Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟའ་ཉི་མ་དང་གསར་འགྱུར།

Posted on 2012-01-102012-01-10 By སྤོབས་པ་མཐའ་ཡས། 3 Comments on གཟའ་ཉི་མ་དང་གསར་འགྱུར།

སྤོབས་པ་མཐའ་ཡས།
གཟའ་ཉི་མ་ནམ་ཡིན་ལ་ཡུལ་འདིའི་ཚགས་པར་ལྡབས་ཁ་ཤས་ཀྱིས་རྒྱགས་པ་ཆགས་ཡོད། གཟའ་ཉི་མའི་ཞོགས་པ་ནམ་ཡིན་ལ་ངས་རང་གི་ར་སྐོར་སྒོ་འགྲམ་གྱི་ཡིག་སྒམ་ཁ་ཕྱེ་ནས་ལྗིག་ཏིག་ཏིག་གི་ཚགས་པར་དེ་ཡར་བཀྱག་ནས་ནང་དུ་ཡོང་ཞིང་མགོ་ནས་མར་ཀློག དེ་ཡང་ང་དགའ་ཤས་ཀྱི་སྡེ་ཚན་ཁག་ནི་རྒྱལ་སྤྱིའི་གསར་འགྱུར། རྒྱལ་ནང་གསར་འགྱུར། ཀློག་པ་པོའི་འཕྲིན་ཡིག ཆེད་རྩོམ་སོགས་ཡིན་སྟབས་ཅུང་དོ་སྣང་གིས་ཀློག རྩེད་འགྲན་དང་ཚོང་ལས་ཁྱབ་བསྒྲགས་ལ་མིག་བཤེར་རེ་ཡང་མི་བྱེད། མཚམས་མཚམས་སུ་ལས་ཀ་འཚོལ་སའི་སྡེ་ཚན་དེར་ཡང་ལྟ་ཙམ་རེ་བྱེད།
དེ་ནས་ངས་རྒྱུན་ལྡན་བཞིན་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་སོགས་ཀྱི་དྲ་རྒྱ་ཁ་ཕྱེ་ནས་ལྟ། ཡིན་ན་ཡང་ང་ཚོའི་གསར་འགྱུར་དྲ་བ་རིན་པོ་ཆེ་དག་ནི་གཟའ་ཉི་མའི་ཉིན་རྐུབ་ལ་ཉི་མ་ཤར་བ་ཡང་མ་མཁྱེན་པར་གཉིད་ཁུགས་ཡོད་པ་འདྲ། གཟའ་ཉི་མ་ཟེར་དུས་དྲ་རྒྱ་འདི་ཚོའི་ནང་ལ་གསར་འགྱུར་གསར་པ་སྣ་གཅིག་ཀྱང་མེད། སྤྱིར་ན་གཟའ་ཉི་མའི་ཉིན་ལས་རིགས་མང་པོ་ཞིག་མཚམས་འཇོག་པའི་ངལ་གསོའི་ཉི་མ་ཡིན་པས་མི་མང་པོས་དྲ་རྒྱ་སྔོག་པ་དང་གསར་འགྱུར་ལ་ལྟ་ཉན་བྱེད་པའི་གོ་སྐབས་ཅུང་ཡག་དུས་ཤིག་ཡིན་པས་བོད་ཡིག་གི་གསར་འགྱུར་གསར་བ་ཁ་ཤས་རེ་སླེབས་ཡོད་ན་ཅི་རུང་བསམ་གྱིན་འདུག
ཡུལ་ལུང་གཞན་དག་ན་གཟའ་ཉི་མའི་གློག་འཕྲིན་དང་གཟའ་ཉི་མའི་མགྱོག་འཕྲིན་གཟའ་ཉི་མར་སྤེལ་བའི་གསར་ཤོག་མང་པོ་ཡོད་པར་གཞིག་ན་གཟའ་ཉི་མ་ནི་གསར་འགྱུར་འགྲེམ་སྤེལ་གྱི་གོ་སྐབས་ཆེན་པོ་ཞིག་ཡིན་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཉིན་རེའི་གསར་ཤོག་ཡོད་པ་མ་ཐོས་ཀྱང་བདུན་ཕྲག་རེའི་གསར་ཤོག་ཡོད་པ་ཐོས་པས་དེ་གཟའ་ཉི་མ་དང་བསྟུན་ནས་འདོན་ཐུབ་ན་ལྟ་ཀློག་བྱེད་མཁན་མང་བར་ཕན་ཐོགས་ཏན་ཏན་ཡོད་པ་འདྲ། དེ་བཞིན་མ་འོངས་པར་རང་རེའི་སྤྱི་ཚོགས་སུ་གསར་ཤོག་གི་ལས་ཀ་བྱེད་འདོད་མཁན་ཡོད་ན་གཟའ་ཉི་མའི་ཉིན་འགྲེམ་སྤེལ་དགོས་པར་མངོན།

རྩོམ་རིག

Post navigation

Previous Post: ཐུགས་སྲས་བུ་ཆེན་གསུམ་གྱི་གསུང་འཕྲིན།
Next Post: སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགྱུར་བསྒྲགས་གཏམ།

Comments (3) on “གཟའ་ཉི་མ་དང་གསར་འགྱུར།”

  1. གསང་གྲོལ། says:
    2012-01-10 at 8:59 am

    སྤོབས་པ་མཐའ་ཡས་ཀྱིས་བཤད་པ་ཅིས་མི་བདེན། གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ནི་གུང་གསེང་ཡིན་པས་བོད་ཀྱི་དུས་བབ་གཙོས་བོད་ཡིག་དྲ་རྒྱ་ཁག་གི་སྒོ་ཡང་ཡང་ཕྱེས་མོད་ནང་དུ་ཟ་རྒྱུ་འཐུང་རྒྱུ་ལྷག་མ་རེ་མ་གཏོགས་ཅི་ཡང་མི་འདུག དེ་བས་རྒྱ་ཡིག་དང་དབྱིན་ཡིག་གི་དྲ་རྒྱ་མི་ཀློག་ཀ་མེད་བྱུང་། དྲ་གཉེར་བ་ཚོའི་གཟའ་མཇུག་ལ་ངེས་བར་ཏུ་གསར་འགྱུར་དང་རྩོམ་ཡིག་རིགས་མདུན་ངོས་ལ་འཇོག་ཐུབ་ན་ཀློག་མཁན་མང་བ་མཁྱེན་པར་མཛོད། ཁྱེད་ཚོའི་དྲ་རྒྱ་དང་ཚགས་ཤོག་གཉེར་བ་རང་ཉིད་ཀྱིས་ཀློག་འདོད་པ་གཅིག་པུ་ཡིན་རྒྱུ་མ་རེད།

  2. ཁྱུང་དཀར says:
    2012-01-10 at 2:01 pm

    འདི་རྒྱ་གར་ནང་རེད་ལ་དེའི་ནང་གི་བོད་པའི་ཚགས་དེབ་ཆུང་ཆུང་ཞིག་ཀྱང་རེད། མ་ཟད་གཟའ་ཉི་མར་གུང་སེང་ཡང་རེད། འདིར་ཕྱི་རྒྱལ་ལྟ་བུའི་ཆ་རྐྱེན་མི་འདུག་ལ་གནས་ཚུལ་གསར་བ་ཡང་མང་པོ་མི་འདུག རྩོམ་རྙོག་་ཆོ་མེད་རེ་བཀོད་ནས་ཕན་ཐོག་ཡང་མི་འདུག་ལ། ཁྱེད་ལ་བོད་ཡིག་མང་ཙམ་ཀློག་འདོད་ཡོད་ན་བོད་ནང་གི་དྲ་ཐོག་ཏུ་རྒྱུགས་དང་དེ་རུ་ཉ་ག་ཉོག་གེ་མང་ནི་རེད།

  3. ཆོས་འགྲུབ། says:
    2012-01-10 at 5:28 pm

    སྤོབས་མཐའི་སྐད་ཆར་ཡིད་ཅུང་རངས། ཤར་ཁུག་ནས་བོད་དོན་དང་འབྲེལ་བའི་དཀའ་སློབ་ཡོད་ན་ལས། རྨོང་དད་ཀྱི་རྗེས་འབྲང་བ་ཞིག་བྱེད་ཉན་མི་བྲོ་ཟེར། མ་བྲོ་བ་ཙམ་ལས་རྨོང་དད་མིན་པའི་སྒོ་གསུམ་གྱི་བྱ་བྱེད་གང་ཡང་ཤེས་རབ་ཀྱི་རྩིས་ལ་བཀོད་པ་མ་མཐོང་ལ། གཞལ་བྱ་ཉེ་རྒྱང་ཅི་ལྟར་ཡང་ཧོལ་རྒྱུག་དང་ལད་མོའི་ས་ཅི་ཆོད་ལས། དཔྱོད་ཤེས་རིག་པའི་འཁོབས་ལ་བཅལ་ནས་རང་རྟོན་གྱིས་དཔྱད་བཤད་བྱས་རིགས་གཏན་ནས་མེད་སོང་འདུག་ན་ཁྱོད་རྨོང་དད་ཀྱི་རྗེས་སུ་འབྲང་བ་མིན་ཅི་རེད། ད་དུང་བོད་དོན་ཐད་ཀྱི་སྐད་ཆ་མིན་ན་ཉན་ཉན་མི་བྲོ་བ་བདེན་ན། དབུ་མའི་ལམ་ལས་འགུལ་ཚོགས་པས་བཤད་བཤད་ཐམས་ཅད་བོད་དོན་ཨེ་རེད།
    སེམས་བསམ་པའི་གཏིང་ཞེ་རུས་པའི་གདིང་ནས་བོད་དོན་ལ་ཐུགས་ཁུར་ཅན་གྱི་ཚོགས་མི་ག་ཚད་ཡོད། ད་ཆ་དབུ་མའི་ལམ་གྱི་ལས་འགུལ་ལམ་ལམ་དབུ་མ་སྐྱེ་བོ་སྒེར་གྱི་སློང་གཟེད་ཙམ་དུ་སྒྱུར་བ་དེ་ཡང་བོད་དོན་ལ་ཐུག་པ་ཨེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme