ཞིག་བཞག་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་ཚོ་ལ་གཟབ་གཟབ་ཅིག་བྱས་ན་ཡག་པོ་ཡོད་ས་རེད།་ཅ་དངོས་དེ་རིགས་ཀྱི་ཁྱབ་ཚད་ཧ་ཅང་ཆེ་སྟབས་དོ་སྣང་བྱེད་དགོས་ཚོད་འདུག་ཡ་་ད་དུང་རིག་འཛིན་སྒྲོལ་མ་ཡིན་དང་རིག་འཛིན་སྒྲོན་མ་ཡིན་གསལ་པོ་ཞིག་བཟོ་རོགས།་་་་་དགོངས་དག་སྐྱོན་བརྗོད་བྱེད་པ་རྩ་བ་ཉིད་ནས་མིན།་འོན་ཀྱང་ཡིག་སྐྱོན་གང་སར་མཐོང་དུས་སྐྱིད་པོ་ཞིག་ཁྱོན་ནས་མི་ཡོང་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme