Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞོན་སྐྱེས་ཚོས་བོད་མིའི་ངོ་བོ་རྒྱུན་འཛིན་ཡོང་བར་མི་རབས་རྒན་པ་ཚོས་གནང་དགོས་པའི་ལས་འགན།

Posted on 2016-05-132016-05-14 By ཁ་བརྡ 2 Comments on གཞོན་སྐྱེས་ཚོས་བོད་མིའི་ངོ་བོ་རྒྱུན་འཛིན་ཡོང་བར་མི་རབས་རྒན་པ་ཚོས་གནང་དགོས་པའི་ལས་འགན།

མགར་མཁྱེན་རབ་འོད་གསལ། ༼སུ་ཇཱ་བོད་ཁྱིམ། འཛིན་རིམ་དགུ་པ།༽
 

༡༽ ཕ་མའི་ལས་འགན།

རང་རེ་བོད་པའི་ཁ་རྒྱུན་དུ་ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་སློབ་ཕྲུག་ཅེས་པའི་དཔེ་ལྟར། ཕ་མ་དང་དགེ་རྒན་གཉིས་ནི་ཆེས་རླབས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་པར་རང་རེ་བོད་པའི་སྤྱི་ཚོགས་སུ་མཁས་བླུན་ཀུན་གྱི་བཞེད་ཚུལ་མཐུན་མོད། འོན་ཀྱང་ཕ་མ་དང་དགེ་རྒན་གཉིས་ཀྱིས་སོ་སོར་འཁྲི་བའི་ལས་འགན་དེ་གཙང་བཞེས་མ་གནང་བའམ་ཡང་ན་མ་འཁུར་བ་ཡིན་ན། གཞོན་སྐྱེས་ཚོའི་ཁ་ཕྱོགས་ལོག་པར་འཁྲིད་ཉེན་ཆེ་བ་དང་ལམ་ལོག་མགོ་རྨོངས་སུ་འགྱུར་ཉེན་ཆེ་བས་ཕ་མས་སོ་སོའི་བུ་ཕྲུག་དག་ལ་ཆུང་དུས་ནས་སློབ་གསོ་དང་ལམ་སྟོན་གང་ལེགས་གནང་གལ་ཆེ་བར་སེམས།
གང་ལགས་ཤེ་ན། རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཕ་མའི་སློབ་གསོ་ཡིས་མ་འདང་བའི་རྐྱེན་གྱིས་གཞོན་སྐྱེས་ཉུང་ཤས་ཤིག་གིས་བོད་པའི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་རིན་ཐང་མ་རྟོགས་པས་གཙིགས་སུ་མི་འཛིན་པ་དང་། དེར་གཙིགས་སུ་མི་འཛིན་པས་སྦྱངས་འདོད་ཀྱི་བློ་མི་སྐྱེས་བས་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་སྐད་ཡིག་གཉིས་དང་། ལྷག་པར་དུ་ཆོས་རིག་གཞུང་དང་བཅས་པ་གོང་འཕེལ་དུ་གཏོང་བ་ལས་ཉམས་དམས་སུ་བཏང་བའི་རྐྱེན་དུ་འགྲོ་ཉེན་ཆེ། དེར་བརྟེན་དཔྱོད་ལྡན་ཕ་མ་རྣམས་ཀྱིས་གཅེས་སུ་འཛིན་པའི་སོ་སོའི་བུ་ཕྲུག་དག་ལ་བོད་སྐད་རྒྱག་རྒྱུ་དང་བོད་ཡིག་སྦྱངས་དགོས་ཚུལ་སོགས་ཀྱི་སློབ་གསོ་རྒྱག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།

 

༢༽ དགེ་རྒན་གྱི་ལས་འགན།

དགེ་རྒན་ནི་ཡོན་ཏན་ཀུན་གྱི་འབྱུང་ཁུངས་དང་གཞན་རྣམས་སྒོ་གསུམ་དགེ་ལ་སྦྱོར་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པས་འཛིན་ཁང་དུ་སློབ་ཚན་གཅིག་པོ་ཁྲིད་པ་ཙམ་མ་ཡིན་པར་དེ་ལས་ལྷག་པའི་བོད་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་གྱིས་བོད་ཀྱི་གནའ་རབས་ལོ་རྒྱུས་དང་ཡུལ་གོམས་གཤིས་ལུགས་སོགས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀུན་ལ་བྱང་ཆ་ལྡན་པའི་སློབ་ཕྲུག་གང་མང་སྐྱེད་སྲིང་བྱེད་དགོས་པ་ལས་སློབ་ཚན་ཁྲིད་ཐུབ་ཙམ་དང་ལས་འགན་འགྲུབ་ཐུབ་ཙམ་གྱིས་དུས་ཚོད་སྐྱེལ་ཐབས་ནམ་ཡང་བྱས་མི་རུང་།

སྤྱིར་དགེ་རྒན་གྱི་ལས་འགན་ནི་ལས་སློ་བོ་ཞིག་གཏན་ནས་མིན་ནའང་སོ་སོར་བོད་པའི་དགེ་རྒན་ཞེག་གི་འགན་འཁུར་ཡོད་ཕྱིན་གཞན་ལས་ལྷག་པའི་འགན་འཁྲི་ལྕི་མོ་ཞིག་ཡོད་པ་ངོས་ཟིན་ཐོག་སློབ་ཕྲུག་རྣམས་ཀྱི་མངོན་འདོད་འགྲུབ་ཕྱིར་སྐུ་ངལ་ཇི་ལྟར་འཕྲད་ཀྱང་མི་མཐུད་དུ་མདུན་སྐྱོད་ཀྱི་བློ་སྤོབས་མངའ་བ།བཟོད་སྒོམ་ཐུབ་པ་སོགས་ཀྱིས་སློབ་ཕྲུག་རྣམས་བོད་མི་རིག་རང་ཉིད་ཀྱི་སྐད་དང་ཡི་གེ། ཆོས་དང་རག་གཞུང་བཅས་ལ་གཙིགས་མཐོང་དང་སྤོབས་སེམས་སྐྱེ་རུ་བཅུག་དགོས་པ་ལས་ཕམ་སེམས་གཏན་ནས་སྐྱེ་བཅུག་མི་ཉན།

 

༣༽ ཤེས་ཡོན་འགན་འཛིན་པའི་ལས་འགན།

ཤེས་ཡོན་འགན་འཛིན་རྣམས་པའི་ལས་འགན་འཙོ་བོ་གཅིག་ནི་སློབ་གྲྭ་ཁག་གི་ཤེས་ཡོན་སྲིད་བྱུས་ཀྱི་ལག་བསྟར་ཐད་གཟིགས་རྟོགས་གནང་བ་དེ་ཡིན་པ་དང་། སློབ་གྲྭ་ཁག་ཏུ་སློབ་མ་རྣམས་ཀྱི་ཤེས་ཡོན་གྱི་ཆུ་ཚད་སྤུས་དག་ཞིག་ཡོང་མིན་སྐོར་ཞིབ་འཇུག་བྱེད་པ་དེ་ཡིན་པ་ལས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཅིག་པོར་བློ་འཁེལ་བ་དང་འདོདོ་བློ་ཁེངས་བ་སོགས་ཀྱི་མི་འགྲིག་པར། སྤྱིར་བཏང་གི་ཤེས་ཡོན་གྱི་སྤུས་ཚད་ཅི་ཡོད་དང་ལེགས་ཆ་གང་ཡོད་གཞིར་བཅོལ་ཏེ་ད་གཟོད་གཞི་ནས་ཐག་གཅོད་བྱེད་གལ་ཆེ་སྙམ།
ལོ་ཤས་སྔོན་ལག་བསྟར་བྱས་པའི་སྲིད་སྐྱོང་གི་སློབ་ཡོད་ཞེས་པའི་ཤེས་ཡོན་གྱི་སྲིད་ཇུས་དེས་རང་རེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་གང་མང་ལ་སེམས་འགུལ་ཐེབས་པ་དང་ཕན་པ་ཅུང་ཟད་རེ་བསྒྲུབས་ཡོད་ཀྱང་། མང་ཆེ་བར་སེམས་ངལ་སྤྲད་པ་དང་ཉུང་ཤས་ཤིག་ལ་གནོད་པ་ཡང་སྐྱེལ་ཡོད། གང་ལགས་ཤེ་ན་སློབ་ཕྲུག་མང་ཆེ་བས་ཆེ་འདོད་དང་གྲགས་འདོད་ཀྱི་དབང་གིས་ཡིག་རྒྱུགས་གཅིག་པོ་གཙིགས་སུ་འཛིན་པ་ལས་གཞན་རྣམས་གལ་ཆེན་དུ་མི་མཐོང་བ་དང་། ཉུང་ཤས་ཤིག་ནི་ཁ་ཡོད་ལག་ཡོད་བོད་སྤྱི་པའི་རྩ་དོན་ལ་སེམས་འཁུར་དང་བོད་གནའ་དེང་གི་ཤེས་ཡོན་སྤུས་ལེགས་ཡོད་མཁན་ཞིག་ཡིན་རུང་ཤེས་ཡོན་གྱི་གོ་སྐབས་སོགས་དང་སྲིད་སྐྱོང་གི་སློབ་ཡོན་འབུལ་གྱི་མེད་པས་སེམས་ཤུགས་ཆགས་ཡོད་མཁན་ཡང་མང་པོ་མཆིས།
ཡིན་ནའང་ཤེས་ཡོན་གྱི་སྲིད་བྱུས་དེ་གཏན་ནས་འགྲིག་གི་མི་འདུག་ལབ་བ་མིན།དེས་ན་གང་འགྲིག་གི་མི་འདུག་ལབ་ན། སྲིད་སྐྱོང་གི་སློབ་ཡོན་སྤྲད་སྟངས་ཀྱི་ཐད་ལ་ཏོག་ཙམ་འགྲིག་གི་མི་འདུག་སྙམ། སྲིད་སྐྱོང་གི་སློབ་ཡོན་ནི་སློབ་ཚན་ཚང་མ་ཆ་མཉམ་བརྒྱ་ཆ་དགུ་བཅུ་གོ་ལྔའི་ཡན་ལོན་དགོས་པ་ཡོངས་གྲགས་ཡིན་ཡང་། བོད་ཡིག་བརྒྱ་ཆ་དགུ་བཅུ་མ་ལོན་ནའང་སྲིད་སྐྱོང་གི་སློབ་ཡོན་སྤྲད་པ་བྱུང་ཡོད་པ་མངོན་སུམ་ལས་བསྙོན་དུ་མེད།

མདོར་ན་བོད་མི་རྒན་རབས་རྣམས་ཀྱིས་སོ་སོའི་སྐད་ཡིག་ལ་གཙིགས་ཆེན་དུ་འཛིན་དགོས་ཞེས་པ་དང་སློབ་ཕྲུག་དག་ལ་ཡང་བོད་པའི་སྐད་ཡིག་གཉིས་པོར་དོ་སྣང་ཡོང་ཕྱིར་མིག་དཔེ་བཟང་པོ་བསྟན་དགོས་ཟེར་བ་ལས་རྒྱུ་མཚན་གཞན་མ་མཆིས་སོ།

 

༤༽ སློབ་གྲྭའི་འགན་འཛིན་རྣམས་ཀྱི་ལས་འགན།

སློབ་གྲྭ་ཆེ་ཕྲ་ཆུང་གསུམ་གང་ཞིག་ཡིན་རུང་འགན་འཛིན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་གཅིག་ནི་སློབ་མའི་འཕྲོད་བརྟེན་དང་ཤེས་ཡོན་ཐད་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་དང་། སློབ་མའི་ལུས་སེམས་གཉིས་ཀྱི་འཚར་ལོངས་ལ་དོ་གལ་ཆེ་བཞེས་ཀྱིས་ཆ་རྐྱེན་གང་ལེགས་བསྐྲུན་དགོས་པ་དེ་རང་ཡིན། ལྷག་པར་དུ་སློབ་གྲྭའི་མཛད་རིམ་གང་ཡོད་ལ་ནུབ་ཕྱོགས་པའི་ལྟད་མོ་ཁེ་མཚར་ཅན་བསྟན་པ་དང་དེང་རབས་ཀྱི་དབྱིན་གཞས་རྐྱང་རྐྱང་བཏང་བའི་ཚབ་ཏུ་བོད་པའི་རྩོ་དོན་དང་འབྲེལ་ཡོད་ཀྱི་གཏམ་གཤད་དང་། གཞས་སྣ། བགྲོ་གླེང་། བཀའ་སློབ་སོགས་ཀྱི་ལྟད་མོ་སྟོན་རྒྱུ་དང་སློབ་གསོ་རྒྱག་རྒྱུ་གལ་འགངས་ཆེ་བར་སྙམ། གང་ལགས་ཤེ་ན། དེ་ནི་བོད་རིགས་གཞོན་སྐྱེས་ཚོས་བོད་པའི་ངོ་བོ་རྒྱུན་འཛིལན་ཡོང་བར་དགོས་ངེས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་ཡིན་པས་སོ།
བོད་རིགས་གཞོན་སྐྱེས་ཚོས་བོད་པའི་ངོ་བོ་རྒྱུན་འཛིན་ཡོང་བར་ལམ་འགག་དེ་རང་བརྒྱུད་དགོས་ཟེར་བ་མིན་ནའང་། ཕྱི་གླིང་པའི་ལྟས་མོ་དང་རོལ་གཞས་མང་དག་ཅིག་ལ་དོན་སྙིང་དེ་ཙམ་མ་མཆིས་པ་དང་གཞོན་སྐྱེས་ཚོའི་རྒྱུད་ལ་ཉོན་མོངས་འཕེལ་བྱེད་ཀྱི་རྒྱུ་རུ་འགྱུར་བར་དོགས་ནས་རེ་སྐུལ་གྱི་འབོད་བརྡ་ཞིག་གི་ཚུལ་དུ་འདིལྟར་ཞུས་པར་འདོད། འོན་ཀྱང་ངའི་ཨ་མའི་ཕོར་པ་གཙང་མ་ཡིན་ཞེས་པའི་དཔེ་ལྟར། ཡིན་གཅིག་མིན་གཉིས་དེ་ལྟར་བྱེད་དགོས་ཞེས་བཙན་བརྡ་བཏང་བའམ་ཨུ་ཚུགས་བྱས་པ་གཏན་ནས་མ་ཡིན་ནོ།

སྤྱི་ལོ་༢༠༡༦ ཟླ་བ་༥ ཚེས་༡༢ ཉིན

རྩོམ་རིག

Post navigation

Previous Post: ༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།
Next Post: ཀློང་ཐང་སྒྲོལ་མ་དང་འབྲེལ་བའི་གཏམ།—རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས་འཚོ་བའི་ཡུལ་སྡེ་ཞིག

Comments (2) on “གཞོན་སྐྱེས་ཚོས་བོད་མིའི་ངོ་བོ་རྒྱུན་འཛིན་ཡོང་བར་མི་རབས་རྒན་པ་ཚོས་གནང་དགོས་པའི་ལས་འགན།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-14 at 2:15 am

    ཤེས་ཡོན་ལ་དོ་སྣང་ཅན་གྱི་བུ་རབས་ཞིག་རེད་འདུག་རྒྱབ་སྐྱོར་ཡོད་།

  2. དྲང་སྲོང says:
    2016-05-24 at 9:55 am

    དངོས་གནས་སེམས་ཚོར་ཡོད་པའི་སྐད་ཆ་བཤད་འདུག་ཐུགས་རྗེ་ཆེ་ཞུ་ཡ་དང་ཁྱེད་རང་སློབ་སྦྱོང་ལ་འབྲས་བུ་གཡུལ་དུ་ཐོབ་པའི་སྨོན་འདུན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme