Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟུ་དཔང་ཞིག་གི་གདུང་འབོད།

Posted on 2020-12-132020-12-13 By ཁ་བརྡ No Comments on གཟུ་དཔང་ཞིག་གི་གདུང་འབོད།

ཅོག་རོང་བ།

པར་ནི་ད་ལོར་ང་ཚོའི་ས་ཁུལ་གྱི་མི་མང་གིས་སྔོན་འགྲོ་དང་དངོས་གཞིའི་འོསཤོག་འཕེན་ས་ཡིན་སྲིད་པའི་ས་ཆའི་དེ་རིང་གི་རྣམ་པ་ཡིན།

ད་བར་ཨ་རི་དང་ཡུ་རོབ་སོགས་སུ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་དང་ཇེ་ཐུ་རུ་གྱུར་བས་གང་སར་མི་ཚོགས་འདུ་འཛོམས་བཀག་འགོག་ནན་མོ་བྱེད་བཞིན་ཡོད། གནས་བབ་འདིས་ས་ཁུལ་དེ་དག་གི་བོད་མི་རྣམས་ཀྱིས་སྲིད་སྤྱིའི་འོས་ཤོག་འཕེན་པར་དཀའ་ངལ་རབ་དང་རིམ་པ་བཟོས། འོས་ཤོག་མ་འཕང་ན་བོད་མི་ཡིན་པའི་འགན་མ་བསྒྲུབ་པའི་གནོངས་འགྱོད་དང་། འོས་ཤོག་འཕེན་དུ་སོང་ན་ས་ཆའི་ཁྲིམས་བཤིག་ཏེ་ཉེས་ཆད་ཕོག་པ་དང་ནད་ཡེམས་འགོས་པའི་དོགས་སྐྲག་གི་སེམས་བྱུང་ལས་བོད་མི་མང་པོ་ཡིད་གཉིས་ཐེ་ཚོམ་གྱི་གནས་སུ་ལྷུང་། ས་ཆ་ལ་ལར་འོས་ཤོག་འཕེན་ས་ནི་གྲང་ངར་གྱིས་ཁེངས་བའི་ཐང་སྟོང་ཡིན་པས་མི་ཆོས་ཀྱི་མཐུན་རྐྱེན་མི་འཛོམས་པའི་རྐྱེན་གྱིས་བགྲེས་སོང་ལོ་ན་མཐོ་བ། ནད་ཀྱིས་མནར་བ། ཡན་ལག་དང་དབང་བོ་སྐྱོན་ཅན་བཅས་པའི་འོས་ཤོག་འཕེན་པའི་མི་རྣམས་ལ་མུ་གེ་སྟེང་ལ་ཟླ་ལྷག་ལྟར་དཀའ་ངལ་བསམ་ལས་འདས་པ་འཕྲད་གྱིན་གདའ། ང་ནི་ས་གནས་ཀྱི་འོས་བསྡུའི་གཟུ་དཔང་ཞིག་ཡིན་པའི་རྐྱེན་གྱིས་གནད་དོན་འདི་དག་བཙན་བྱོལ་བོད་གཞུང་གིས་སྡིག་པ་མིག་བཙུམས་མི་བྱེད་པར་བསམ་བློ་ཞིབ་ཏུ་བཏང་སྟེ་ད་ལོའི་འོས་བསྡུའི་ལས་གཞི་བཅའ་ཁྲིམས་ལྟར་ལོ་གཅིག་གམ་ལོ་ཕྱེད་ལ་ཕྱིར་འགྱང་བྱེད་དགོས་པར་བསམ། ཡང་ན་སྦྲགས་ཐོག་ནས་འོས་ཤོག་བསྐུར་ཆོག་པའི་མཐུན་རྐྱེན་མྱུར་ཏུ་བསྐྲུན་ཏེ་གོང་འཁོད་ཀྱི་ཡུལ་མི་དེ་དག་གིས་ཕྱི་རོལ་ལ་འགྲོ་མི་དགོས་པར་སྦྲགས་ཁང་བརྒྱུད་ནས་འོས་ཤོག་བསྐུར་ཆོག་པའི་འགྲོ་ལུགས་བསྒྲུབ་རན། དེ་ལྟར་མ་བྱས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཅིག་པའི་བོད་མིའི་འོས་བསྡུའི་ཐོབ་ཐང་ལ་གནོད་པས་མི་ཚད། གང་ཟག་གི་མི་ལུས་བདེ་ཐང་དང་བོད་མིའི་སྙན་གྲགས། འོས་འབྲས་ཀྱི་དྲང་བདེན་བཅས་ལ་དངོས་བརྒྱུད་ཀྱིས་གནོད་པར་མཐོང་བས། འོས་འཕེན་པ་ངས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གོ་བདུན་པའི་ཚན་པ་༦་པ་ནང་༼འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང༌། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱ་རྒྱུ་༽ཞེས་བྱ་བ་གཞིར་བཟུང་སྟེ་དབུས་འོས་བསྡུ་ལས་ཁང་གིས་ད་ལོའི་འོས་བསྡུ་དུས་ཚོད་ཕྱིར་འགྱང་བྱེད་པའམ་དང་ཡང་ན་སྦྲགས་ཁང་བརྒྱུད་ནས་འོས་ཤོག་འཕེན་ཆོག་པའི་སྲོལ་བཟང་དམིགས་བསལ་གྱིས་གཏོད་དགོས་པའི་རེ་སྐུལ་ཞུ་བ་ཡིན།

བསམ་ཚུལ།

Post navigation

Previous Post: དཔེ་ཀློག་གི་ལས་དབང་འགྱུར་ནུས།
Next Post: ཤི་གསོན་བྱེ་མའི་ལ་ཁར་འཇིགས་སྣང་ངང་འཚོ་བའི་Trump །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme