Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟའ་ཉི་མའི་གླེང་མོལ།

Posted on 2012-05-202012-05-20 By ཁ་བརྡ་



 

དྲ་ཐོག་གཟའ་ཉི་མའི་གླེང་མོལ་གྱི་ལས་རིམ་དང་ཟུར་བཤད།

 

གཅིག      ༢༠༡༢ ཟླ ༥ ཚེས ༢༠ཉིན་ཏེ་རེས་གཟའ་ཉི་མའི་སྔ་དྲོའི་དུས་ཚོད་༠༩བའི་སྟེང་ནོར་གླིང་མཐོ་སློབ་ཀྱི་སློབ་མ་གཉན་པོ་ལགས་ཀྱིས་སྤེལ་བའི་ཐེངས་འདིའི་གཟའ་ཉི་མའི་གླེང་མོལ་གྱི་སྔོན་འགྲོའི་བསྒྲགས་གཏམ་དང་མཉམ་དུ་ཆེད་རྩོམ་ཁག་སྤྱན་འབུལ་ཞུ་རྒྱུ།

 

གཉིས།      དུས་ཚོད་དགུ་དང་སྐར་མ་༢༠སྟེང་བགྲོ་གླེང་དངོས་སུ་དབུ་འཛུགས་བྱ་རྒྱུ་དང་། དྲ་གྲོགས་དག་གིས་སྔོན་འགྲོའི་བསྒྲགས་གཏམ་དང་ཆེད་རྩོམ་དག་ཆ་ཚང་ཞིག་ཀློག་ཐུབ་པའི་ཕྱིར་ཆེད་བྲིས་རྩོམ་ཡིག་དག་སྤེལ་རྗེས་སྐར་མ་༢༠རིང་མཆན་དག་རེ་ཞིག་འགོག་གི་ཡིན།

 

གསུམ།  ཉིན་གུང་དུས་ཚོད་༡༢་ནས་དུས་ཚོད་༠༡བར་བར་གསེང་ཡིན། ཕྱི་དྲོའི་དུས་ཚོད་བཞི་པ་ནས་དེ་རིང་གི་བགྲོ་གླེང་ཡོངས་སུ་མཇུག་བསྡུས་ཏེ་གོ་སྒྲིག་པའི་ངོས་ནས་བགྲོ་གླེང་དག་གི་བསམ་ཚུལ་ཁག་ཕྱོགས་བསྡུས་ཀྱིས་དྲ་ཐོག་གི་གྲོགས་པོ་དག་དང་ཀློག་པོ་ཡོངས་ཀྱི་སྤྱན་སྔར་འབུལ་རྩིས་ཡོད།

 

བཞི། ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་ཆེད་རྩོམ་སྤེལ་མཁན་དག་ནི་རྩོམ་པ་པོ་འཇིགས་མེད་དགེ་འདུན་ལགས་དང་ན་གཞོན་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས།  ས་རཱ་མཐོ་སློབ་ཀྱི་སློབ་མ་བཙན་མེ་སྟག་ལགས།  ཝར་ཎ་མཐོ་སློབ་ཀྱི་སློབ་མ་དབང་ཆེན་རྡོ་རྗེ་བཅས་ཡིན།   རྩོམ་པ་པོ་ཁོང་ཅག་གིས་ཐེངས་འདིའི་བགྲོ་གླེང་འདི་ཉིད་གལ་ཆེན་དུ་གཟིགས་ནས་བརྗོད་གཞི་དང་འབྲེལ་བའི་རྩོམ་ཡིག་ལེགས་པོ་རེ་གནང་བྱུང་བར་བགྲོ་གླེང་གོ་སྒྲིག་པས་དྲ་གྲོགས་ཡོངས་ཀྱི་ཚབ་བྱས་ཏེ་ཆེད་དུ་ཐུགས་རྗེ་ཆེ་ཞུ་བ་ཡིན།

 

ལྔ།   དེི་རིང་གི་དུས་ཚོད་དམ་འཛིན་བྱེད་ཐུབ་པའི་ཆེད་དམ།   ཡང་ན་བརྗོད་བྱ་དངོས་ཀྱི་སྟེང་དུ་བབ་སྟེ་བགྲོ་གླེང་ཤུགས་ཆེར་ཡོང་བའི་སླད་དུ།   དྲ་གྲོགས་དག་གིས་དགོས་མེད་གྱི་གཏམ་དང་བརྗོད་གཞིར་འབྲེལ་མེད་ཀྱི་སྐད་ཆ་སོགས་ཐེངས་འདིའི་དྲ་ཐོག་བགྲོ་གླེང་དུ་མི་སྤེལ་བའི་རེ་བ་ཡོད།

 

དྲུག   ཐེངས་འདིར་དྲ་བའི་གླེང་མོལ་ལ་ཞུགས་མཁན་དག་གིས་དྲ་ངོས་སུ་མཆན་སྤེལ་མི་ཐུབ་པའམ།  ཡང་ན་རང་རང་ལ་ཟིན་བྲིས་སོགས་མེད་ཚེ་ཐད་ཀར་ང་ཚོའི་ཡིག་འཕྲིན་ཁ་བྱང་dorjelks@ymail.comསྟེང་སྐུར་ན་དུས་ལྟར་ང་ཚོས་དྲ་བའི་མཆན་དུ་སྤེལ་ངེས།

བགྲོ་གླེང་གོ་སྒྲིག་པ་ཁྲོ་གཏུམ་དང་ཁ་བ་སྐམ་པོ་གཉིས་ཀྱིས་གུས་ཕུལ།

 

 

དྲ་ཐོག་གཟའ་ཉི་མའི་གླེང་མོལ་གྱི་སྔོན་འགྲོའི་བསྒྲགས་གཏམ།

 

གཉན་པོ།(ནོར་གླིང་མཐོ་སློབ།)

ཐོག་མར་རིགས་ཀྱི་བདེ་སྡུག་ལ་སེམས་ཁྲལ་ཆེ་ཞིང་སྒོས་སུ་བོད་ཀྱི་མཐོ་རིམ་སློབ་མའི་གནས་བབ་ལ་དོ་སྣང་ཡོད་པའི་གཟའ་ཉི་མའི་དྲ་ཐོག་བགྲོ་གླེང་གི་སྐུ་མགྲོན་ཡོངས་ལ་ཁམས་འདྲི་ཞུ་བ་དང་མཉམ་དུ་ཐེངས་འདིའི་གཟའ་ཉི་མའི་གླེང་མོལ་དང་འབྲེལ་བའི་སྐད་ཆ་འགའ་ཞིག་བཤད་ན།

བོད་མི་རིགས་ཀྱི་གནས་བབ་ཛ་དྲག་ཡིན་པའི་དུས་སྐབས་འདི་ལ“རང་ཉིད་ནས་འགོ་རྩོམ་པའི་དགོས”པའི་རྩ་དོན་བསམ་པའམ་ཡང་ན་བོད་པ་མི་རེ་ངོ་རེ་ཡིས་རིགས་ཀྱི་དོན་དུ་མ་མཐའ་ཡང་ཞབས་འདེགས་ཕྲན་བུ་ཞིག་ནི་ཅིས་ཀྱང་ཞུ་དགོས་སྙམ་པའི་ཚོར་བ་ཞིག་གིས། ང་ཚོར་གཟའ་ཉི་མའི་གླེང་མོལ་ཞེས་པ་འདི་འགོ་འཛུགས་པར་བྱས་ཤིང་།  རྩ་ཆེན་ཡིན་པའི་སློབ་སྦྱོང་གི་དུས་ཚོད་འགའ་ཡང་བློས་བཏང་ནས་དམངས་ཁྲོད་ཀྱི་བསམ་བློའི་གླེང་སྟེགས་ཤིག་སྟེ་གཟའ་ཉི་མའི་གླེང་མོལ་ཞེས་པ་མུ་རུ་སྒྲུབ་བཞིན་ཡོད།

ཐེངས་འདིར་གཟའ་ཉི་མའི་གླེང་མོལ་དྲ་ཐོག་ཏུ་ཚོགས་གཏན་འཁེལ་བར་ཡང་རྒྱུ་མཚན་འགའ་ཞིག་ཡོད་ཅིང་།  གཅིག་ནས་གཟའ་ཉི་མའི་གླེང་མོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་བགྲོ་གླེང་བ་དག་གི་བསམ་བློའི“འཚོ་བཅུད”ཀུན་ལ་དབུལ་འདོད་པས་ཡིན་ལ།  གཉིས་སུ་ཐག་ཉེ་རིང་གི་གྲོགས་པོ་དང་ངོ་ཤེས་པ་སྐོར་ཞིག་གིས་གཟའ་ཉི་མའི་གླེང་མོལ་དུ་ཕེབས་འདུན་ཡོད་པའི་བརྡ་བཏང་བྱུང་པས།   ཁོ་བ་ཚོ་དང་།   ཡང་ན་གླེང་མོལ་འདི་ཡི་ཕྱིར་མཉམ་འཛོམས་བྱེད་འདུན་ཡོད་པའི་དྲ་སྟེང་རྩོམ་འབྲི་བ་དག་ལ་སྟབས་བདེ་ཡོང་བར་བསམ་སྟེ་ཡི་གེའི་བརྒྱུད་ལམ་ནས་བགྲོ་གླེང་བྱ་བར་གཏན་འཁེལ་པ་ལགས།

དེ་ཡང་ཐེངས་འདིའི<<བརྗོད་བྱར་མཐོ་རིམ་སློབ་མའི་གནས་བབ་དང་བསམ་བློའི་འགན་འཁྲི>>ཞེས་པ་གདམས་དགོས་པའི་རྒྱུ་མཚན་ནི་གཅིག་ནས་ད་ལྟའི་མཐོ་རིམ་སློབ་མའི་གནས་བབ་སྟེ་མཐོ་རིམ་སློབ་མའི་སློབ་སྦྱོང་གི་ཁོར་ཡུག་དང་བསླབ་བྱའི་ཆེད་ལས།  ད་དུང་མཐོ་རིམ་སློབ་མའི་སློབ་དེབ་དང་ཀློག་དེབ་སོགས་ཀྱི་སྐོར་ནས་གླེང་རྒྱུ་གལ་ཆེན་དུ་མཐོང་ཞིང་།  གཉིས་ནས་མཐོ་རིམ་སློབ་མའི་བསམ་བློའི་ཁ་ཕྱོགས་ཏེ་ཤེས་ཡོན་འཐུས་ཚང་ཡིན་མིན་དང་བསམ་བློའི་གཞི་རྐང་བརྟན་མིན།  དཔྱད་སྟོབས་ཀྱི་བློ་མིག་དང་འགན་འཁུར་གྱི་འདུ་ཤེས་ལྡན་མིན་སོགས་ལས་འཕྲོས་ཏེ་རང་རེའི་མཐོ་རིམ་སློབ་མ་དག་གི་གླེང་རི་བའི་སློབ་སྦྱོང་གི་གྲུབ་འབྲས་དང་།  ཡང་ན་འཐུས་ཤོར་དང་མི་འདང་སའི་ཕྱོགས་ཅི་ཡོད་ལ་ཞིབ་མོ་རྣམ་འཐག་བྱེད་པའི་རེ་བ་འཛིན་པས་ཡིན་ནོ།

གཟའ་ཉི་མའི་གླེང་མོལ་འགོ་བརྩམས་པ་ནས་ད་བར་ཟླ་ངོ་རེ་གཉིས་སོང་ཟིན་ན་ཡང་བགྲོ་གླེང་མང་བོ་ཞིག་ཚོགས་ཐུབ་མེད་ཅིང་།  སྔོན་མར་རེ་འགའ་ཚོགས་ཟིན་པ་དག་ཀྱང་འཐུས་ཚང་དང་རྒྱས་བོ་སོགས་གང་ཡང་མིན་པར་མ་ཟད་གླེང་མོལ་ཞེས་པའང་ངོ་ཤེས་དང་རང་ཚོའི་གྲོགས་པོ་འགའི་སྤྱིར་བཏང་གི་ཁ་བརྡ་ཡིན་པ་ལས་གཞན་ཅི་ཡང་མིན།  དེ་ལས་ཀྱང་ཤེས་དགོས་པ་ཞིག་ནི་གླེང་མོལ་འདི་རུ་ད་སྔ་ཆེད་དུ་མཁས་པ་དང་ཤེས་ཡོན་པ་སོགས་ཆེད་འབོད་བྱས་མྱོང་པ་ཅི་ཡང་མེད།  རྒྱུ་མཚན་ནི་ང་ཚོས་འདི་རུ་ཅི་ཞིག་ཐག་ཨེ་ཆོད་དམ་སྙམ་སྟེ་མཉམ་འཛོམས་བྱེད་ཀྱི་མེད་ལ་གྲོས་ཆོད་དང་གྲོས་གཞི་ཟེར་བ་སོགས་ཀྱང་ཁ་ལ་བླངས་མ་མྱོང་བས་གཅིག་བྱས་ན་ཆེན་པོ་དག་གི་ཆུ་ཚོད་གྲོན་པ་ཁོ་ནར་སྲིད་ན་ཐང་།

འུ་ཚོའི་བགྲོ་གླེང་མང་དག་ཅིག་ཏུ་གཏམ་རྫིག་པོ་བཤད་མཁན་མང་ན་ཡང་སྐད་ཆ་དྲང་མོར་སྨྲར་མཁན་ཉུང་བ་དང་།  ཅི་ཞིག་གི་གནད་དོན་གསལ་བོར་ངེས་ཡོད་ན་ཡང་དོན་དེ་འགན་དུ་ལེན་མཁན་དཀོན་པས་ན།  སྟབས་བདེའི་གླེང་མོལ་འདི་རུ་གང་ཞིག་ཐག་ཆོད་སོང་དང་ཅི་ཞིག་ལ་གྲོས་བྱུང་སོང་སོགས་མི་ཟེར་མོད།    བགྲོ་གླེང་བ་དག་གིས་རང་རང་གི་སེམས་ཀྱི་ན་ཟུག་ཅི་ཡོད་བཤད་འཐུས་པ་དང་ཁ་བརྡ་གང་ཡོད་ལྷུག་པོར་མོལ་ཆོག་པ་འདི་ཡང་འཚོ་བ་རོལ་སྟངས་ཤིག་དང་བསམ་བློའི་ལས་འགུལ་ཞིག་མ་རེད་ཟེར་ས་མེད་དོ།

བདག་གིས་སྙམ་ན་མཐོ་རིམ་སློབ་ཆེན་པ་ནི་བསམ་བློ་དང་དཔྱོད་ཤེས་ཀྱི་འགྲུལ་བཞུད་པ་ཞིག་ཡིན་དགོས་པ་འདྲ་ཞིང་།  ལྷག་པར་དུ་འུ་ཚོའི་མཐོ་རིམ་སློབ་ཆེན་པ་ཚོར་དེ་བས་ཀྱང་གལ་ཆེན་ཡིན་པའི་འགན་ཞིག་བདོག་པ་ནི་རང་ཚོའི་གནས་བབ་ཀྱི་ཆ་ནས་རེད།   བོད་ནང་ཁུལ་དུ་བསམ་བློ་རེ་བཏང་ན་བོད་མི་ཚོས་བོད་རང་གི་སྐད་ཡིག་སྦྱོང་བའི་སྒོ་མོ་ཙམ་པོའང་གཞན་གྱིས་རྒྱབ་ཟིན་པ་རེད་ལ།  ཐ་ན་འཇིག་རྟེན་འདིར་འཚོ་བའི་གདམ་ཀ་མེད་པའི་གནས་སྟངས་ཀྱང་ཁོ་བ་ཚོའི་མགོ་ཐོག་ཏུ་བབ་ཡོད་པ་རེད།  དེ་བས་འུ་ཚོའི་སློབ་ཆེན་པ་ཚོས་བསམ་བློ་དང་ཤེས་རབ་བོར་ཏེ“ར་བཟི་རིག་བརྡབ”ཀྱི་སྐྱེ་བ་ལེན་མི་ཉན་ཅིང་། མཐོ་སློབ་གྱི་སྒོ་ཆེན་འགྲིམ་དུས་དཔའ་བོའི་མི་རབས་འདིའི་མིང་བྱང་བོར་བའི་ཟློས་གར་ནི་དེ་བས་ཀྱང་འཁྲབ་མི་རུང་།

དེ་བས་ཐེངས་འདིར་མཐོ་རིམ་སློབ་མའི་གནས་བབ་གླེང་རྒྱུ་འདི་ཉིད་གལ་ཆེན་དུ་བསམ་ཞིང་།   ལྷག་པར་དུ་བསམ་བློའི་འགན་འཁྲི་ཞེས་པ་འདི་གཙུགས་པར་བྱས་ཏེ་སྙིང་གི་རུས་པ་སྲ་ཞིང་དཔྱོད་པའི་བློ་མིག་ཡངས་ལ། འགན་འཁྲིའི་འདུ་ཤེས་ལྡན་པ་དག་ལ་དཔྱད་གཞིར་བཞག་པ་ཡིན། འདི་དང་འབྲེལ་ནས་འུ་ཚོའི་རྩོམ་པ་པོ་འགའ་ཞིག་གིས་ཐེངསའདིའི་བརྗོད་གཞིར་དམིགས་ཏེ་ཆེད་རྩོམ་འགའ་ཡང་གནང་བྱུང་ན་ཐོག་མར་ང་ཚོས་ཁོ་བ་ཚོའི་ལྷག་བསམ་དག་པའི་རྒྱབ་སྐྱོར་ལ་དགའ་པ་སྟོན་ཅིང་།གཏིང་ཟབ་པའི་ལམ་སྟོན་ལ་ཡི་རངས་འབུལ།
མཇུག་མཐར་རྒྱ་ཆེ་བའི་དྲ་གྲོགས་དག་གིས་ཐེངས་འདིའི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་ལྷུག་སྩོལ་གནང་བའི་རེ་བ་དང་བཅས།

ཐེངས་འདིའི་གཟའ་ཉི་མའི་གླེང་མོལ་གྱི་སྔོན་འགྲོའི་བསྒྲགས་གཏམ་གྱི་ཚབ་ཏུ་གཉན་པོས་སྦྱར།

 ༢༠༡༢   ༠༥  ༢༠

གསར་འགྱུར།

Post navigation

Previous Post: མཐོ་རིམ་སློབ་མའི་གནབ་བབ་དང་བསམ་བློའི་འགན་འཁྲི།་༼གཟའ་ཉི་མའི་གླེང་མོལ་ཆེད་རྩོམ༽
Next Post: ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme