Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་ཞབས་ལ་འཛུལ་བ།

Posted on 2013-05-16 By ཁ་བརྡ་ 6 Comments on གཞུང་ཞབས་ལ་འཛུལ་བ།


ལྷ་ཞོལ་འཇིགས་མེད།

 “བཀྲ་ཤིས་བདེ་ལེགས།  ཕྱག་ཕེབས་གནང་གོ “

ཁོ་མཐོ་སློབ་ཐོན་རྗེས་སྐད་ཆ་འདིའི་དོན་མི་རྟོགས་པའི་དཀའ་ངལ་མེད་ཀྱང་། ཁོ་ལ་མཚོན་ན་དངོས་གནས་གསར་བ་གསར་རྐྱང་ཞིག་ཡིན། སོང་ཙང་། ཁོ་འཚེར་སྣང་དང་བཅས་ནང་དུ་འགྲོ་དགོས་བྱུང་།
“ལགས། ལགས་སོ། “
ནང་དུ་འཛུལ་རྗེས་ཁོས་གཞི་ནས་པཱ་ལགས་ཀྱི་ལམ་སྟོན་བཞིན་གཞུང་ཞབས་ཤིག་ལ་ཚང་དགོས་པའི་འགྲོ་སྟངས་སྡོད་སྟངས་ཀྱི་གདམས་ངག་ཆ་ཚང་བ་ཞུས།  ཕལ་ཆེར་གཅིག་ཀྱང་མ་ཆད་པར་གནང་ཀྱང་ཡོད་ཟེར་ཆོག
“རྗེས་མ་ཡང་སེ་ཕེབས་ཤོག་ཨ ”
ཁོ་ཕྱི་ལོག་ཏུ་ཐོན་དུས་ཉི་མ་སྔ་ས་ནས་ཚང་ལ་ལོག་ཚར་ཡོད་པས་གང་མགྱོགས་ཁ་པར་གཏོང་མགོ་བརྩམས།
“ཀེ  ད་བར་དུ་ག་རེ་བྱས་པ་ཡིན། ཉི་མ་གཅིག་གང་ཛ་མཐོང་ཡ་མེད་པ་ཆགས་སོང་།”
ཧ་ཅང་བཙན་དྲག་ཆེ་བའི་ཁ་པར་འདི་ལ་ཉན་རྗེས་ཁོས་པཱ་ལགས་ཀྱི་རྙིང་ཞེན་དེ་མིན་ན་སྐུ་ངོའི་སར་འགྲོ་དགོས་པ་མ་རེད་བསམ་ཞོར་མགྱོགས་མྱུར་མེག་ལོར་ཏུ་སོང་།  ཁོས་སྐུ་ངོའི་རྣམ་འགྱུར་ལ་རང་བཞིན་གྱིས་ལད་ཟློས་བྱེད་འདོད་ཅིག་སྐྱེས་པ་དང་མཉམ་དུ་གཞུང་ཞབས་ཀྱི་ལམ་གྱི་རིམ་པའི་མན་ངག་ཆ་ཚང་རང་གི་དགའ་རོགས་མར་བཤད། མཚན་གྱི་ཆུ་ཚོད་བཅུ་བ་ཡོལ་དུས་ཁོ་གཉིས་ཀྱིས་ད་དུང་སྐུ་ངོའི་ལམ་སྟོན་ལ་བགྲོ་གླེང་བྱེད་ཀྱི་ཡོད་ཀྱང་། འདི་རེད་ཟེར་བ་ཞིག་མེད་པར་གྱུར།
“འོ་ན། རང་དབང་ག་བ་ཡོད་རེད། པུ་ཟུག་དོག་པོ་ཞེ་དྲག་བྱུང་བ། ”
“མ་རེད། འདི་འགྲོ་སྟངས་ཡིན་རྒྱུ་རེད།”
“ག་རེའི་འགྲོ་སྟངས།  ངས་ཁྱེད་རང་ལ་ལག་པ་འཐམས་ནས་འགྲོ་མ་ཆོག་པའང་འགྲོ་སྟངས་རེད་བས།”
“གང་ལྟར། ང་ཚོས་བསམ་པ་ནང་བཞིན་མ་རེད་བྱ”
“ ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་ལས་ཀ་ཧུར་ཐག་བྱས། དེ་ནས་སོ་སོའི་འདོད་པ་མ་རེད་བས།  ལས་ཁུངས་ཀྱི་དུས་ཚོད་ལས་གཞན་པར་ག་རེ་བྱས་ནས་བྱུས་གཏོགས་བྱེད་དགོས་པ་རེད།  ཨ་རི་་་ངོ་མ་བདེ་བ་ཅན་ཡིན་ས་རེད།”
“ང་ཚོར་མ་འོངས་པ་ཡོད་པ་རེད་བ། མི་ཚང་མར་བག་ཆགས་ཡག་པོ་བཞག་དགོས་རེད་གསུང་སོང་།”
“ཨ་ཡོ  དཀའ་ལས་ལ།  ད་ཉལ་གོ   ”

ཁ་ཁུ་སིམ་པོའི་མགྲོན་ཁང་དུ་སེམས་ཤུགས་རྦད་དེ་ཆག་ཡོད་པའི་དབུགས་རིང་རེ་བཏང་སྟེ་བསྡད་ཡོད་ནའང་། མལ་ཁྲིའི་སྒང་ཉལ་རྗེས་སེམས་ཤུགས་གཞན་ཞིག་སླར་གསོ་བྱས།  

“    འུ་གཉིས་ག་དུས་ཆང་ས་རྒྱག་གི་ཡིན།  ”
“   དེ་བཤད་ཤེས་མ་སོང་། བྲེལ་ལ་ག་རེ་འདུག  ད་ལྟ་ཆང་ས་རྒྱབ་ཡོད་པ་དང་གཅིག་པ་མ་རེད་བས”
“  ཚོབ་བ་ལ། ཆང་ས་རྒྱབ་ན་འདི་ལས་གཞན་ལས་ཡ་མེད་པ་རེད་པས  ”

“   ཧུ་ཧུ་ཧུ་ཧུ ”
“  ཧུ་ཧུ་ཧུ་ཧུ  ”

རྩོམ་རིག

Post navigation

Previous Post: ཡིད་སྐྱོ་བའི་གཏམ་རྒྱུད།
Next Post: བོད་དོན་དཀའ་རྙོག་སེལ་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེ་བྱུས་དགོས་སྐོར་གསུངས།

Comments (6) on “གཞུང་ཞབས་ལ་འཛུལ་བ།”

  1. སྤྲུལ་སྐུ་དབང་ཆེན། says:
    2013-05-17 at 2:02 am

    སྒྲུང་འདི་མཚར་གཏམ་ཞིག་ཨེ་རེད། དམིགས་ཡུལ་གསུངས་རོགས་གནང།

  2. གནམ says:
    2013-05-17 at 7:30 am

    དྲ་གྲོགས་ཚོ། དག་ཆ་ཆུང་ཆུང་ཞིག་གི་དོན་ལ་སྐད་ཆ་ཉུང་ཉུང་ཞིག་ཞུ་ན་འདོད་སོང་།
    དེ་རིང་ཁ་སང་། མང་པོ་ཞིག་གིས། དྲི་བ་དོན་པའི་འདྲི་ཚིག་ལ། པས་དང་ནས་དང་པྭ་སོགས་སྦྱོར་བ་མཐོང་ཡང་། ང་རང་གིས་བསམ་པར་དེ་དག་ཚང་མ་ནོར་བ་རེད་འདོད།
    གང་ལ་ཡིན་ཟེར་ན། ཨ་དང་ཨེ་ནི་བོད་ཡིག་གི་མགོ་སྔ་བར་གསུམ་གང་ལ་ཡང་སྦྱོར་རུང་བའི་འདྲི་ཚིག་སྟོན་སྤྱད་ཞིག་ཡིན། དཔེར་ན། ཨ་ཡོད་ན། ཨེ་ཡིན་ན། དེ་འདྲ་ཨེ་རེད། ཡིན་ན་ཨ། མིན་ན་ཨ། མི་ཤེས་འི་ཨ། ཤེས་འི་ཨ། ཨེ་ཤེས་འི། རེད་པ་ཨ། མ་རེད་པ་ཨ། རེད་ཨ། མ་རེད་ཨ། ལྟ་བུ་དང་།
    དེ་ནས་ཨེ་ཡིག་མིང་མཐའ་ལ་ཡོད་ན་བསྡུ་ཚུལ་ཡང་ཡོད། དཔེར་ན། ཡིན་པ་ཨེ་ལ་ཡིན་པེ། མིན་པ་ཨེ་ལ་མིན་པེ། མ་ཤེས་ནི་ཨེ་ལ་མ་ཤེས་ནེ་ལྟ་བུ་ནི་ཡི་དབྱངས་ཡང་བསྡུ་བ་སོགས་ཡོད་པར་འདོད་པས།
    མཁྱེན་ལྡན་དག་གིས་བསམ་གཞིག་རེ་ཡོད་པར་ཞུ།

    སྐད་ཆ་འདི་བསམ་བློ་གཏོང་ཤེས་ནི་དག་ལ་ཞུས་བ་ཡིན་པས། པྭ། པས། ནས་སོགས་དྲི་བ་ལ་བེད་སྤྱོད་དགོས་པའི་དགོས་ལུགས་འདྲ་ཡོད་ན་གསུངས་རོགས་གནང་།

    གནད་དོན་འདི་ཞུ་དགོས་དོན་ནི་གོང་གི་མཆན་པ་ཚོའི་རང་སྣང་གང་དྲན་ལ་མ་བཟོད་པས་འབྲི་ཐལ་ལོ།

  3. སྤྲུལ་སྐུ་དབང་ཆེན། says:
    2013-05-17 at 7:35 am

    གནམ་གྱིས་གནམ་ལ་ལྟོས་དང་། ཧོར་གཙང་འཇིགས་མེད་བཞུགས་ཤག པ་དང་བ་ཡི་སྐོར་ལ། གསུང་ཆོས་གནང་གྱིན་འདུག་གོ

  4. སྤྲུལ་སྐུ་དབང་ཆེན། says:
    2013-05-17 at 7:38 am

    གནམ་གྱི་འགྲམ་ལ་ལྟོས་དང་། ལ་དྭགས་དགེན་ལགས་བཞུགས་ཤག པ་དང་བ་ཡི་ལག་འཁྱེར། རང་དོན་ཆེད་དུ་སྟོན་གྱིས།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-05-17 at 8:39 am

    “ལགས། ལགས་སོ། “
    ནང་དུ་འཛུལ་རྗེས་ཁོས་གཞི་ནས་པཱ་ལགས་ཀྱི་ལམ་སྟོན་བཞིན་གཞུང་ཞབས་ཤིག་ལ་ཚང་དགོས་པའི་འགྲོ་སྟངས་སྡོད་སྟངས་ཀྱི་གདམས་ངག་ཆ་ཚང་བ་ཞུས། ཕལ་ཆེར་གཅིག་ཀྱང་མ་ཆད་པར་གནང་ཀྱང་ཡོད་ཟེར་ཆོག
    འདི།
    “ལགས། ལགས་སོ། “
    ནང་དུ་ འཛུལ་རྗེས་ ཁོས་ གཞི་ནས་ ཕ་ལགས་ཀྱི་ ལམ་སྟོན་བཞིན་ གཞུང་ཞབས་ ཞིག་ལ་ ཚང་དགོས་པའི་ འགྲོ་སྟངས་ སྡོད་སྟངས་ཀྱི་ གདམས་ངག་ ཆ་ཚང་བ་ ཞུས། ཕལ་ཆེར་ གཅིག་ཀྱང་ མ་ཆད་པར་ གནང་རྐྱང་ བྱེད་བགྱིད་ ཡོད་ ཟེར་ཆོག
    ཀརྡོས།

  6. གཞོན་ནུ་ཟླ་མེད། says:
    2013-05-19 at 9:13 am

    གནམ་གྱིས་དེང་སང་གི་ཁ་སྐད་འགའ་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་འགྲེལ་བཤད་བྱས་པར་གོ་རྒྱ་ཟབ་མོ་འདུག་གོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme