Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་འབྲེལ་གྱི་བཟང་སྤྱོད་ཅིག

Posted on 2011-01-012011-01-01 By ཁ་བརྡ་ 13 Comments on གཞུང་འབྲེལ་གྱི་བཟང་སྤྱོད་ཅིག

མི་ནག་ཚང་ལུང་རིགས་རྒྱལ།

༧གོང་ས་མཆོག་གིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཁེ་ན་ཌའི་གཞུང་ལ་ཞུ་བ་ཕུལ། ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་༧ཁོང་གི་གཞེན་སྐུལ་དེ་དང་དུ་བླངས་པ་མ་ཟད། བཙན་བྱོལ་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུ་ཡིན་ཚུལ་ཉེ་ཆར་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་སོང་། ཡིན་ཡང་། བཙན་བྱོལ་བོད་གཞུང་གིས་ཁོང་ཚོར་ཁེ་ན་ཌའི་གཞུང་གིས་ཚུར་འབྲེལ་བ་བྱས་མ་སོང་སྟབས། དོན་དག་དེ་གཞུང་འབྲེལ་ཆགས་མེད་ཟེར།

སྐུ་མདུན་མི་བཞུགས་པའི་དུས་དེར་བོད་དོན་ཡང་མཇུག་སྒྲིལ་བ་རེད་ཟེར་མཁན་ཚོར་ཡང་ཁག་མི་འདུག དེ་ཚོས་ང་རང་ཚོའི་གཤིས་ཀ་ལ་འཇགས་བསྡད་པའི་སྲོལ་རྒྱུན་གྱི་ན་ཚ་འདིའི་རིགས་ཤེས་ཡོད་པ་ཡིན་སྲིད།

སྐུ་མདུན་སྐུ་དངོས་སུ་བཞུགས་པའི་སྐབས་སུ་ཡང་ང་ཚོའི་ལས་ཀ་བྱེད་སྟངས་འདི་འདྲ་ཞིག་རེད། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚང་མས་མདོ་དོན་༼འཐུས་ཤོར་༽ཞེས་པ་དེ་རྒྱུ་རྐྱེན་མཐའ་དག་གི་དང་པོར་འཇོག་གི་ཡོད་པ་འདྲ། སྐུ་མདུན་གྱིས་ཀྱང་༼འཐུས་ཤོར་༽གྱི་ཕྱོགས་ནས་བོད་པ་ཚོར་བཀའ་སློབ་དང་བཀའ་བཀྱོན་མང་པོ་གཏོང་མྱོང་བ་རེད། འདི་ལ་ཕལ་ཆེར་བཅོས་སུ་མེད་ཀྱང་སྲིད།

ཐེངས་འདིར་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུའི་ལས་གཞི་འདིའི་ཐད་ནས་ཀྱང་། བཙན་བྱོལ་བོད་གཞུང་གིས་སླར་ཡང་༼འཐུས་ཤོར་བ་༽ཞིག་གི་རྣམ་འགྱུར་དེ་སྟོན་གི་འདུག ད་ནི་ཁེ་ན་ཌའི་གཞུང་གིས་ཁ་བཏགས་ཤིག་ཁྱེར་ནས་གངས་སྐྱིད་ལ་ཡོང་དགོས་པ་མིན་འགྲོ། དེ་མ་གཏོགས་ཁེ་ན་ཌའི་གཞུང་གིས་གསལ་བསྒྲགས་གནང་མ་ཐག བཙན་བྱོལ་བོད་གཞུང་གིས་ཁ་བཏགས་ཤིག་ཁྱེར་ནས་ཕར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། ལས་གཞི་འདིའི་མགོ་རྔ་ཚང་མར་བཙན་བྱོལ་བོད་གཞུང་གིས་རོགས་རམ་གང་འདྲ་ཞིག་ཞུ་ཐུབ་མིན་ཕར་ཞུ་དགོས་པ་ལོས་ཡིན། རེད་དེ། བཙན་བྱོལ་བོད་གཞུང་གིས་ཁེ་ན་ཌའི་གཞུང་ལ་ཕར་འབྲེལ་བ་མ་བྱས་པར། ཁེ་ན་ཌའི་གཞུང་གིས་ཚུར་འབྲེལ་བ་བྱ་དགོས་པའི་ལྟ་ཚུལ་ཞིག་བཟུང་བསྡད་འདུག ཚུར་འབྲེལ་བ་མ་བྱས་བར་དུ་ལས་གཞི་འདི་གཞུང་འབྲེལ་ཆགས་གི་མ་རེད་ཅེས་བཤད་འདུག ངས་བསམ་ན། ང་ཚོས་གཞུང་འབྲེལ་གྱི་བཟང་སྤྱོད་ཅིག་བརླག་མེད་དམ་སྙམ།

འདོན་

སྣ་ཚོགས།

Post navigation

Previous Post: སྙིང་སྡུག་མ། ཁྱེད་ཀྱི་ཡོད་ཚད་སྙན་ངག་རེད།
Next Post: མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཕྱིར་མིག་བལྟ་བ།༼ ༡༽

Comments (13) on “གཞུང་འབྲེལ་གྱི་བཟང་སྤྱོད་ཅིག”

  1. ཅོ་རི་ཉི་མ། says:
    2011-01-01 at 7:49 am

    ལུང་རིག་རྒྱལ་གྱི་གསུངས་པ་དེར་བདེན། ངོ་མ་ལས་དོན་འདི་འདྲ་འཐུས་ཤོར་ཕྱིན་ན་ཕམ་པོ་རེད། ཡིན་ནའང་བཀའ་སྤྱི་བསམ་མེད་འདི་གཉིས་བརྗེ་པོ་མ་བརྒྱབ་བར་དུ་ཁག་པོ་རེད་ཡ། ངས་གོ་ཐོས་བྱས་ན་ཁ་ན་སྒྲའི་སྲིད་འཛིན་གྱིས་ཁ་བཏགས་ཤིག་ཁུར་ནས་རྡ་སར་ཕེབས་རྩིས་ཡིན་པར་འདྲ། ཁྱེད་བོད་མི་རྣམས་ལ་རོགས་འདྲ་དགོས་པས་ཟེར་ནས་བཀའ་སྤྱི་གཉིས་ཀྱི་སྐུ་མདུན་དུ་བཅའ་ངེས་ཡིན་ས་རེད། དེ་དུས་བཀའ་བློན་ཁྲི་པའི་གསུང་སྐད་སྦོམ་ཙམ་རྒྱབ་ཞོར་ང་ཚོའི་བོད་མི་རྣམས་རྒྱ་གར་གཞུང་གི་བཀའ་དྲིན་གྱིས་ལྟོ་གོས་འགྲིག་ཐག་ཆད་ཡོད། འདོད་རྔམ་བྱེད་ནས་ནུབ་ཕྱོགས་ཡུལ་དུ་འགྲོ་དགོས་པ་དེ་འདྲ་ཆགས་མེད་ཞེས་བཀའ་ལན་གནང་སོང་ན།
    ཧཧཧཧཧཧཧཧ་་་་དང་པོ་བཀའ་ཁྲི་བརྗེ་པོ་རྒྱབ་ཀྱི་སྒུག་དགོས། བཀའ་ཁྲི་གསར་པའི་ལས་དོན་རེད་མ་གཏོགས་བཀའ་ཁྲི་རྙིང་པས་བྱེད་ཀྱི་མ་རེད།

  2. རྨེའུ་་་་་རྣམ་རྒྱལ། says:
    2011-01-01 at 7:51 am

    དངོས་གནས་རེད་དཱ། སྤྱི་ལུགས་ལོ་གསར་ལ་བཀྲ་ཤིས་ཡོང་བའི་རེ་འདུན་ཞུ།

  3. དཀོན་མཆོག says:
    2011-01-01 at 8:14 am

    ཨ་རོགས། ལུང་རིག་ཁྱོད་བདེན། བཙན་བྱོལ་བོད་གཞུང་གིས་བོད་མི་དེ་ཚོ་དུས་རབས་བདུན་པའི་ཡ་སྔོན་གྱི་འཚོ་བ་བསྐྱེལ་བཅུག་འདོད་ཡོད་པ་འདྲ། མི་མང་གི་ངོས་ནས་རང་དབང་དཔལ་འབྱོར་གཉིས་དེ་གཙོ་བོ་རེད། དེ་མི་མང་གི་མངོན་འདོད་མ་རེད་ཅེས་གསུང་ཐུབ་ཡ་ཁག་པོ་མིན་འགྲོ།

  4. ཚངས་དབྱངས། says:
    2011-01-01 at 2:21 pm

    བཀའ་བློན་ཁྲི་པ་གཟམ་སྟོང་རིན་པོ་ཆེར་དགེ་མཚན་དུ་མ་ཡོད་ཀྱང་། ཁོང་གི་སྐྱོན་ཆེ་ཤོས་གཅིག་ནི་ང་རྒྱལ་དེ་རེད། ག་དུས་ཡིན་ནའང་། ཕ་རོལ་པོ་གཞན་གྱི་མགོ་བོ་དེ་རིན་པོ་ཆེའི་རྐུབ་ཀྱི་འོག་ལ་མ་བཅུག་ན་རིན་པོ་ཆེ་ཕ་རོལ་པོ་དེ་མི་ལ་མི་རྩི་བའི་འདུ་ཤེས་གཅིག་ཡོད།

    ད་རེས་ཀྱང་འདི་འདྲ་རེད། ཆེན་པོ་ཁ་ན་ཊ་གཞུང་གིས་ཁོང་ལ་སྙན་ཞུ་ཕུལ་ནས་ང་ཚོས་བོད་མི་སྟོང་གཅིག་ཁ་ན་ཊ་ལ་ལེན་གྱི་ཡིན། རིན་པོ་ཆེས་རོགས་པ་གནང་རོགས་ཟེར་དགོས་ཀྱི་ཡོད། ད་འདི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་འཚམ་པོ་ཨེ་འདུག

    བོད་མི་དམངས་ཀྱི་མངོན་འདོད་སྒྲུབ་སྟངས་འདི་འདྲ་རེད་དམ། ཅིའི་ཕྱིར་ཁ་ན་ཊར་འབྲེལ་བ་མི་བྱེད་དམ། བོད་གཞུང་གི་ལྡི་ལི་དོན་གཅོད་ལས་ཁུངས་ཀྱི་ལས་ཀ་འདི་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་རྒྱུ་དེ་མ་རེད་དམ།

    དཀོན་མཆོག་གསུམ་བླ་རྒན་འདི་འདྲ་མགོ་བོ་མཁྲེགས་པོ་ཞིག་བཀའ་ཤག་ལ་བསླེབས་ཤག

    ག་དུས་ཡིན་ནའང་། ཁོ་རང་གི་འདོད་པ་འདི་དང་ལྟ་བ་འདི་གཙོ་བོར་བཞག་ནས་གཞན་དབུལ་ཕོངས་དང་ཉམས་ཐག་བོད་མིར་སྙིང་རྗེ་ཟེར་བ་འདི་ཁྱོན་ནས་མིན་འདུག

    རྒྱལ་བ་རིན་པོ་ཆེ་མཁྱེན་ནོ་ཟེར་རྒྱུ་རེད། བོད་མི་ཉམས་ཐག་སྟོང་གཅིག་གི་མ་འོངས་པའི་འཚོ་བའི་མདུན་ལམ་དེ་གཟམ་སྟོང་རིན་པོ་ཆེའི་ང་རྒྱལ་དང་ཆེ་འདོད་ཀྱི་འོག་ནས་ཤོར་ས་རེད།

  5. མཁའ་འགྲོ་རྒྱལ། says:
    2011-01-01 at 3:53 pm

    གྲོགས་ལུང་རིགས་ལགས། ཕྱི་ལུགས་ལོ་གསར་ནང་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ། གལ་ཏེ་ཁོམ་པ་ཡོད་ཚེ་གོང་གི་གློག་འཕྲིན་ཁ་བྱང་ཐོག་འབྲེལ་བ་བྱེད་རོགས། རྒུན་ཆང་ཤེལ་དཀར་གང་པོ་འདི་ཁྱོད་ལ་འདྲེན།

  6. དབང་འདུས། says:
    2011-01-01 at 6:52 pm

    ད་སྐབས་ཁ་ན་ཊ་བོད་མི་སྟོང་ཕྲག་ཙམ་འགྲོ་རྒྱུའི་གོ་སྐབས་བྱུང་ན། སྐུ་ངོའི་བུ་ཚ་གཉེན་རྒྱུད་དམ་ཡང་ན་ཕྱུག་པོ་རྒྱུ་ཆེན་སོགས་ཙམ་མིན་པར་བཙན་བྱོལ་ནང་དུ་དངོས་དོན་ཉིན་རེས་འཚོ་བར་དཀའ་ངལ་ཡོད་པ་ཁག་ལ་ཕན་ཐོགས་པ་ཞིག་ཡོང་བར་ཤོག གྲོགས་པོ་རྣམ་པ་ཚོ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བསྐྱོད་ནས་སྐྱོ་བོ་ཁག་ལ་བསམ་བློ་ཞིག་བཏང་ན་ཧ་ལས་དགོས་པ་དེ་འདྲའི་ཡོད།

  7. ལྷ་ས་ཨབ་སོབ། says:
    2011-01-01 at 9:31 pm

    གང་ལྟར་ཡང་དྲང་བདེན་གྱི་ལམ་ནས་བོད་མི་ཉམ་ཐག་རྣམས་ཁེ་ཎ་ཌར་ཐར་བར་ཤོག ༧གོང་ས་མཆོག་ནས་ཁེ་ཎ་ཌའི་གསེར་བློན་ལ་ཕྱག་གཉིས་ཐལ་མོ་སྦྱར་ནས་༧སྐྱབས་འཇུག་ཞུས་པ་བཞིན་གྲུབ་འབྲས་བྱུང་བ་དེ་ལྟར་ཡང་བཀའ་ཤག་ཪ་བཟི་ནས་མ་ཤེས་པ་ཡིན་ནམ།
    ་

  8. ལྷ་ས་ཨབ་སོབ། says:
    2011-01-01 at 9:38 pm

    དྲང་པོ་བཤད་ན་ཟམགདོང་རིན་པོ་ཆེ་མི་གང་འདྲ་ཞིག་ཡིན་ནམ་ངས་ཤེས་ཀྱི་མེད། འབྲས་སྤུང་ལ་ཞེན་པ་ཆེན་པོ་ཡོད་པ་ཞིག་ནི་རེད། ཁྱེད་པཎ་ཆེན་རིན་པོ་ཆེ་ལ་སྡང་དགོས་དོན་གང་ཡིན་ནམ། ཁྱེད་སྤྱི་འཐུས་ཚོགས་གཙོ་གནང་དུས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དེ་རྒྱ་དམར་ལལརྩིས་སྤྲོད་གནང་བ་རེད། ཁྱེད་ལ་ཁེ་ཕན་གང་བྱུང་ངམ།

  9. ཤར་ཕྱོགས་ཁུག་རྟ། says:
    2011-01-02 at 3:38 am

    ལུང་རིགས་རྒྱལ།སྐད་ཆ་དུམ་བུ་ཞིག་བཀོད་དེ་ཁྱེད་ཀྱིས་གླེང་སློང་ཞིག་སྤེལ་རྩིས་ཡོད་པ་དངོས་བདེན་རང་ཡིན་ནའང།ད་ལྟ་འཛིན་སྐྱོང་གིས་དེའི་ཐད་བཀའ་བསྡུར་གནང་བཞིན་པ་ཉེ་སྔོན་བཀའ་དྲུང་གིས་བང་ཆེན་གསར་འགོད་པར་གསུངས་མི་འདུག་གམ།
    ༸གོང་ས་མཆོག་གིས་ཕྱག་གཉིས་ཐལ་མོ་སྦྱར་གནང་བ་ཉམས་ཆུང་ཞིག་ཏུ་བྲིས་ཏེ།དེའི་འོག་གི་འཛིན་སྐྱོང་སྲོལ་རྒྱུན་གྱི་ན་ཚས་བཟུང་འདུག་ཚུལ་བཤད་པ་ནི་ཉིད་ཀྱི་འཆར་སྣང་རང་རེད།
    སྔ་མོར་༸གོང་ས་མཆོག་གིས་བོད་མི་མང་ལས་གཞན་པའི་བོད་གཞུང་ཁྲིམས་མཐུན་ཡིན་པར་ངོས་འཛིན་མཁན་གོང་ན་མེད་ཅེས་གསུངས་ཡོད།ངོས་འཛིན་གནང་མཁན་དེས་བཙུགས་པའི་གཞུང་དེས་ཁ་ན་སྒྲའི་མངའ་སྡེའི་གཞུང་ལ་ཁྱེད་ཀྱི་འདོད་པ་ལྟར་འབྲེལ་བ་མ་གནང་བ་དེ།བཟང་སྤྱོད་ལས་འགལ་སོང་བ་ཞིག་དངོས་དོན་དང་ཆབ་སྲིད་ཉིས་ཀའི་འགྲོ་ལུགས་ནང་ངོས་འཛིན་བྱེད་ཀྱི་མེད།ཉིད་རང་མཆོག་ཏུ་མོས་པའི་མང་གཙོ་གཞུང་གི་ཆེ་མཐོང་གི་ངོས་ནས་བཤད་ཀྱང།ས་གནས་དོན་གཅོད་དང་ཕྱི་དྲིལ་ལས་ཁུངས་བརྒལ་ནས།ཁ་ཐུག་བོད་བཀའ་ཤག་ལ་བཟང་སྤྱོད་ཡོད་མེད་དོགས་སློང་བྱས་པ་ནི་ཅུང་སྨྱུ་གུ་འཁྱུག་ཚད་མ་ཟིན་པས་མིན་ན།
    ཉིད་རང་བཟང་སྤྱོད་ལ་སྒོ་གསུམ་རབ་ཏུ་དད་པའི་ཡིན་ན་ཐང།

  10. དགེ་འཕེལ། says:
    2011-01-02 at 6:40 am

    བོད་མི་ཆིག་སྟོང་གཏོང་རྒྱུའི་གནས་ཚུལ་དེ་ཚོ་དེ་ཙམ་ཆེན་པོ་མ་རེད། ང་ཚོས་ཞིབ་ཕྲ་བྱས་ཏེ་བལྟས་ན་དེང་སྐབས་་བོད་གཞུང་ནས་བྱས་རྗེས་ལ་དམིགས་ཏེ་ཨོསི་ཀྲི་ལི་ཡར་བོད་ནས་བྱས་རྗེས་ཡོད་པ་གང་མཚམས་ཤིག་གཏོང་བཞིན་ཡོད་ཀྱང༌། དེང་སྐབས་མི་དེ་ཚོའི་རིགས་ཀྱི་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱ་ུར་པུའུ་ཡི་མིསྣ་གང་བྱུང་དང་ཕན་ཚུན་ཐུག་འཕྲདབྱས་ཏེ་གཞུང་གི་དམིགས་ཡུལ་གཞིར་བཟུང་ཏག་ཏག་སྡོད་ཚུགས་ཀྱི་ཡོད་ས་མ་རེད། ད་དུང་མི་ཆིག་སྟོང་གཞུང་འབྲེལ་བ་ྱས་ཏེ་བཏང་སྟེ་ཆེད་དུ་དམིགས་ནས་སོ་སོའི་གཞུང་ལ་དགྲ་ཁ་གཏད་གསོ་སྐྱོང་བྱ་དགོས་རེད་དམ། ང་ཚོས་བལྟས་ན་དེ་ཚོ་ཏན་ཏན་འཕྱོ་མི་འདུག གོང་འདིར་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་ལགས་ཀྱི་རྩོམ་ཡིག་འདིར་གཞུང་ལ་སྐྱོན་འཛུགས་ལྟ་བུ་བྱ་གི་འདུག་ཀྱང༌། ལུང་རིགས་ཁྱོད་རང་ཡང་སྐུ་སྒེར་ཡིག་ཚང་ནས་འགྲོ་སོང་བཏང་སྟེ་བོད་རིག་པའི་ཚོགས་འདུར་བཏང་ཡང་ད་ལྟ་ཚུར་མ་ལོག་པར་ད་དུང་གཞན་ལ་བཟང་སྤྱོད་སྐོར་བཤད་པ་དེ་ངོ་ཚ་དགོས་པ་ཞིག་འདུག མཆན་དེ་ཕལ་ཆེར་ལུང་ཚན་ གྱི་ཞེན་ཁོག་བྱས་ཏེ་མ་བཏོན་ན་ཡང་ཁྱད་པར་མེད། གང་ལྟར་ཁྱོད་ཚོའི་གྲས་ཀྱི་ཤེས་དགོས་ཀྱི་འདུག གང་ལྟར་ཁྱོད་ཚོར་རྒྱུ་རྟགས་དང་ལས་འབྲས་ཟེར་བ་རྩ་བ་ནས་ཡོད་མ་རེད།

  11. ཤར་ཕྱོགས་ཁུག་རྟ། says:
    2011-01-02 at 6:57 am

    ཁ་ན་སྒྲས་བོད་མི་༡༠༠༠ལེན་འཆར་ནི་ད་ལྟའི་བོད་མི་ཚོའི་གླེང་གཞི་ཆེ་ཤོས་ཤིག་རེད།ཡིན་ནའང།གཞིས་ཆགས་ཡོངས་ནས་ཨུ་རུ་ན་ཅལ་ནང་འཁོད་གཞིས་ཆགས་ཚོར་དང་པོ་ཞིབ་འཇུག་བྱེད་མཁན་དང་ཐག་གཅོད་བྱེད་མཁན་ཚང་མ་ཁེ་ན་སྒྲའི་གཞུང་རང་ཡིན་སྟབས།གལ་སྲིད་ཁོང་ཚོས་སྦྱོར་དངོས་རྗེས་གསུམ་ཚང་མར་འགན་ཆ་ཚང་་བླངས་པ་ཡིན་ན།བོད་གཞུང་དང་བོད་མི་ཚོས་དེར་གུས་འདུད་དང་དགོས་ངེས་རོགས་རམ་ཞུ་རྒྱུ་ལས།བོད་གཞུང་གིས་ཚུར་དབང་ལ་ཡོང་ཐབས་ཤིག་གནང་དགོས་དོན་ཡོད་པ་མ་རེད་ལ།གནང་ན་འོས་ཚུལ་རིག་པ་གང་གིས་ཀྱང་ཐག་གིས་གཅོད་ཐུབ་ནི་མ་རེད།

    ཉེ་སྔོན་བཀའ་ཁྲི་མཆོག་གིས།གཞིས་ཆགས་རང་དུ་་་་་་་་ཕོར་བར་བླུགས་པའི་ཟ་མ་དང་ཁ་ཡི་བར་ལའང་བར་ཐག་ཡོད་པས།ཟ་མ་ཁ་རུ་མ་བཅུག་པར་རྗེས་ལ་སྙིང་ན་བའི་རེ་བ་དེ་འདྲ་མ་རྒྱག་ཅེས་གསུངས་འདུག

    ལར་ནས་ལུང་རིགས་བོར་མས།བཟང་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ན།རིག་པ་དང་ཆབ་སྲིད་ཉིས་ཀས་དཀྲུག་པ་ཞིག་གནང་དགོས་ཀྱི་རེད།

  12. སྐལ་བཟང་། says:
    2011-01-02 at 1:27 pm

    བཀའ་ཁྲི་གསར་རྙིང་གཉིས་ཀྱི་བར་ནས་ད་རེས་ཀྱི་གོ་སྐབས་འདི་རུལ་མ་སོང་ན་ཧ་ཅང་བཟང་།

  13. གཙང་རིགས་ཆོས་འབྱོར། says:
    2011-01-03 at 2:04 am

    དེ་བདེན་པ་རེད།  སྔོན་མ་ཨ་རིའི་གཞུང་གིས་བོད་མི་སྟོང་ཕྲག་ཁ་ཤས་ལེན་འཆར་བྱས་པ་སུས་འཐུས་ཤོར་བཏང་དང་།  མ་འཇོན་པ་ང་ཚོས་ཤེས་གསལ་རེད།
    ད་བཀའ་ཁྲི་གསར་བ་སུ་ཡིན་ན་ཁྱོས་ཤུ་རེམ་ཞིག་གྱིས། ངས་ཁ་བརྡ་ཚང་ན་ཁ་དྲོ་བཀྲ་ཤིས་ཟེར་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme