Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་ལུགས་ཀྱི་གྲུབ་གཟུགས་འོག་གི་ང་ཚོ།

Posted on 2008-10-312008-10-31 By དབང་ཕྱུག་ 1 Comment on གཞུང་ལུགས་ཀྱི་གྲུབ་གཟུགས་འོག་གི་ང་ཚོ།

ཨ་འབྲུག་དཀོན་མཆོག

འཇིག་རྟེན་ནི་དངོས་པོ་ཞིག་ཡིན་པས་འཚོ་བ་ཡང་དངོས་ཡོད་ཅིག་ཡིན་འོས། དེའི་ཕྱིར་ང་ཚོའི་འཇིག་རྟེན་དང་འཚོ་བའི་ཐད་ཀྱི་ལྟ་ཚུལ་དག་ཀྱང་དངོས་ཡོད་ལ་གཞི་བཅོལ་བའི་ལྟ་ཚུལ་ཞིག་ཡིན་དགོས དེ་ལྟ་ནའང་ང་ཚོ་རང་ཉིད་དང་། ང་ཚོའི་སྤྱི་ཚོགས། ང་ཚོའི་རིག་གནས་བསམ་བློའི་ཁོར་ཡུག་དང༌། ང་ཚོའི་འཚོ་བའི་གོང་ཐང་གཅོད་ཕྱོགས་ཀྱི་ཚད་གཞི། ཐ་ན་ང་ཚོའི་མིའི་རིན་ཐང་གི་ངོ་བོ་འཇོག་ཚུལ། དེ་ལས་ཀྱང་མི་ཆེ་ཆུང་དང་དེའི་གྲལ་རིམ་གྱི་ངོ་བོ་སོགས་འགྲུབ་པར་བྱེད་པའི་ང་ཚོའི་ངོས་འཛིན་གྱི་བསམ་བློ་དང༌། བསམ་བློ་དེའི་སྟེང་དུ་ཆགས་པའི་གོམས་སྲོལ་དང་འབྲེལ་བའི་འདུ་ཤེས་ཐམས་ཅད་དངོས་ཡོད་ཀྱི་བདེན་ལུགས་ལ་གཞི་བཅོལ་བའི་ལྟ་གྲུབ་ཅིག་གི་རྒྱབ་རྟེན་ལས་བྱུང་ཡོད་དམ། ཡང་ན་བདེན་ལུགས་ཀྱི་གྲུབ་གཟུགས་རབ་རིབ་བྲིས་པའི་གཞུང་ལུགས་ཀྱི་ལྟ་བའི་གྲིབ་གཟུགས་འོག་གི་ཞེན་ཕྱོགས་ཐོ་རེ་བའི་སྐྱ་རིས་གསལ་ལ་མི་གསལ་བ་ཞིག་གི་ནང་རོལ་དུ་འཁོར་གྱི་ཡོད། དོན་ངོ་མར་ང་ཚོར་འཇིག་རྟེན་ལྟ་ཚུལ་ཡོད་མེད་ལ་ཐུག་མེད་པར་འཇིག་རྟེན་ལྟ་ཚུལ་གང་འདྲ་ཞིག་དགོས་མིན་ལ་ཐུག་ཡོད་པ་དེ་མཚན་ཉིད་རིག་པ་བ་དག་གིས་སྔ་མོ་ནས་དོ་གལ་ཆེན་པོ་བྱེད་པའི་གནས་ཤིག་ཏུ་གྲུབ་འདུག་པ་དེ་ཡང་མི་དང་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཆེ་ཤོས་དག་འཇིག་རྟེན་ལྟ་ཚུལ་མེད་པའི་དབང་གིས་འབྱུང་བཞིན་པ་མ་ཡིན་པར་འཇིག་རྟེན་ལྟ་ཚུལ་གྱི་ནོར་འཁྲུལ་ལ་བརྟེན་ནས་འབྱུང་བཞིན་པའི་དབང་གིས་མ་རེད་དམ།
འཇར་མན་གྱི་མཚན་ཉིད་རིག་པའི་ཆེད་རམས་པ་གྲགས་ཆེན་ཧེ་གེར་གྱིས་གཏན་ཚིགས་རིག་པ་ནི་གྲུབ་གཟིགས་ཀྱི་རྒྱལ་ཁམས་ཤིག་རང་རེད་ཅེས་གསུངས་པ་ལྟར་ན གཏན་ཚིགས་རིག་པའི་རིགས་ལམ་གྱིས་རིགས་བསྒྲུབ་བྱས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་དེ་ཡང་གྲུབ་གཟུགས་ཀྱི་འཇིག་རྟེན་ཞིག་ཡིན་ངེས་པ་དེ་རེད། དེ་ལྟ་བུའི་གྲུབ་གཟུགས་དེ་ནི་དངོས་ཡོད་ཀྱི་གྲུབ་གཟུགས་ཡིན་ལ་ང་ཚོ་ནི་གྲུབ་གཟུགས་ཀྱི་ནང་དུ་འཁོར་བསྐྱོད་བྱེད་པ་ལས་གྲུབ་གཟུགས་ཀྱི་སྐས་རིམ་དེ་ནས་དངོས་ཡོད་ཀྱི་ཞིང་སར་སླེབས་མ་ཐུབ་པའི་དབང་གིས་ང་ཚོ་ནི་གཞུང་ལུགས་ཀྱི་གྲུབ་གཟུགས་འོག་ན་མཚར་སྒྲུང་སྣ་ཚོགས་རྩོམ་པའི་རྟོག་བཟོ་བ་ཁྱུ་གཅིག་མ་རེད་དམ། དྲང་མོ་བཤད་ན་ཤེས་བྱ་ཀུན་གཟུགས་དང་ཐམས་ཅད་མཁྱེན་པ་ཆེས་མང་སའི་རང་རེའི་བསམ་བློའི་ཁོར་ཡུག་འདི་གཞུང་ལུགས་ཀྱི་གྲུབ་གཟུགས་འོག་གི་རྟོག་བཟོ་ཞིག་མིན་ན་འགྲོ་བ་མིའི་ཤེས་རིག་གི་དཀྱོགས་མཚམས་ཆེན་པོ་དག་ན་ང་ཚོའི་ཐམས་ཅད་མཁྱེན་པ་དག་གི་མཚན་བྱང་གིས་སྟོང་མི་སྲིད་ལ། གསར་རྙེད་ཤེས་ཡོན་གྱི་འགྲན་བསྡུར་འཛམ་གླིང་གི་གཞི་ཁྱོན་དུ་གཅིག་གྱུར་གྱིས་ཁྱབ་དུས་ང་ཚོའི་ཤེས་བྱ་ཀུན་གཟིགས་དག་ཁ་རོག་གེར་ཁུ་སིམ་མེར་བཞུགས་མི་སྲིད། ངས་འདི་ལྟར་བཤད་པ་སྐུར་འདེབས་ཀྱི་ཆེད་དུ་མིན། འོན་ཀྱང་གཞུང་ལུགས་ཀྱི་གྲུབ་གཟུགས་འོག་ན་དངོས་ཡོད་ཀྱི་ལྟ་བ་དང་ཁ་ཐག་རིང་བ་མ་ཟད་ཐ་ན་གནད་དོན་མང་པོ་ཞིག་གི་ཐད་ནས་གཞུང་ལུགས་ཀྱི་ཚད་འཛིན་དང་ཡང་འགལ་བའི་སྐྱོ་གནས་མང་པོ་སྦས་སྐུང་བྱས་ཏེ་ནག་ཉེས་དང་རུལ་སུངས་ཀྱི་སྤྱོད་ཚུལ་མང་པའི་སྤྱི་ཚོགས་ཤིག་ཏུ་གཞུང་ལུགས་ཀྱང་ཆུད་ཟོས་སུ་འགྲོ་བཞིན་པ་ནི་ངོ་མའི་ཡིད་སྐྱོ་བ་ཞིག་རེད་ཨང༌། ངས་ང་ཚོ་གཞུང་ལུགས་ཀྱི་བསམ་བློ་དང་ཁ་བྲལ་དགོས་པ་རེད་ཅེས་བཤད་ཀི་མེད། འོན་ཀྱང་གཞུང་ལུགས་ཀྱི་བསམ་བློ་དེ་གོ་སྐབས་དང་གོ་གནས་མཐོ་བའི་མི་བུ་རེ་ཟུང་གི་རྫོབ་སྤྱོད་སྦས་སྐུང་བྱེད་སྤྱད་ཀྱི་ཡོལ་བ་རུ་གྲུབ་ན་འགྲིག་གི་མི་འདུག་ལ། ཁོང་ཚོའི་གོ་གནས་དང་གོ་སྐབས་ཀྱི་ཆེད་དུ་ང་ཚོ་དང་གཞུང་ལུགས་མཉམ་གཅིག་ཏུ་ཉམས་ཉེས་སུ་སོང་ན་འགྲིག་གི་མི་འདུག་འདོད་ཀི། དོན་ངོ་མ་གཞུང་ལུགས་ནི་དངོས་ཡོད་མཐོང་བྱེད་ཡིན་དགོས་པ་ལས་དངོས་ཡོད་སྐུང་ས་དེ་ཡིན་མི་འོས་ལ། དེ་ལས་ཀྱང་དངོས་ཡོད་དང་མི་མཐུན་པའི་སྤྱོད་ཚུལ་སྣ་ཚོགས་ཀྱི་ཕྱི་ཁེབས་གཏན་ནས་ཡིན་མི་འོས།

སྣ་ཚོགས།

Post navigation

Previous Post: ལས་ཁུངས་ནང་གི་ཟིན་ཐོ།
Next Post: རྒྱ་བོད་འབྲེལ་སྐབས་ལ། རྒྱ་ནག་གིས་གསར་འགྱུར་འདི་འདྲ་ཞིག་བཏོན་འདུག འབྲེལ་བ་ཡོང་ས་རེད་པས།

Comment (1) on “གཞུང་ལུགས་ཀྱི་གྲུབ་གཟུགས་འོག་གི་ང་ཚོ།”

  1. མིའུཕྲུག says:
    2008-10-31 at 7:17 am

    གཞུང་ལུགས་ཕལ་ཆེར་བ་ནི་བློ་རྩལ་ལྡན་པའི་མཁས་པ་དག་གིས་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་གྲུབ་ཆ་ཞིག་རེད་ཅེས་བཤད་ཆོག་ལ་གྲུབ་ཆ་དེ་ཡིས་སྤྱི་ཚོགས་དང་སྒེར་པ་གང་གི་ངོས་ནས་བསམ་གཞིག་བྱེད་ཚེ་འཚོ་གནས་ཀྱི་བདེ་སྐྱིད་དང་ཁེ་ཕན་ལ་ཞབས་ཞུས་མི་ཉུང་བ་ཞིག་བྱས་ཡོད་པ་ནི་བསྙོན་དུ་མེད། འོན་ཏེ་དུས་ཚོད་ནི་སངས་རྒྱས་པས་བཤད་པ་ལྟར་ཆེས་མི་རྟག་པའི་བདག་ཉིད་ཅན་ཞིག་ཡིན་སྟབས་སྐད་གཅིག་སྐད་གཅིག་གིས་འགྱུར་གྱིན་ཡོད་ལ་དེེའི་འགྱུར་འགྲོས་དང་བསྟུན་ནས་བྱ་དངོས་དང་འཇིག་རྟེན་ཆ་ཚང་གཞན་ནས་གཞན་དུ་འཕེལ་འགྱུར་བྱེད་ཀྱིན་ཡོད། རྒྱུ་མཚན་དེར་བརྟེན་ཡར་རྒྱས་དང་སྔོན་ཐོན་ཅན་དུ་འགྱུར་བ་ལ་དུས་རབས་དང་མཐུན་པའི་གསར་བརྗེ་རྙིང་བསྐྱུར་དང་སྙིགས་དོར་བཅུད་ལེན་གྱི་བསྒྱུར་བཅོས་ཤིག་ངེས་པར་བྱེད་དགོས། བསྒྱུར་བཅོས་དེ་བྱེད་པ་ལ་མི་བུ་རྣམས་ཀྱིས་བསམ་བློ་གོ་རྟོགས་སད་དགོས་ཤིང་བསམ་བློའི་རྟོགས་སད་དེ་ཉིད་སློབ་གསོའི་གྲུབ་འབྲས་ཡིན་དུས་མདོར་ན་ད་ལྟ་ང་ཚོའི་སློབ་གསོ་ཁ་ཕྱོགས་ནོར་ཡོད་པ་འདི་ངེས་པར་ཤེས་དགོས་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme