Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞོན་ལྷན་ལ་ཇུས་གཏོགས་ཤིག་བྱས་ན།

Posted on 2013-05-272013-05-27 By ཁ་བརྡ་ 42 Comments on གཞོན་ལྷན་ལ་ཇུས་གཏོགས་ཤིག་བྱས་ན།

ཤར་ཕྱོགས་ཁུག་རྟ།

ང་ལ་ཇུས་གཏོགས་མི་འདུག་མ་གསུངས། ལྷག་པར་དབུ་མ་པ་ཤར་ཕྱོགས་ཁུག་རྟ་ལ་ཇུས་གཏོགས་མི་འདུག་མ་གསུངས། ཡིན་ནའང། རང་བཙན་གླེང་ནས་མི་ལོ་མང་པོ་ཡུན་གྱིས་ལྟེབས་བརྩེགས་རྒྱབ་མཐའ་ན། དེ་རིང་ད་དུང་རང་བཙན་ནི་ཅི་ཞིག་ཡིན་པ་དང། ཅི་ལྟར་རྩོད་མིན། དངོས་གནས་རང་བཙན་རྩོད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་ཐུབ་ཡོད་མེད་ཀྱིས་དེ་རིང་གི་རང་བཙན་ཚོགས་འདུར་གདེང་ཚོད་དང་སྤོབས་ཉམས་ཆུང་བའི་རྣམ་པ་ཞིག་གསལ་ལེར་མངོན་ཡོང་གི་ཡོད། རྙོག་གླེང་གྲངས་མེད་དང་དཀའ་ངལ་སྣ་ཚོགས་ཀྱི་འོག་ནས་གཞོན་ནུའི་ཚོགས་ཆེན་ཐེངས ༡༥ པ་བཞུགས་སྒར་དུ་མགོ་བཙུགས་ཟིན་པའི་རྣམ་པ་ཞིག་དེ་རིང་གསར་ལམ་ཁག་ཏུ་མཐོང་རྒྱུ་འདུག གླེང་ཕྱོགས་མང་པོའི་ཁྲོད་དེ་རིང་གི་གཞོན་ནུ་ལྷན་ཚོགས་ཀྱི་གནས་བབ་ནི་སྒོ་རྒྱག་དང་མི་རྒྱག་གི་ས་མཚམས་སུ་སླེབས་ཡོད་ཀྱང། ང་ཚོས་འདས་པར་ཕྱིར་བལྟ་དང་མ་འོངས་པར་བསམ་གཞིག་བྱེད་སྐབས། རྒྱུ་མཚན་གང་གིས་གཞོན་ལྷན་དབུས་ས་གཉིས་ནས་”བོད་རང་བཙན་”ཟེར་བའི་དམིགས་ཚད་དང་ལས་འཆར། འཆར་སྣང་དང་བློས་གཏོང་གི་ཚད་གཞི་རོབ་ཙམ་ཞིག་ཅིའི་ཕྱིར་ཕྱི་གསལ་ནང་གསལ་མ་བཟོས་པ་ཡིན་ནམ་ཞེས་པའི་དོགས་པ་ཚང་མར་འབྱུང་གི་ཡོད་པ་རེད། གལ་སྲིད་བདེན་དོན་དང་རྣམ་དཔྱོད་ལ་སྐད་ཆ་དྲིས་ཏེ་གཞོན་ལྷན་སྒོ་རྒྱག་མིན་ཐག་གིས་གཅོད་དགོས་ཚེ། ངེས་པར་དུ་གཞོན་ལྷན་ལ་གང་ཞིག་ཚང་ཡོད་མེད་དང་ཚང་ཐུབ་མིན་གོང་དུ་དྲངས་པའི་ཆ་རྐྱེན་འདི་དག་ནས་བལྟ་རྒྱུ་ནི་ཧ་ཅང་གསལ་བོ་ཞིག་རེད་སྙམ་པས། གཤམ་ནས་ངས་མ་བབས་པར་སྐེ་བསྲིང་པ་ལྟ་བུས་གཞོན་ལྷན་ན་ཁ་གསལ་གཏིང་གསལ་བཟོ་དགོས་པ་ཁག་ཅིག་གསལ་འདོན་ཞུ་འདོད་བྱུང།

༡ གཞོན་ལྷན་ལ་”བོད་མདོ་དབུས་ཁམས་གསུམ་ལ་རང་བཙན་གཙང་མའི་གནས་བབ་ཅིག་ཕོ་ཟད་མོ་ལ་ཐུག་ཀྱང་རྩོད་ཀྱི་ཡིན་མིན་དང། ཐ་ན་བོད་མི་རིགས་རྩ་སྟོང་ལ་འགྲོ་དགོས་ཀྱང་གནས་བབ་དེ་ག་རང་རྩོད་ཀྱི་ཡིན་པའི་དམ་བཅའ་བརྟན་པོ་ཅི་ཞིག་ཡོད་དམ་མེད། ཡང་ན། བཙན་བྱོལ་དུ་མི་ལོ་ཆིག་སྟོང་ལྷག་གནས་དགོས་བྱུང་ཡང་གནས་བབ་དེ་རྩོད་ཀྱི་ཡིན་པའི་ཕྱི་གསལ་ནང་གསལ་གྱི་དམ་བཅའ་བརྟན་པོ་ཅི་ཞིག་ཡོད། དམ་བཅའ་དེ་འཇིག་རྟེན་ཡོངས་གྲགས་བཟོས་པ་བརྟེན་ནས་བོད་ས་ཆུང་ངུ་ཞིག་ལ་རང་བཙན་བྱུང་ཡང་འགྲིག་པའི་འདོད་ཚུལ་དང་གླེང་ཕྱོགས། དོགས་པ་རྣམས་གཏན་འགོག་བཟོ་ཐུབ་བམ།

༢ འཇམ་དབྱངས་ནོར་བུ་སོགས་མི་ཁ་ཤས་ཀྱི་སློབ་སྟོན་འོག་ཕྱིན་ནས། བོད་མི་རིགས་གནས་དགོས་པའི་སྙིང་དོན་”བོད་ཀྱི་སྐད་ཡིག་དང་རིག་གནས་མི་ཉམས་རྒྱུད་འཛིན་བྱ་རྒྱུ་འཐབ་རྩོད་ཀྱི་དཀྱིལ་སྙིང་དང་གཙོ་བོར་”མི་འཇོག་པའི་ད་ལྟའི་བྱེད་སྟངས་འདི་རིགས་ལ་འགྱུར་བ་གཏོང་རྒྱུའི་གསལ་བསྒྲགས་ཁ་གསལ་གཏིང་གསལ་ཞིག་བྱེད་འདོད་ཡོད་དམ་མེད།

༣ རང་བཙན་འཐབ་རྩོད་པའི་མགོ་ཁྲིད་རང་ངོས་ནས་དབུ་བརྩམས་ཏེ་བོད་ཀྱི་རིག་གནས་དཀྱིལ་སྙིང་ཡིན་པའི་མདོ་དབུས་ཁམས་གསུམ་སྐྱིད་མཉམ་སྡུག་མཉམ་གྱི་རང་བཙན་ཞིག་གི་ཆེད་ལུས་སྲོག་ལོངས་སྤྱོད། བཟའ་ཟླ་བུ་ཕྲུག ཁེ་ཕན་གཏམ་གྲགས་མཆིལ་མ་བཞིན་འདོར་དགོས་ཀྱང་འདོར་ཐུབ་པ་དང། འདོར་ཐུབ་མཁན་གྱི་གྲངས་འབོར་མང་དུ་གཏོང་བའི་ཚད་ལྡན་གྱི་སྒྲིག་འཛུགས་ཤིག་བསྐྲུན་རྒྱུའི་ནུས་པ་ཡོད་དམ་མེད།

༤ རྒྱལ་སྤྱི་དང། རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཁྲོམ་རྭའི་ནང་གི་འབྲེལ་ལམ་ནས་རང་རེའི་གནས་བབ་ལ་དཔྱད་དེ། དབུ་མའི་ལམ་ལས་རང་བཙན་གྱི་ལམ་དུ་ཕྱིན་པ་ཡིན་ན། བོད་མི་རིགས་ཀྱི་མདུན་ལམ་ཐད་འགན་འཁུར་ཐུབ་ངེས་ཀྱི་གདེང་ཚོད་དང་སྤོབས་པ་གཉིས་ཀ་གསལ་བསྒྲགས་ཀྱི་ལམ་ནས་སྤེལ་ཐུབ་དང་མི་ཐུབ་བཅས་གནད་དོན་ཆེ་ཁག་བཞི་ལ་ལན་འདེབས་དངོས་གནས་ཤིག་རྙེད་དང་མི་རྙེད་ལ་དཔྱད་ཞིབ་བྱས་རྗེས།

གཞོན་ནུའི་སྒྲིག་འཛུགས་འདི་དང་འདིའི་ལངས་ཕྱོགས་མི་མཐུད་གནས་དགོས་དང་མི་དགོས་ཐག་གཅོད་བྱས་ན་བོད་སྤྱི་ལ་ཕན་ཐོག་ངེས་ཅན་ཞིག་ཡོང་གི་ཡོད་པར་ངས་ཇུས་གཏོགས་བྱེད་བཞིན་ཡོད་ལ། གལ་སྲིད་འཐབ་རྩོད་ཀྱི་ནུས་ཤུགས་ཐད་སྔར་ལམ་ལྟར་འགྲོ་རྒྱུའི་འཆར་སྣང་འཛིན་པ་དང། མང་གཙོ་ཁ་ལ་འཁྱེར་ནས་ལྟ་བ་གཞན་ཞིག་དགོས་ཀྱི་ཡོད་པའི་རྨོངས་དད་དམ་འཛིན་བྱ་རྒྱུ་ཡིན་ཚེ་བོད་མི་རིགས་ཀྱི་མདུན་ལམ་ནང་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མི་ཡོང་བ་ཚོད་དཔག་ཐུབ་པ་ཞིག་རེད་ལ། གང་ལྟར་ཚོགས་མི་ཚོས་གནད་འགག་གི་སྐབས་བསམ་བློ་གཟབ་ནན་གཏོང་དགོས་པ་དང། ད་ལྟའི་ལས་འཆར་དང་དཔལ་འབྱོར་གྱི་གནས་བབ། དམིགས་བསལ་ཚོགས་མིའི་གྲངས་འབོར། སྤྱི་ཚོགས་ཀྱི་ངོས་འཛིན་བཅས་ལ་རང་ངོ་འཕྲོད་པ་གནང་སྟེ་ལམ་ཁ་མ་ནོར་བ་ཞིག་འདེམས་རྒྱུ་ནི་གལ་ཆེན་རེད་འདོད་པས། ངས་ཇུས་གཏོགས་ཐུང་ཙམ་འདི་ལ་རྣ་བ་ཅུང་ཙམ་གཏད་རྗེས་ཤོག་རུལ་ཁྲོད་ཤར་ཤར་གཡུག་རོགས།།

༢༠༡༣། ༥། ༢༦། ཉིན།

དཔྱད་རྩོམ།

Post navigation

Previous Post: ཁེར་རྐྱང་གི་འགྲུལ་བཞུད་པ།
Next Post: གྲོགས་ལྷ་མོ་དོན་འགྲུབ་ཀྱི་སྐྱེས་སྐར་ལ་ཕུལ།

Comments (42) on “གཞོན་ལྷན་ལ་ཇུས་གཏོགས་ཤིག་བྱས་ན།”

  1. གཡུ་ཐོག་བུ། says:
    2013-05-27 at 9:09 pm

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དགྲ་བོ་རྒྱ་དམར་སྙིང་ན་བའི་ཚོགས་པ་ཞིག་ཡིན་ཞིང་། འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་འདོགས་དགོས་པའི་དགྲ་སྡུག་གཉེན་དགའི་ཚོགས་པ་ཞིག་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་ཐུབ་ཡོད།
    དེ་རིང་། ཚོགས་པ་སྒོ་རྒྱབ་རྒྱུ་རེད་ཟེར་ན། བློ་ཡུལ་དུ་མ་ཤོང་བའི་སྐད་ཆ་རེད་ཨང་། དེས། གཞོན་ནུའི་ཚོགས་པའི་སྙིང་སྟོབས་ནི། ངར་ཤུགས་དང་། ཚོར་བ་ཁོ་ནས་སྒྲུབ་པའི་མདུན་ལྗོངས་རེད། དེའི་ཕྱིར། ད་དུང་རེམས་ཡ། བོད་མི་རིགས་ཀྱི་འཐབ་རྩོད་ནི་གང་ཟག་གཅིག་དང་། མི་རབས་གཅིག་གི་འཐབ་རྩོད་མིན།

  2. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-27 at 9:18 pm

    གཞོན་ནུ་ལྷན་ཚོགས་ལ་རྒྱ་ནག་གིས་སྡང་གཟུགས་སྟོན་པ་ནི། རང་བཙན་ཟེར་བའི་དཔུང་ཁག་ཅིག་ཡོད་ན་ཁོ་པ་ཚོར་ཁེ་ཕན་རེག་གི་ཡོད་པ་དང། དམིགས་བསལ་༸ཏཱ་ལའི་བླ་མས་གྲོས་མགོ་བཏོན་པའི་དབུ་མའི་ལམ་ལ་ཁ་གཏད་གཅོག་སྐབས་རང་བཙན་བརྩད་དང་རྩོད་བཞིན་པའི་འུར་རྒྱབ་སྟེ་སྐྱོན་འདོག་མ་བྱས་ཚེ། དངོས་གནས་བྱས་ན་རྒྱ་ནག་གཞུང་རྒྱལ་སྤྱི་དང་རྒྱ་ནག་མི་མང་མདུན་དུ་ངོ་ཚ་ཁ་སྐྱེངས་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ད་བར་༧ཏཱ་ལའི་བླ་མར་ཁ་གཏད་གཅོག་སྐབས་བོད་རང་བཙན་ཟེར་བའི་ཚིག་འདི་དང་རྣམ་འགྱུར་འདིས་ཁོ་པ་ཚོར་སྐོང་ས་ཡིབ་ས་ཞིག་རྙེད་ཀྱི་ཡོད་ལ། དེ་དང་མཉམ་དུ་བོད་ནང་དུ་འཇམ་རྩུབ་བསླུ་བྲིད་སྣ་ཚོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། གཞོན་ལྷན་ལ་དྲག་སྤྱོད་པ་ཟེར་བའི་རྒྱ་ནག་གཞུང་གི་བྱེད་སྟངས་སོགས་ནི་མ་གཞི་ནས་གཡོ་ཐབས་ཤིག་ཡིན་པ་མ་གཏོགས། གཞོན་ལྷན་ལ་ཞེད་སྣང་དང་གཟབ་གཟབ་བྱས་པས་དེ་ལྟར་བཤད་པ་ནི་གཏན་ནས་མ་རེད་འདོད་པས། བཙན་བྱོལ་ནང་ནས་མི་ཁ་ཤས་ཀྱིས་རང་ངོ་རང་གིས་ཟིན་ན་ཡག་གི་རེད་འདོད།། ཅེས་རྩེ་གྲི་སྒང་བློ་བཀྲས།།

  3. བཀྲ་ཤིས་རྒྱལ says:
    2013-05-28 at 3:40 am

    ཤར་ཁུག་ཁྱོད་ལ་གཞོན་ལྷན་སྐོར་ལ་ཇུས་གཏོགས་བྱེད་དགོས་མ་རེད། ཞབས་འདྲེན་ཁྱོད་དར་དམར་འཁུར་ནས་ཁ་རྒྱ་ལ་འཁོར། ཐན་བྱ་་་་་

  4. གསེར་འབྲུག་སྡེར་ལྔ། says:
    2013-05-28 at 4:28 am

    ཐན་བྱའི་ཐན་སྐད་ནི་འཆར་ཅན་ཞིག་རེད་ལ་གཞོན་ནུའི་ལང་ཕྱོགས་ལ་སྡང་ཟུག་ཆེན་པོ་བྱེད་རྒྱུ་ནི་བཙན་བྱོལ་བ་ཚོས་ལམ་དབུ་མ་ལམ་དུ་མ་ལྷོངས་བ་དང་འབྲས་བུ་སྒོར་ཐིག་ཡིན་པའི་འགལ་རྐྱེན་དུ་རློམས་ཏེས་མགོ་མཇུག་ཚང་མས་འཐབ་རྩོད་ཀྱི་མདུང་རྩེ་ནང་ཁུལ་དུ་གཏད་པའི་ལམ་ལུགས་གསར་པ་ཞིག་དར་སྤེལ་གཏོང་བཞིན་པའི་སྒང་རེད་ལ། གཅིག་བསྡུས་རིང་ལུགས་རྒྱ་བསྐྱེད་གཏོང་གི་མེད་དམ་སྙམ། བྱས་ཙང་ཏང་ལ་ངོ་རྒོལ་བྱེད་མི་ཆོག་པ་དང་བསྟོད་གླུ་ལེན་པའི་དུས་ལ་སླེབས་པ་འདྲ།

  5. གསེར་འབྲུག་སྡེར་ལྔ། says:
    2013-05-28 at 4:44 am

    རྩེ་བློ་བཟང་དུ་འབོད་པ་དག་ལ།
    འོ་ན་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནས་དོན་བསེལ་རྒྱུའི་འདུན་པ་ཡོད་པ་རེད་མེད་པ་རེད། ལར་ནས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནས་དོན་ཟེར་བ་ལས་བོད་ཀྱི་གནས་དོན་ཟེར་བ་ཞིག་གླེང་གི་ཡོད་པ་རེད་མེད་པ་རེད། དེ་གཅིག་ཡིན།
    མ་གཞི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཀྱི་སྲིད་ཇུས་དང་མི་རིགས་ཀྱི་ཐོབ་ཐང་ཟེར་བ་དེ་ངོ་བོ་དོན་གྱིས་གྲུབ་ཡོད་པ་རེད་པས། འོ་ན་ཀྲུའུ་ཝེ་ཆོན་གྱིས་ཡིག་ངག་གཉིས་ཐོག་ཆབ་སྲིད་གྲོས་ཚོགས་སུ་གྲང་ཉུང་མི་རིགས་ཁག་གི་མི་རིགས་སྲིད་ཇུས་དེ་བཟོས་ནས་རྒྱ་རིགས་ཆེན་པོ་གཅིག་ཏུ་བཟོ་དགོས་པའི་བསམ་ཚུལ་དེ་སྤྱིའི་ཕྱིར་སླེབས་པ་རེད། དེའི་རྒྱུ་མཚན་ཡང་དག་ཅིག་འགྲེལ་རྒྱུ་མེད་ན་གཞོན་ནུ་དང་རང་བཙན་ལྟ་གྲུབ་པས་ལམ་དབུ་མའི་འབྲེལ་མོལ་ལ་གནོད་པར་དོག་པ་ནི་ཁྱོད་རང་གི་རྩེ་རྣམ་གྲྭའི་ལྟོ་འཕོར་དང་འབྲེལ་མེད་ན་ཅི་རེད།

  6. གསེར་འབྲུག་སྡེར་ལྔ། says:
    2013-05-28 at 4:45 am

    མི་རིགས་སྲིད་ཇུས་དེ་མེད་པར་བཟོས་ནས་ཞེས་བཅོས་རོགས།

  7. དགྲ་ལྷ་ནག་པོ། says:
    2013-05-28 at 5:54 am

    བོད་ཀྱི་གཞོན་ལྷན་ནི་མི་རིགས་འདིའི་མ་འོངས་པའི་རེ་བ་བརྒྱག་ས་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། རྒྱུ་མཚན་ཁོ་ཚོ་ནི་བོད་མི་རིགས་ཀྱི་སོན་རྩ་སྟེ་གསར་སྐྱེས་ཀྱི་གཞོན་ནུ་རྐྱང་རྐྱང་ཡིན། དེ་བས་གཞོན་ནུ་ཚོགས་པའི་ལངས་ཕྱོགས་ཅི་ལྟར་ཡང་བོད་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་པ་ཞིག་ཅིས་ཀྱང་ཡིན་དགོས་མོད། དེང་གི་ཆར་གཞོན་ལྷན་གྱི་ནང་དུ་བསམ་མེད་ཁ་ཤས་ཤིག་གིས་སྐྱག་པ་བཏང་འདུས་པས་རུལ་དྲི་ཉིན་བཞིན་ཇེ་ཁ་རེད། དེ་འང་ཀུན་གྱིས་མཁྱེན་དགོས་པའི་གནད་དོན་ཞིག་རེད། ད་ལྟ་ང་ཚོའི་རྩོད་དགོས་པ་དེ་ཆོལ་གསུམ་བོད་མི་གཅིག་ཏུ་བསྒྲིལ་བའི་བདེན་མཐའ་སེལ་ཆེད་བོད་ཀྱི་གཞོན་ནུ་ཚོགས་པ་ཟེར་བ་ཞིག་ཡོད་ན་ཤིན་ཏུ་མད་དོ། དེ་ལས་ཟློག་ཏེ་ཤ་ཟ་དུས་བ་ཁ་གཅིག་དང་ཀི་འདེབས་དུས་ཕ་རིའི་སྒང་འདེམས་པའི་ལང་ཤོར་ཁག་ཅིག་གིས་མདོ་སྟོད་སྨད་གཉིས་རྒྱང་འཕུལ་བཏང་ཚར་བ་ཚོར་བ་རྣོན་པོའི་ཐོག་ནས་མཁྱེན་དགོས་པ་ཞིག་རེད། དེ་དག་གི་རྩོད་པ་སོ་སོའི་གོ་ཁ་ཙམ་ལས་བོད་མི་རིགས་ཀྱི་བདེ་སྡུག་མ་རེད། ལམ་དབུ་མའི་གྲུབ་འབྲས་ནི་ཆོལ་གསུམ་གཅིག་བསྒྲིལ་གྱི་རིག་གཞུང་སྲུང་སྐྱོབ་དེ་རེད། བོད་མི་སྤྱི་བོ་གནམ་བསྟན་ཚང་མའི་ཚེ་སྲོག་སྐྱོབ་འདོད་རེད། སྒེར་བདག་རང་བཙན་འཇམ་ནོར་དང་བཅས་པའི་ཀླད་མེད་རེ་ཟུང་གིས་གཟི་བརྗིད་དང་ཆེ་མཐོང་ལྡན་པའི་གཞོན་ལྷན་ཟེར་བའི་ཚོགས་པ་ཆེན་པོ་འདི། ཕུ་དཀྲིགས་མདའ་དཀྲིགས་བྱས་སོང་། སླད་མར་ང་ཚོར་དགོས་པའི་གཞོན་ལྷན་ནི། ཆོལ་གསུམ་རེས་མེད་ཀྱི་གཞོན་ལྷན་ཡིན། ཁ་ཞེ་གཉིས་མེད་ཀྱི་གཞོན་ལྟན་ཡིན། བོད་མི་རིགས་ཀྱི་བདེན་མཐའ་རྩོལ་པའི་གཞོན་ལྷན་ཡིན།
    བོད་མི་རིགས་འཆི་བདག་ལས་སྐྱོབ་ཐུབ་པའི་གཞོན་ལྷན་ཡིན། སོ་སོའི་ལྟོ་གོས་ཀྱི་ཆེད་དུ་མི་རིགས་འཚོང་མཁན་གྱི་གཞོན་ལྷན་བྱེ་བྲག་པ་དེ་མིན། རང་བཙན་ལྷན་ཚོགས་ཟེར་བའི་སྨ་ར་ཅན་དེ་དེ་བས་ཀྱང་མིན་པ་མཁྱེན་པར་གྱིས།།

  8. ནོར་བཟང་། says:
    2013-05-28 at 6:03 am

    འཇམ་ནོར་དང་ཁོའི་རྒྱུག་ཁྱི་ཀླད་མེད་འགས་བོད་ཀྱི་གཞོན་ལྷན་མེད་པ་བཟོས་སོང་། འཇམ་ནོར་དང་བཅས་པའི་ཀླད་མེད་ཚོས་ཁོ་ཚོའི་ལྟོ་གོས་རྩོད་ཀྱིན་ལས་ཆོལ་གསུམ་རྩོད་ཀྱི་མེད། རྒྱལ་དབང་བཅུ་གསུམ་པ་དར་ཆར་བསྒྲེངས་པ་དེའང་བོད་ཆོལ་གསུམ་ཁ་བྲལ་ཡ་བྲལ་དུ་གཏོང་འདོད་ལས་ཅི་ཡང་མིན་། ཁོས་རྒྱ་སྡེ་བོད་སྡེ་ཟེར་བའི་ས་ཐིག་ཅིག་བཤད་ཀྱིན་་ཡོད། ཁས་ས་ཐིག་སྔོན་པོ་ཟེར་བ་ཞིག་ཀྱང་བཤད་ཀྱིན་ཡོད། འོན་ཀྱང་ཁོས་མེ་ལྕེ་ས་ཐིག་ཟེར་བ་ཞིག་བཤད་ཀྱིན་མེད་ལ། ལོ་རབས་ལྔ་བཅུའི་མགོ་སྟོད་ཀྱི་དཔའ་རྒོད་ཚོ་དེ་བས་བརྒྱང་དུ་གཡུག་ཚར་ཡོད། ལོ་རྒྱུས་ཀྱི་ཉེས་ཅན་སྨ་ར་ཅན་འཁོར་དང་བཅས་པ་མི་གྲལ་ནས་གཡུག་ཉིན་ནས་བོད་ཀྱི་གཞོན་ལྷན་ཡང་གཟི་བརྗིད་དང་པའི་མི་རིགས་ཀྱི་དཔའ་བོའི་ཁྱུ་ཚོགས་ཤིག་ཏུ་འགྱུར་ངེས་ཡིན། བོད་རྒྱལ་ལོ། བོད་རྒྱལ་ལོ།

  9. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 6:30 am

    རང་བཙན་མེད་ན་དགྱ་ལ་སེམས་ཁྲལ་མང།།
    རང་བཙན་ཡོད་ན་དགྱ་ལ་གསོད་སྟངས་བདེ།།
    དབུ་མར་ཕེབས་ན་དགྱ་ལ་བྱ་ཐབས་བྲལ།།
    དབུ་མར་ཕེབས་ན་དགྱ་སྙིང་གས་ལ་ཉེ།།

  10. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 6:34 am

    རང་བཙན་བསྒྲགས་ན་གླིང་འདིར་དགྱ་མགོ་མཐོ།།
    རང་བཙན་བརྩད་ན་འཛམ་གླིང་བྲོས་ནས་འགྲོ།།
    རང་བཙན་བཤད་ན་ལོ་རྒྱུས་མགོ་ཉོག་ཚ།།
    རང་བཙན་བརྩད་ཀྱང་ཤི་གསོན་ཐག་གཅོད་དཀའ།།

    དབུ་མ་བསྒྲགས་ན་གླིང་འདིར་དགྱ་བོད་མཉམ།།
    རང་སྐྱོང་བརྩད་ན་རྒྱ་གཞུང་བྲོས་ནས་འགྲོ
    རང་སྐྱོང་བཤད་ན་རྩ་ཁྲིམས་འཕྱར་ཆོག་པས།།
    རང་སྐྱོང་རུབ་སྟེ་བརྩད་ན་གསོན་རེ་ཡོད།།

  11. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 6:37 am

    མི་ཡི་འདྲེ་ལ་གསེར་འབྲུག་སྡེ་ལྔ་དང།།
    དོལ་རྒྱལ་འདྲེ་ལ་སྤྲུལ་སྐུ་དབང་ཆེན་གཉིས།།
    གྲྭ་གཟུགས་འདྲེ་ལ་མངའ་རིས་འཕྲིན་ལས་གསུམ།།
    གླུད་ནག་རྩམ་གཏོ་མཉམ་དུ་མར་ལ་གཡུག །
    སྟོང་བསམ་དངོས་མེད་རང་བཙན་རྩོད་དུ་ཆུགས།།
    ཉིན་ཞིག་ལྟོགས་སྐོམ་མེ་ཡིས་འཚིག་རྒྱུ་ནི།།
    དངོས་པོའི་གཤིས་ལ་ལྷུན་གྱིས་གྲུབ་པ་འདྲ།།

  12. ཚེ་བསམ་ says:
    2013-05-28 at 7:13 am

    མི་ཚེ་རིང་ན་ལྷ་གཤི་བའི་རོ་ཐོང་ཟེར་བ་ཞིན་རྒས་པོ་ང་ཚེ་རིང་བའི་སྐྱོན་ཡིན་ས་རེད་ད་ཆ་རང་བཙན་རྩོད་མཁན་ཚོ་སྟོང་བསམ་རིང་ལུགས་པ་ཞིག་ཆག་འདུག་

  13. སྣྲོན ངག་ཁྲི། says:
    2013-05-28 at 7:36 am

    མཁྱེན་ཡངས་ཤར་ཁུག་དང་དགྲ་ལྷ་ལགས་ཕྱོགས་གཏོགས་ཀྱི་སྐབས་འཚོལ་བ་རྣམས་ལ། འོ་ན། ༡༽འདས་པའི་མི་ལོ་དེ་དག་གི་རིང་། དབུ་ལམ་ལ་གྲུབ་འབྲས་གང་ཡང་མ་བྱུང་བ་དེ་དག་ཚང་མ་རྒྱ་གཞུང་གི་དཔོན་རིགས་ཚོའི་གནས་སྐབས་ཀྱི་ཁེ་་ཕན་ཆེད།མཐའ་གཅིག་ཏུ་མཁྲེགས་བཟུང་གི་ལྟ་བ་ལག་སྟར་བྱས་པ་ལས་བྱུང་བ་ཞིག་མ་་ཡིན་པར་ཐལ། ཁྱེད་ཀྱིས་འགྲེལ་ལུགས་སམ་ཁ་གཡར་སྟངས་གསར་པ་དེའི་ཕྱིར། ༢༽ཁྱེད་སྐབས་འཚོལ་ཚོགས་པས་ཀྱང་གོང་གསལ་གྱི་དམ་བཅའ་དེ་དག་རེེ་རེ་བཞིན་དབུ་ལམ་གྱི་གཞི་མེད་འགྱུར་སླའི་སྲིད་ཇུས་ལས་གསལ་བསྒྲགས་ཁྱབ་ཆེ་ཞིག་གནང་ཐུབ་བམ། ཞེས་མགོ་མཚུངས་ཀྱི་སྒོ་ནས་ལྡོག་ཏེ་འདྲི་བར་འདོད་དོ། ༣༽ལར་ནས་ཁྱེད་སྐབས་འཚོལ་བ་རྣམ་པའི་ཐུགས་དགོངས་ལྟར་ན། རྒྱ་གཞུང་གིས་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་དང་ཁོར་ཡུག་བསྐྲུན་རྒྱུ་སོགས་ཁོང་ཚོར་འདོད་པ་འཚིམ་དུས་ཤིག་ཡོད་པར་ཁྱེད་རྣམ་པས་དགོངས་ཀྱི་འདུག་གམ། གལ་ཏེ་དེ་ལྟར་འདོད་ཀྱི་ཡོད་ན། ཁྱེད་རྣམ་པས་རྒྱ་གཞུང་ལ་རྒྱུས་མངའ་མེད་པ་མ་ཟད། རེ་བ་སྟོང་པ་ཞིག་བཅངས་ནས་ཁོར་ཡུག་བསྐྲུན་རྒྱུ་རྐྱང་པས་མི་ལོ་སྟོང་ཕྲག་མང་པོ་འདའ་བར་ཐེ་ཚོམ་མེད་དོ་ཅེས་བདག་གིས་ཀྱང་ཞུ་བར་སྤོབས།

  14. གནམ says:
    2013-05-28 at 7:57 am

    ཤར་ཁུག་ཡིན་ན་སྐྱག་ཁུག་འདི་ལ་དྲི་བཙོག་རྐྱང་རྐྱང་མིན་པའི་དྲོ་རྒྱུ་མི་འདུག།
    རྒྱལ་ཁབ་ཟེར་བའི་གོ་དོན་ཙམ་ཡང་རྟོག་མེད་པའི་གླུན་པོ་འདི། ཁ་མི་བཙུམ་ན་ཆོད་ལ་ཤོག།

    རྒྱལ་ཁབ་ཟེར་བ་འདི་ཡོད་ན་ག་འདྲ་ཞིག་ཡོད་པ་རེད། མེད་ན་ག་འདྲ་ཞིག་ཡོད་པ་རེད། ཡོད་ནས་ཤོར་སྟངས་ག་འདྲ་ཞིག་ཡིན་པ་རེད། ཤོར་ཟིན་པ་ལེན་སྟངས་ག་འདྲ་ཞིག་ཡོད་པ་རེད། འདི་དག་གི་སྐོར་ལ་ཤེས་རྒྱ་ལྟ་རྒྱ་ཅི་ཙམ་ཡོད། ཐོས་རྒྱ་མཐོང་རྒྱ་ཅི་ཙམ་ཡོད། ཐབས་རྒྱ་ཇུས་རྒྱ་ག་ཚད་རགས་སོང་།

    རྒྱལ་ཁབ་དང་འགྲོ་བ་མའི་ཐོབ་ཐང་ཤོར་ཟིན་པ་ནི་བོད་པ་གཅིག་པོ་མ་རེད། ཤོར་ཡོད་པ་ཡང་བོད་པ་གཅིག་པོ་མ་རེད། སྐད་ཡིག་དང་རིག་གཞུང་སྐྱབས་པ་ཡང་གང་མང་མང་ཡོད་པ་རེད། ལོ་ངོ་སྟོང་ཕྲག་གི་སྣེ་མོ་ནས་སྐྱབས་ཡོད་པ་དེ་འདྲ་ཡོད་པ་རེད། སྐད་ཡིག་བཤད་སའི་ས་ཁུངས་དང་བོད་སྐད་བཤད་ནིའི་མྱི་རིགས་སྐྱོབས་དགོས་བ་ལས། དེ་མིན། གྲོག་ཚང་གཅིག་གི་ནང་ནས་གྲོག་མ་བོད་སྐད་བཤད་ནི་ཤིག་སྐྱོབས་ཀི་ཡིན་ཟེར་ན་ཁྱོད་སྨྱོན་པ་ཀླད་མེད་རང་རེད།

    སྐྱག་ཁུག་ཁྱོད་ཡིན་ན། རང་ལ་ཐབས་ཤེས་འཇོན་ཐང་གང་ཡང་མེད་པའི་རྒྱུ་མཚན་གྱིས་བོད་མགོ་རྒྱ་ལ་གཅོད་ཀི་འཇུག་དོན་ཅི་ལ་ཡིན། ཁྱོའི་མྱི་རབས་ཚ་རྒྱུད་ལ་ཁྱི་ལས་མི་སྐྱེས་ན་ཡང་། ང་ཚོའི་མྱི་རབས་ཚ་རྒྱུད་ལ་སྔོན་བྱོན་དབའ་བོའི་ཁ་ཆེམས་དང་ཁྲག་ཡིག་ཡོད། རྒྱ་བོད་ཁ་ཁ་ཡིན་པའི་གསོད་རེས་ཡོད། ཕོ་ཟད་མོ་ལ་གཏུག་པའི་ཡ་ང་ཡོད། དཔོན་བློན་རི་ལ་བརྡལ་བའི་སྙིང་ནད་ཡོད། ཆག་དགུ་སྣ་མང་གི་ཕམ་ཁ་ལས་ཡར་ལངས་ཟིན་པའི་མི་རབས་གསར་བ། ཁྱོད་འདྲ་མོས་ཁ་ལོ་བསྒྱུར་ཐུབ་ནི་མ་རེད། འདི་གཞོན་ནུ་རྒྱལ་ཐོབ་ཀྱི་གནད་དོན་ཞིག་མ་རེད། འདི་ནི་བོད་མགོ་རྒྱ་མགོ་ཁ་ཁ་ཡིན་པའི་གནད་དོན་རེད།

    གཞོན་ནུ་ཕམ་པར་རེ་བ་ནི་བོད་ཀྱི་བདེ་སྡུག་ལ་ཤ་ཚ་དང་ཕུགས་བསམ་མེད་པའི་དུད་འགྲོ་མྱི་པགས་ཅན་ཞིག་ལས་གཞན་འདི་ཚོ་ལ་ཅི་ཡང་མེད།

  15. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 7:58 am

    སྨན་རྩིས་ཁང་གི་ཁྱི་ཕྲུག་སྣྲོན་ངག་ཁྲིས་ངོ་གདོང་ག་དུས་ཡིན་ན་གསལ་བོ་བཟོ་མི་ཐུབ་བཞིན་དུ་མི་ལ་ལབ་རྒྱུ་བཞག་ན་ལོས་དགའ། མ་གཞི་ནས་ལྐོག་ནས་ངན་ལབ་བཤད་པ་འདི་རིགས་སྣྲོན་ངག་ཁྲི་ལྟ་བུའི་སྐྱེས་པ་བུད་མེད་ཀྱི་གཤིས་ཀ་ཅན་ལ་ལན་པོ་ཡོད་ངེས་རེད་དོ།།

  16. སྣྲོན ངག་ཁྲི། says:
    2013-05-28 at 8:03 am

    མཁྱེན་ཡངས་ཤར་ཁུག་དང་དགྲ་ལྷ་ལགས་ཕྱོགས་གཏོགས་ཀྱི་སྐབས་འཚོལ་བ་ཁྱེད་རྣམས་ལ། འོ་ན། ༡༽འདས་པའི་མི་ལོ་དེ་དག་གི་རིང་། དབུ་ལམ་ལ་གྲུབ་འབྲས་གང་ཡང་མ་བྱུང་བ་དེ་དག་ཚང་མ་རྒྱ་གཞུང་གི་དཔོན་རིགས་ཚོའི་གནས་སྐབས་ཀྱི་ཁེ་་ཕན་ཆེད།མཐའ་གཅིག་ཏུ་མཁྲེགས་བཟུང་གི་ལྟ་བ་ལག་སྟར་བྱས་པ་ལས་བྱུང་བ་ཞིག་མ་་ཡིན་པར་ཐལ། ཁྱེད་ཀྱིས་འགྲེལ་ལུགས་སམ་ཁ་གཡར་སྟངས་གསར་པ་དེའི་ཕྱིར། ༢༽ཁྱེད་སྐབས་འཚོལ་ཚོགས་པས་ཀྱང་གོང་གསལ་གྱི་དམ་བཅའ་དེ་དག་རེེ་རེ་བཞིན་དབུ་ལམ་གྱི་གཞི་མེད་འགྱུར་སླའི་སྲིད་ཇུས་ལས་གསལ་བསྒྲགས་ཁྱབ་ཆེ་ཞིག་གནང་ཐུབ་བམ། ཞེས་མགོ་མཚུངས་ཀྱི་སྒོ་ནས་ལྡོག་ཏེ་འདྲི་བར་འདོད་དོ། ༣༽ལར་ནས་ཁྱེད་སྐབས་འཚོལ་བ་རྣམ་པའི་ཐུགས་དགོངས་ལྟར་ན། རྒྱ་གཞུང་གིས་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་དང་ཁོར་ཡུག་བསྐྲུན་རྒྱུ་སོགས་ཁོང་ཚོར་འདོད་པ་འཚིམ་དུས་ཤིག་ཡོད་པར་ཁྱེད་རྣམ་པས་དགོངས་ཀྱི་འདུག་གམ། གལ་ཏེ་དེ་ལྟར་འདོད་ཀྱི་ཡོད་ན། ཁྱེད་རྣམ་པས་རྒྱ་གཞུང་ལ་རྒྱུས་མངའ་མེད་པ་མ་ཟད། རེ་བ་སྟོང་པ་ཞིག་བཅངས་ནས་ཁོར་ཡུག་བསྐྲུན་རྒྱུ་རྐྱང་པས་མི་ལོ་སྟོང་ཕྲག་མང་པོ་འདའ་བར་ཐེ་ཚོམ་མེད་དོ་ཅེས་བདག་གིས་ཀྱང་ཞུ་བར་སྤོབས།
    སྨྲས་པ། ཉེ་སྔོན་ཅོག་རོང་མྱི་ཡིས་བཀའ་ཤག་འདིར། །བསམ་ཚུལ་ལན་གསུམ་ཕུལ་བའི་བཀའ་ལན་དུ། །ཇི་ལྟར་གསུངས་པའི་ལྐོག་གྱུར་དོན་གནད་འགའ། །སྲིད་སྐྱོང་སེངྒེའི་དམ་བཅའི་འགོག་རྐྱེན་དུ། །གྱུར་བ་དག་ཀྱང་གཞོན་ནུས་བྱས་སམ་ཅི། །བོད་རྒྱ་ཞི་མོལ་ཁྲོད་ཀྱི་གསང་གནས་རྣམས། །སྒེར་པ་འགའ་ཡི་དོན་དང་ཐད་ཀ་རུ། །འབྲེལ་བཞིན་ཡོད་པའི་ཟུར་བལྟས་ལེབ་མཐོང་དབྱིབས། །ཉེས་ཀུན་བྱེད་པོ་གཞོན་ནུས་བྱས་སམ་ཅི། །ཞེས་ཡིད་མ་རངས་པའི་ཚིག་གིས་ཐལ་བ་འཕངས་ཏེ་ལན་བཏབ་ཟིན་ཏོ།

  17. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 8:08 am

    གནམ་ཟེར་བའི་ལྟས་ངན་འདིའི་སྐད་ཆ་བཤད་སྟངས་ལ་གཟིགས་དང། ཡོད་དང་ཡོད་ཚུལ་སྟོང་བཤད་རྒྱག་རྒྱུ་ལས་ལས་ཀ་བྱེད་རྒྱུ་ཞིག་དགོས་པ་རེད། གཞོན་ལྷན་གྱི་སྒོ་རྒྱག་མཁན་གནམ་ཁྱེད་འདྲ་བོ་ཚོར་བ་ཁམ་གང་ལས་མེད་པ་རེ་ཟུང་གིས་ཁྱི་ལབ་རྒྱག་རྒྱུ་མང་དྲག་ནས་སྤྲང་པོའི་ལག་རྟེན་སྤྲང་པོའི་མགོ་ལྕོག་ཏུ་གྱུར་བ་ལས་གཞན་གང་ཡང་མ་རེད། དམིགས་ཚད་གསལ་སྟོན་གནང། ཐབས་ཤེས་ལས་འཆར། བློས་གཏོང་འཆར་སྣང་དང་བཅས་པ་ཤར་ཁུག་གིས་བཤད་པ་བཞིན་སྟོན་ཐུབ་ན། ང་བོད་ཡིན། ཁོ་རྒྱ་རེད་ལབ་དགོས་པ་མ་རེད། ནུས་པ་རང་ལ་ཡོད་ན་རིན་ཐང་མིས་འཇོག་གི་རེད། དེ་མིན་གཞོན་ནུ་ཕར་ཞོག བོད་རང་བཙན་ཟེར་བ་དེ་ལྟག་ཆུ་ཆད་པའི་རྫིང་བུ་ལས་ཀྱང་སྡུག་པ། ཐཱན་པས་སྐམ་པའི་ཆུ་རྙོག་ལྟར་ཆགས་མི་འདུག་གམ། ཕྱོགས་གང་ཞིག་ནས་རེ་བ་འདུག་གམ། གཙོ་བོ་བོད་ཕྱི་ནང་གང་དུའང་རང་བཙན་ནི་རི་བོང་གི་རྭ་ཡིན་པ་གསལ་བོ་མཁྱེན་མི་འདུག་གམ། མི་ཐོབ་པ་ལ་ཨུ་ཚུགས་བྱེད་པ་ལས། ཐོབ་པའི་དངོས་པོར་ཚུལ་བཞིན་སྤྱད་ན་ལོས་དགའ། འཛིན་རིམ་བཅུ་གཉིས་པ་མ་ཐོན་པ་ཞིག་གིས་འབུམ་རམས་པའི་ལག་འཁྱེར་ལེན་གྱི་ཡིན་ལབ་ན་དེ་སྟོང་གཏམ་མ་རེད་དམ། གཞོན་ནུ་དང་ཁྱེད་ཚོའི་སྐད་ཆ་དེ་འདྲ་མ་རེད་དམ། ཕྱི་རྒྱལ་ཁག་ནས་ཚེ་གཡོག་བྱས་ཏེ་གྲོད་ཁོག་ཅུང་ཙམ་རྒྱག་དུས་སྣང་བ་རླུང་གིས་འཁུར་ཏེ་རང་བཙན་ལབ་མཁན་དེ་འདྲ་རེ་གཉིས་འདུག་གཱ དེ་དག་ནི་གནམ་ཁྱེད་རང་ལྟ་བུ་རླུང་གིས་འཁུར་ནས་ས་ལ་འབབ་མི་ཐུབ་མཁན་ཞེ་གཅིག་ཡིན་པ་ལས། རང་ཚོད་ལ་དཔག་པའི་འཚོ་བ་བསྐྱལ་སྟེ་རང་གི་ཁྱད་ཆོས་སྲུང་འཛིན་གྱིས། རང་གི་འཚོ་གནས་ཤིག་འདེམས་པའི་ཤར་ཁུག་དང་ཤར་ཁུག་ལྟ་བུར་གང་ནས་འགྲན། དམོད་མོ་དང་ཅོ་འཛིང་སུས་བྱེད་ཀྱི་ཡོད་མེད་འདི་གཅིག་པུས་ཀྱང་རང་བཙན་པ་ཚོར་ཁ་སྟབས་ཅི་ཙམ་ཡོད་མེད་གསལ་བོ་བྱས་མི་འདུག་གམ། དེ་བས་བོད་རང་བཙན་གྱི་སྟོང་བསམ་འདོར་བར་ཞུའོ་ལོང་པ་གནམ་ལགས།།

  18. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 8:28 am

    དུས་དེ་རིང་བོད་ཀྱི་རང་བཙན་ནི།།
    གནམ་ཐཱན་པས་སྐམ་པའི་ཆུ་རྙོག་ལྟར།།
    སུ་གང་གི་འཚོ་གནས་མི་ཉན་པ།།
    མ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས།།
    གཅིག་གཟིགས་ན་མཁྱེན་པའི་དོན་དངོས་ཡིན།།
    སྔོན་བཙན་པོ་རིམ་པར་བྱོན་པ་ཡི།།
    སྐུ་འཕྲིན་ལས་དབང་ཐང་རྒྱས་པའི་ཚུལ།།
    དུས་དེ་རིང་ངག་སྒྲོས་ཙམ་ཞིག་ལས།།
    བོད་སྐྱོབ་པའི་རོགས་ལ་ཕན་པ་མེད།།
    བར་སིལ་བུར་འཐོར་བའི་དུས་སྐབས་ནང།།
    གཙང་ས་ཕག་དགའ་ལྡན་ཕོ་བྲང་བཅས།།
    སྐབས་སོ་སོར་སྲིད་དབང་བསྐྱངས་ནའང།།
    ནང་ཕྱི་ཡི་སྡེ་གཟར་མང་དྲགས་ནས།།
    བོད་བྱུང་བ་རྩབ་ཧྲལ་ལྭ་བ་བཞིན།།
    དུས་དེ་རིང་གྱོན་རྒྱུ་གང་ན་འདུག།
    དགྲ་དམར་ནག་འཐབ་པའི་བར་གསེང་ནས།།
    བོད་ཆོས་ལྡན་ཁྲག་མཚོའི་ཐང་དུ་བསྒྱུར།།
    མགོན་བླ་གཞུང་རྒྱ་གར་ཡུལ་དུ་སྤྱུགས།།
    གནམ་སྔོན་པོ་མནན་པའི་པོ་ཏཱ་ལ།།
    དམག་དམར་པོའི་རྐང་པའི་འོག་ལ་མནན།།
    བོད་གངས་ཅན་མངའ་འབངས་དབང་མེད་དུ།།
    ལོ་ལྔ་བཅུར་རྒྱ་ནག་བྲན་ལ་བཀོལ།།
    ལོ་རྒན་རབས་རིམ་གྱིས་རྫོགས་ནས་ཚར།།
    ལོ་གཞོན་རབས་རིམ་གྱི་འགྱུར་ནས་ཚར།།
    འདི་མི་རྟག་འགྱུར་བའི་འཕྲུལ་འཁོར་ནང།།
    བོད་གངས་ཅན་རྦད་དེ་བརླག་ཉེ་ཡང།།
    མགོན་རྣམ་དཔྱོད་ཤེས་རབ་རལ་གྲི་དེས།།
    བོད་སྒང་པའི་སྲོག་ཤིང་གླིང་ལ་བཙུགས།།
    ལུགས་ལམ་བཟང་དབུ་མའི་སྒོ་འཕར་ཕྱེས།།
    ཕྱོགས་གཉིས་ཕན་འདྲ་མཉམ་ཀ་ཆེན་བཙུགས།།
    ཁྱི་སྤྱང་ཀི་ལག་སྦྲེལ་རྒྱལ་སྤྱིའི་ནང།།
    བོད་བཙོང་ནས་བཙོང་པ་མཐའ་མེད་ཀྱང།།
    རང་གཞན་ཕན་ལམ་བཟང་དབུ་མ་ཡིས།།
    བོད་འདི་ལ་རེ་བ་ཡོད་པར་བྱས།།
    བོད་འདི་ལ་ཁྱད་ཆོས་ཡོད་པར་བསྟན།།
    བོད་འདི་ལ་རྒྱ་ནག་ཞེད་དུ་བཅུགས།།
    བོད་འདི་ཉིད་རྒྱལ་སྤྱིས་མཐོང་དུ་བཅུགས།།
    གཞི་ལམ་བཟང་དབུ་མའི་བྱིན་བརླབས་ཀྱིས།།
    འདྲེ་བདུད་ཀྱིས་ཡི་རངས་མི་བྱེད་པ།།
    གཏམ་ཆགས་སྡང་གཞན་དབང་བྱིངས་པ་ཡི།།
    ལས་མངོན་སུམ་སྨིན་པའི་རྟགས་ལེགས་ན།།
    མིའི་གཟུགས་ཀྱི་བྱབ་ཆུང་དེ་ཚོ་ཡི།།
    གཏམ་གཏམ་ལ་མ་བརྩི་དབུ་མ་པ།།
    རང་ལམ་ཁ་ཤར་བསྐྱོད་བྱས་གྱུར་ན།།
    བོད་ཆོལ་གསུམ་སྐྱིད་མཉམ་སྡུག་མཉམ་ཞིག།
    དུས་གཏན་དུ་ཡོང་ངོ་དགྱེས་དགྱེས་མཛོད།།

  19. གནམ says:
    2013-05-28 at 10:14 am

    རྒྱ་དངུལ་ཏིང་ཡན་བོད་ལ་ཆར་བ་འབབ་འབབ་གཅིག་བྱས་ཚར་བ་རེད། མཇུག་འབྲས་ཁྱེད་ཚོས་ཤེས་ཡོད་རྒྱུ་རེད། མ་བརྗེད་ཨ།
    སྡུག་གཏམ་བཤད་ན་སྟངས་གཉིས་ཡོད་པ་རེད། གཅིག་བཤད་ཀི་སྔ་མར་ཡར་ལང་བའི་ཆེད་དུ་བཤད་པ་རེད། གཞན་དེ་བཤད་ཀི་སྔ་མར་ཤི་བའི་ཆེད་བཤད་པ་རེད།
    རྩེ་བློ་བཟང་བཀྲ་ཤིས་ཁྱོའི་སྙིང་ལ་རུས་པ་མེད་པས་རྡོ་ལ་ཨུ་ཁུང་འཕུག་པའི་དཔེ་མི་སྲིད་པ་འམ་སྲིད་པའི་ལོ་རྒྱུས་གླེང་ན་སྨྱོན་པ་རུ་སྣང་ཡང་། དེ་ནི་དངོས་བྱུང་རེད། བྱས་ཙང་། བོད་ནང་གི་བོད་མིས་བོད་རང་བཙན་ལེན་རྒྱུ་རེད། ཕྱི་ཕྱོགས་ཀི་བོད་མིས་རོགས་འདེགས་ཞུ་རྒྱུ་རེད།
    ཁྱོད་ལྟ་བུ་ཡོད་ན་འདྲ་མེད་ན་འདྲ། དེར་མི་སྐྱོན། ཁྱོད་འདྲ་བའི་སྙིང་ཁམས་མ་རྒྱས་པའི་ཁྱི་བུ་འགའ་རེ་ཡོད་པས་མ་ཚད་བོད་ནང་གི་བོད་མིའི་བདེ་སྡུག་གི་ཐག་གཅོད་ཡོད་ཚད་རང་ལག་ཁོ་ན་ལ་ཡོད་སེམས་མཁན་གྱི་བླུན་པོ་མྱི་དྲི་མེད་ས་འགའ་ཡོད་པ་རེད། ཡིན་ན་ཡང་། ཁྱེད་ཚོས་ང་ཚོ་ཕམ་ཚོང་རྒྱག་པ་དེ་འདྲའི་ལས་སླ་པོ་མེད། ཤེས་སོང་ངམ།

  20. བསྟན་པ། says:
    2013-05-28 at 10:22 am

    རྒྱལ་ཁབ་དང་རང་བཙན་མི་དགོས་པའི་ཐན་བྱ་འདི་ནམ་རྒྱུན་དུ་བོད་སྤྱིའི་རྩ་དོན་ལ་ཁ་གདངས་ཚད་ལ་ལྟོས་ན་འདི་རྒྱ་དམར་རྒྱུགས་ཁྱི་ཞིག་ཡིན་པ་བསྙོན་མེད་རེད། ངས་ཁ་སང་གི་སྤེན་པ་རྒྱུགས་ཁྱི་ལས་ཁོ་ལ་དོགས་པ་དང་ཁོང་ཁྲོ་ཟ་གི་ཡོད།

  21. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 10:41 am

    རང་བཙན་འཐད་པོ་འཆལ་པོ་དེ།། གནའ་ནས་རྒྱ་དམར་ལག་དུ་ཤོར།། རྡར་མ་གནམ་ཁྱི་ལྟོ་གཟུགས་ཁྱེད།། རང་སྲོག་དོར་ཀྱང་རང་བཙན་མེད།།

  22. ནམ་མཁའ says:
    2013-05-28 at 11:07 am

    ཕན་ཚུན་ལ་གནས་ལུགས་ཀྱི་ལམ་ནས་བགྲོ་གླེང་གནང་ཚེ་དོགས་པ་ཡང་སེལ་འགྲོ་གི་རེད།དེ་མིན་ཕན་ཚུན་ལ་སྡིགས་དམོད་རང་བྱས་ཚེ་རྒྱུ་མཚན་ཞིག་མཐོང་མ་སོང་། གནས་ལུགས་ལྡན་པའི་སྒོ་ནས་བགྲོ་གནང་བའི་རེ་སྐུལ་ཞུའོ།

  23. གནམ says:
    2013-05-28 at 11:10 am

    དབུ་ནི་རྒྱལ་བ་༧གོང་ས་མཆོག།
    རྒྱའི་ལག་མ་ཤོར་རི་ལ་ཤོར།།
    དབའ་པོས་མ་སྤྲད་འཐབ་ནས་ཤི།
    ཨ་མ་འགའ་ཡིས་གཞི་ཁྱིམ་དེ།
    བོད་མགོ་ལང་ཞེས་འུར་ན་ཡང་།།
    གཞོན་རབས་གསར་བ་དར་བའི་དུས།།
    ཐབས་ཇུས་སྤྱང་གྲུང་བློ་གསལ་ལ།།
    དུས་རབས་གསར་བའི་རམ་འདེགས་ཡོད།
    རྒྱ་དམར་ཉལ་ས་སྐྱིད་པོ་མེད།
    བློ་མེད་བློ་བཟང་བཀྲ་ཤིས་ལ།།
    བཀྲ་མི་ཤིས་པའི་གཏམ་སྣ་མང་།།
    རྒྱ་དམར་དགྲ་ལ་ཚིག་མཐུན་བཤད།
    དོན་མེད་ས་ནས་མྱི་ངན་འཁྲབ།།

  24. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 11:35 am

    ནམ་མཁས་བཤད་པ་དངོས་གནས་རེད། ཡིན་ནའང། རང་བཙན་པར་ཁས་འཆེ་བའི་ཁྱི་སྤྱང་འདི་ཚོས་ག་དུས་ཡིན་ན་ཚིག་སྡུག་ཅག་ཏག་ཏག་བེད་སྤྱོད་བཏང་ནས་སྤྱི་ཚོགས་དཀྲུགས་བཞིན་པ་རེད། དེང་སང་འཐབ་ཕྱོགས་གཅིག་གྱུར་གྱིས་ཆེད་གླས་རང་བཙན་བཤད་ཁུལ་གྱིས་བཙན་བྱོལ་སྤྱི་ཚོགས་དཀྲུགས་མཁན་མང་པོ་ཡོད་སྟབས། ཁྱི་སྤྱང་དེ་ཚོའི་མཉམ་དུ་ཚིག་སྡིག་ཅག་ཤོར་འགྲོ་གི ནམ་མཁའ་ལགས་རྗེས་ནས་བགྲོ་གླེང་དངོས་གནས་བྱེད་ཀྱི་ཡིན།།

  25. རིན་ཆེན says:
    2013-05-28 at 12:59 pm

    རྩེ་བློ་བཟང་སྒྲོལ་མ་དང་གནམ་ལྷ་སྐྱིད་གཉིས་ཀྱིས་གྱོད་འཛིངས་བྱེད་ཀྱི་འདུག རྒན་མོ་ཁ་བརྡ་གཉིས་ཡིན་ས་རེད། ཡུམ་རྒན་མོ་ངར་བ་གཉིས་ཡོད་ས་རེད།ཧཧཧ

  26. གསེར་འབྲུག་སྡེར་ལྔ། says:
    2013-05-28 at 1:01 pm

    ངས་དྲིས་པའི་དྲི་བར་ལན་འདེབས་ཚིག་གཅིག་མི་བརྙེད་མཁར་འབྲེལ་མེད་དོན་གཞན་གྱི་ངུ་འབོད་བྱེད་སྟངས་འདི་ཅི་འདྲའི་ཡ་མཚན་མ་རེད་པས།
    རེད་ཡ། གླུད་གཏོར་གཏོང་རྒྱུ་ནི་དཀོར་འཚོ་རིང་ལུགས་པའི་བྱེད་སྒོ་ཡོད་ན་མེད་ན་གཅིག་རེད། བྱས་ཙང་གུང་ཁྲན་གྱིས་མེར་གྱོགས་དང་མེ་མདས་དེད་ཡོང་ན་ཡང་རྨོངས་དད་རིང་ལུགས་པས་གླུད་གཏོར་གཏོང་བ་དང་འདྲེ་སྲིན་འདུལ་ཁུལ་གྱིས་མནན་བསྲེག་སོགས་ཀྱི་བྱེད་སྒོ་ཁོ་ནས་མི་དམངས་རྨོངས་རུ་བཅུགས་ནས་བཞག་ཡོད་པ་རེད་ད། ཧ་ཧ། དུས་རབས་ཉེར་གཅིག་འདིའི་ནང་དུ་ཡང་དེ་སྔའི་རྨོངས་དད་དེ་བཙན་གྱིས་དྲུད་ཡོང་ནས་གླུད་གཏོར་གཏོང་གི་ཡིན་ན་ཅིག། ཕན་གནོད་ཅི་ཡང་མེད་པའི་གླུད་གཏོར་གཏོང་རྒྱུ་ག་ཚོད་ཡོད་ན་གཏོང་ཤོག། འདྲེ་ཟེར་བ་ཞིག་མངོན་སུམ་དུ་རྒྱུ་བ་ཞིག་ཡོད་ན་ང་ཚོས་དགའ་ཞིང་སྤྲོ་ཞིང་འདྲེ་གྲལ་དུ་བསྡད་དེས་མི་རིགས་ཀྱི་བླ་བཙོང་དང་རྒྱ་ཁྱི་དེ་ཚོ་ཐལ་བའི་རྡུལ་དུ་བསློག་ཆོག། ཧ་ཧ།

  27. ཁྱུང་དཀར says:
    2013-05-28 at 1:18 pm

    མར་ཀློག་ཡོང་དུས་རྩེ་བློ་བཀྲས་བཤད་པ་དོན་ལ་གནས་པ་དང་ཕན་ཐོག་ཡོད་པ་ཞིག་མཐོང་གི་འདུག ༧གོང་ས་མཆོག་ནས་དབུ་མའི་ལམ་སྐོར་ལ་འགྲེལ་བཤད་རབ་དང་རིམ་པ་ག་ཚོད་བརྒྱབ་ཀྱང་ད་དུང་ཞེས་པའི་ཚིག་རྡོག་ཙམ་པོ་ཞིག་ལ་འཇུས་ནས་མཁྲེགས་བཟུང་གི་གཉའ་ལྟེགས་མཐུག་པོར་འགྲོ་བ་བློ་ཕམ་གྱི་གཞི་ལས་ཅི་ཡང་མིན། རང་རང་གིས་གྲུབ་འབྲས་ག་ཚོད་ཅིག་ཐོན་མིན་ཤེས་བཞིན་དུ་རང་བཙན་སྐམ་པོའི་ཀོ་ཐག་ལ་འབྱར་ནས་འབྲས་བུ་བཙལ་བ་ནི་མཐར་དེད་ན་ལྐུགས་པ་ཞིག་ལས་ཅི་ཡང་མིན།

  28. ཁྱུང་དཀར says:
    2013-05-28 at 1:21 pm

    ད་དུང་རྗེས་ལ་་་རང་བཙན་་བཅུག་རོགས།

  29. རིག་པའི་བུ says:
    2013-05-28 at 1:55 pm

    དབུ་མ་དགོས་ན་ད་རྙོགས་དྲ་མང་པོ་མ་བཟོ། རྒྱ་ཡིག་རྒྱ་སྐད་ཡག་པོ་སྦྱངས་ནས་བོད་དུ་ལོག་རྒྱུའི་གྲ་བསྒྲིགས་བྱོས། མེས་རྒྱལ་གྱིས་གྲངས་ཉུང་མི་རིགས་ལ་རོགས་རམ་ཡག་པོ་གནང་གི་འདུག

  30. བན་དེ་བ། says:
    2013-05-28 at 1:58 pm

    གཞོན་ནུ་ལ་ཇུས་གཏོགས་ད་མི་ཤེས། གཞོན་ནུ་ཁྲག་དཀྲུག་དཀྲུག་ཅིག་བྱེད་རྩིས་འདུག

  31. སྤྱང་ཤོག says:
    2013-05-28 at 2:04 pm

    ཁྱེད་རང་ཚོ་ཁ་བྲལ་མ་བྱེད་ཟེར་དུ།
    ང་ཚོ་རང་བཙན་ཡིན་བཤད་ནས་བྲོས།
    ཁྱེད་རང་ཚོ་ཁ་བྲལ་བ་རེད་ཟེད་དུ།
    ང་ཚོ་རང་བཙན་བྱེད་འདོད་མེད་བཤད།
    སྲིད་དོན་པ་ཁྱེད་རྣམས་པས་བོད་ཉམས་ཆུང་་མི་དམངས་འགོ་བསྐུལ་མ་བཏང་རོགས་ཐུགས་རྗེ་ཆེ།

  32. གསེར་འབྲུག་སྡེར་ལྔ། says:
    2013-05-28 at 2:31 pm

    ད་ནི་དབུ་མ་འདི་ཕ་རིའི་ལྕི་བ་ཡང་མེད། ཚུར་རིའི་སླེད་པོ་ཡང་མེད་བྱེད་རྒྱུའི་ཉེན་ཁ་འདུག།
    གང་ལྟར་དབུ་མ་པ་ཚོ་རིག་པའི་བུས་བཤད་པ་ལྟར་རྙོག་དྲ་མང་པོ་མི་བཟོ་བར་རྒྱ་སྐད་དང་རྒྱ་ཡིག་སྦྱངས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུགས། ཚད་མཐོའི་རང་སྐྱོང་ཅིག་བསྟེར་རྒྱུ་ནི་མེད་ཁོ་ཐག། ཏང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་རེད། གུས་གུས་ཞུམ་ཞུམ་ག་ཚོད་བྱས་ཀྱང་གཉའ་བར་འཛེགས་རྒྱུ་ནི་སྨྲོས་མེད་རེད། རང་བཙན་སྐམ་པོའི་ཀོ་ཐག་དང་རང་སྐྱོང་སྐམ་པོའི་ཀོ་ཐག་ལ་རྣམ་དབྱེའི་འཇུག་ཚུལ་མེད་ན་ནང་འཁྲུགས་བརྒྱབ་ནས་ཅང་ཕན་ནི་མ་རེད།

  33. སྙིང་རྗེ་། says:
    2013-05-28 at 4:23 pm

    ༄།རྒྱལ་ཁབ་མེད་པའི་ད་ཕྲུགས་ཚོ་་་རྩོད་མ་རྒྱབ་་་་་ཕེན་ཐུབ་གང་ཡང་ཡོད་མ་རེད་་་་་་་་༡༩༧༦ནས་བོད་ཟེར་བ་མེད་པ་ཆགས་པ་རེད་་་་་་་

  34. གནམ says:
    2013-05-28 at 6:55 pm

    ནམ་མཁས་ཁ་བློ་མ་བསླབ་ན།
    རྩེ་བློ་ཀླད་མེད་སྨྱོན་པ་འདིས།།
    བོད་སེམས་དོར་བའི་མ་ཚད་པར།།
    རྒྱ་དགའ་ཚིག་གིས་བོད་ཁམས་གཙེ།།

    མྱི་ངན་འདི་ཚོའི་ཁ་རྐུབ་གཉིས།།
    སྨྲ་བརྗོད་རང་དབང་ཡོད་མདོག་གིས།།
    དོན་མེད་གཞི་མེད་སྐྱོན་འདེགས་ཀྱིས།།
    བོད་གཞོན་བཅོམ་པའི་ཇུས་ངན་འཐེན།

    ཕྱི་དགྲའི་སྒང་ལ་ནང་དགྲ་བ།
    བློ་ཤར་ལ་སོགས་རྒྱའི་རྒྱུག་ཁྱི།
    ལྟས་ངན་པ་ཡི་མྱི་ངན་རྣམས།
    དགྲ་དགའ་ཡིན་པས་རྒྱ་ཡུལ་རྫོངས།།

  35. ཀརྡོ་གཉེར་ཕྱག་པ་ says:
    2013-05-28 at 9:40 pm

    བོད་དོན་དུ་རང་ལུས་མེར་བསྲེག་ཕུལ་མཁན་འགའ་ཤས་ཀྱིས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་གཅིག གཉིས་པར་བོད་རང་བཙན་སྐད་འབོད་གནང་ནས་གཤེགས་པ་ཡང་འགའ་བྱུང་ཡོད་པ་ཡང་མ་བརྗེད་པར་གྱིས་ཤིག

  36. བན་དེ་བ། says:
    2013-05-28 at 10:16 pm

    དེ་ལྟར་ན་རང་བཙན་སྐད་འབོད་རྒྱབ་ནས་རང་ལུས་མེར་བསྲ྄ེག་གཏོང་མཁན་དེ་ཚོའི་ལྟ་བ་དང་གཞོན་ལྷན་གྱི་ལྟ་བ་གཉིས་གཅིག་པ་རེད་འདུག དེས་ན་དབུ་མས་རང་བཙན་པ་ལ་གུས་བརྩི་ཞུ་དགོས་པ་ལས་དགག་རྒྱག་གནང་ན་འོས་སམ།

  37. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-28 at 10:54 pm

    བོད་ནང་ནས་ལོ་རབས་བརྒྱད་བཅུ་ནས་རིམ་གྱིས་བོད་རང་བཙན་ཟེར་བའི་ཚིག་འདི་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་མ་མཐོང་ངམ། རང་སྲེག་གཏོང་མཁན་ཚོའི་མངོན་འདོད་ཅི་ཡིན་ལ་ཞིབ་འཇུག་ཅིག་བྱེད་དགོས་ན། དེའི་ཞལ་ཆེམས་དང་ནང་མི་གྲོགས་པོ་ཆགས་ཀྱི་ཡོད་པ་རེད། སོང་ཙང་ཞིབ་འཇུག་ཅིག་བྱས་པ་ཡིན་ན་རང་བཙན་ཐོན་རྒྱུ་ཧ་ལས་པའི་ཁག་པོ་རེད་གདའ། དེ་རིགས་བཤད་འདོད་མེད།

    གསེར་འབྲུག་ཁྱི་རྔའི་རང་གཟུགས་གསལ་བོར་མཐོང་ཡོད་དུས། ད་ཨག་སྐད་རྒྱག་རྒྱུ་ལས་མེད་པ་ཤེས་གསལ་རེད། རང་བཙན་སྟོང་བསམ་དུས་ཚོད་འཕྲོ་བརླག་གཏོང་བྱེད་དེ། བཙན་བྱོལ་ནང་ནས་གླུད་དང་མཉམ་དུ་གསེར་འབྲུག་ཁྱི་ལྔའི་ཁ་ལ་བརྡབས།།

  38. གསེར་འབྲུག་སྡེར་ལྔ། says:
    2013-05-29 at 1:11 am

    མི་ངན་རྩེ་བློ་ལྟ་བུའི་མི་རིགས་བླ་བཙོང་བ་ཏང་རྐུབ་ལྡགས་མཁན་དང་ཏང་མཇེ་འཇིབས་མཁན་འདི་་ཚོར་རང་སྐྱོང་གི་ཀྲུ་ཞིའི་གོ་གནས་རག་ཡོད་ན་ཨ་ནི་གང་འདྲ་བྱེད་ས་རེད། བཙན་བྱོལ་དམངས་གཙོ་་་དང་སྨྲ་བརྗོད་རང་དབང་ལུང་པར་འདི་འདྲའི་རྫིག་རྔམས་བསྟོན་རྒྱུ་ད་ལྟ་སྔ་དྲག་སོང་ང་། ༧གོང་ས་མཆོག་ལ་དད་པ་ཡོོད་མདོག་བྱས་ཀྱང་དོན་ལ་ཁོང་གི་བཀའ་སློབ་ཀྱི་སྙིང་པོ་ཡ་རབས་བཟང་སྤྱོད་ཀྱི་མིང་ཙམ་ཡང་གོ་མྱོང་མི་འདུག། བལྟོས་དང་ཁོའི་གླུད་དང་ཁྱིའི་མཆན་དེ་ཚོར། མ་གཞི་མི་རབས་གསར་པའི་ངར་སྐད་དེས་རྩེ་རྣམ་གྲྭའི་ལྟོ་འཕོར་བཅག་མི་ཡོང་ངམ་སྙམ་པ་མིན་ན་ཅི་རེད། རྣམ་གྲྭའི་གྲྭ་ལོག་སྐལ་བློའི་བྱ་སྤྱོད་དང་འདྲ་སེའེ་འདུག་ག། ཧ་ཧ། དཀོར་འཚོ་རིང་ལུགས་པ་འདི་ཚོས་སྔར་ནས་ད་བར་བོད་དང་བོད་མི་རིགས་འདི་རྒྱ་དངུལ་ཏཱ་ཡང་དང་ཚོང་བསྒྱུར་བྱེད་པར་རྫོགས་མཐའ་མེད་ཡ།

  39. རྔ་བ་གཉན་རྒོད་ says:
    2013-05-29 at 1:49 am

    ཡཡཡཡ་གང་ལྟར་བོད་གཞིས་བྱེས་ལྷན་འཛོམས་དགོས་པའི་དམིགས་ཡུལ་གཅིག་པའི་སྟེང་ནས་ཕན་ཚུན་ལ་བསམ་ཤེས་བྱེད་རྒྱུ་གལ་ཆེ་་་་གཞོན་ལྷན་སྒོ་རྒྱབ་བཞག་ན་ང་ཚོའི་ལམ་དབུ་མ་ལ་རྒྱ་ནག་དངོས་ལེན་བྱེད་ཀི་རེད་དམ་་་སྤྱི་ཚོགས་ལ་དེ་ལས་རྡབ་སུག་ཟིག་འགྲོ་ཀི་མ་རེད་དམ་་་་སྐད་ཆ་དྲང་མོ་དང་བསམ་ཤེས་བྱས་ནས་བཤད་རྒྱུ་གལ་ཆེ་་་གོང་ས་མཆོག་ཐུགས་ཕམ་དགོས་པ་ཡང་མི་རེ་ཟུང་ནས་སྐད་ཆ་སྙིང་པོ་མེད་པ་བཤད་པ་ལས་བྱུང་བ་ལས་གཞན་གཞོན་ནུའི་འགྲིག་འཛུགས་འདི་མ་འགྲིག་པ་ཡིན་ནམ་་་་་ཤར་ཁུག་ལ་ཉན་རྒྱུ་མེད་ཡ་་ཁོ་རང་སྐར་མའི་དར་དམར་ཁུར་ནས་འགྲོ་ཆུག་་་

  40. རིགས་ཞེན་དཀར་པོ། says:
    2013-05-29 at 11:03 am

    འོ་ན་རྣམ་པ་ཚོའི་དབུ་ལམ་ལ་རྟེན་པའི་གྲུབ་འབྲས་འདི་རེད་ཟེར་བ་ཞིག་མིག་སྔར་སྟོན་རྒྱུ་ཡོད་ན་ཤིན་ཏུ་བཟང་ཡང་ཚད་མས་མ་དམིགས་སོ།

  41. རིགས་ལྡན་རྒྱལ་པོ says:
    2013-05-29 at 3:08 pm

    གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་དགོས་མིན་གཞོན་ནུ་ཚོས། ཕྱོགས་དུས་སྐབས་བབ་ཡོངས་ནས་དཔྱད་ཞིབ་ཟབ་མོས་བབ་ལྷིང་བརྟན་པོས་གནང་དགོས་གལ་ཆེ། འོན་ཀྱང་གཞོན་ལྷན་སྒྲིག་འཛུགས་མཇུག་སྒྲིལ་དགོས་མི་དགོས་ཟེར་ན་ལས་སླ་པོར་སྒྲིག་འཛུགས་དེ་ཡོད་ན་ཕན་ཐོགས་ཆེ་བ་མཐོང་གི་ཡོད། འོན་ཀྱང་ཚགས་ཚུད་ཡར་རྒྱས་དང་ལྟ་སྤྱོད་འགྲོ་སྟངས་གཏིང་ཟབ་ཡོད་འགངས་ཆེ།

  42. གཡུ་ཐོག་བུ། says:
    2013-05-31 at 1:31 am

    སྟོན་པས་སེམས་ཅན་གྱི་མོས་པ་སྣ་ཚོགས་ལ་ཆོས་ཚུལ་སྨྲ་བ་བཞི་དང་། བླ་མེད་སྔགས་ཀྱི་འཐབ་ཚུལ་གསུངས་པ་ལྟ་བུར་དགོས་པ་ཡོད། དེ་བཞིན། བོད་མི་རིགས་ཡོངས་རྫོགས་མོག་མོག་བཟའ་ཟེར་ན་དཀའ་ཁག་རེད་ཨང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme