Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས་བཀྲ་ཤིས་རྣམ་རྒྱལ་མིང་ཅན་ལ་བསྡོ་བ།

Posted on 2020-12-142020-12-15 By ཁ་བརྡ 5 Comments on གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས་བཀྲ་ཤིས་རྣམ་རྒྱལ་མིང་ཅན་ལ་བསྡོ་བ།

གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས།
 
བཀྲ་ཤིས་རྣམ་རྒྱལ་ཟེར་མཁན་ཞིག་གིས། གཞུང་ཞབས་ཟུར་པའི་མིང་འཛིན་བཀྲ་ཤིས་གང་དེའི་དྲུང་དུ་ཞེས་བདག་ལ་ཀླན་འཚོལ་བྱེད་ཁུལ་གྱི་རྩོམ་ཡིག་ཅིག་ཁ་བརྡ་དྲ་རྒྱའི་སྟེང་སྤེལ་འདུག་པ་དེ་གླེང་རིན་མེད་ནའང་། རྐུན་རྒྱབ་ཇག་ལངས་བྱེད་མཁན་ཚོ་སྣང་མེད་དུ་འཇོག་པ་ནི་འཇིག་རྟེན་ཡ་རབས་ཀྱི་ལུགས་དང་འགལ་གྱི་ཡོད་རེད།

འབྲོང་ཆུང་དངོས་གྲུབ་ལགས་ལོ་མང་སྲི་ཞུ་བསྒྲུབས་མྱོང་མཁན་ཞིག་ཡིན་པའི་ཆ་ནས་ཁྲིམས་དང་སྒྲིག་གཞི་འགལ་ཆོག་གི་རེད་ཟེར་གྱི་ཡོད་ན་ནི་ཅི་ཤེས། དེ་མིན་ཁྲིམས་སྒྲིག་ལ་མངོན་མངོན་རྗེན་དུ་འགལ་ཡོད་པའི་བྱ་སྤྱོད་འདི་ཚོ་ཐེར་འདོན་བྱ་རྒྱུ་ནི་བོད་ཀྱི་ཡུལ་མི་དཀྱུས་མ་ཞིག་གི་ལས་འགན་ཆགས་བསྡད་ཡོད།

བཀྲ་རྣམ་མིང་འཛིན་པས། བདག་གིས་དྲངས་པའི་སྒྲིག་གཞི་དེ་དག་བསྐྱར་དུ་ལུང་འདྲེན་བྱས་ཏེ། སྒྲུབ་བྱེད་གཙོ་བོ་ནི། ༡། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་ལས་བྱེད་མ་ཡིན་པའི་ཁོངས་ནས་ཡིན་ཚུལ་དང་། ༢། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ཉེར་བཞི་པ་དེ་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་བཅས་ལ་ཁྱབ་ཀྱི་ཡོད་པ་ལས། ལས་བྱེད་ལ་ཁྱབ་ཀྱི་མེད་ཅེས་འབྲི་ཞོར་དུ། ཁྲིམས་སྒྲིག་ལ་འཁྱོག་བཤད་དང་ལོག་འགྲེལ་བྱས་ན་ཡག་པོ་མ་རེད་ཅེས་རྐུན་མས་རྐུ་མ་འབོད་འདེད་བྱེད་ཀྱི་འདུག བཀྲ་རྣམ་པའི་སྐད་ཆ་ལ་དཔྱད་རིན་ཡོད་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༠ པའི་བཅའ་ཁྲ་ལས་ ཏ༽ བཀའ་ཁྱབ་ནང་གསེས་ ༢ པར།ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) ཆ་རྐྱེན་འོག་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་བྱས་པ་ཞིག་གི་ཆེད་འགྲོ་ལུགས་འགྲོ་སྟངས་ཟུར་དུ་གཏན་འབེབས་མ་བྱུང་བར། ལས་བྱེད་དེས་འདེམས་ལྷན་སྒྲིག་གཞི་དང་ལས་བྱེད་བླང་དོར་སྒྲིག་གཞི་ཁྱབ་སྲུང་དགོས་པ་དང་། ཕྱོགས་མཚུངས་བསྐོ་གཞག་བྱེད་པོ་ནས་ཀྱང་ཁྱབ་སྲུང་དགོས་པ་བསྙོན་མེད་ཡིན།(ཤོག་གྲངས་ ༡༠༢༨ པ།)ཞེས་གསུངས་འདུག་པ་འདི་རྫུན་མ་ཆགས་དགོས་ཀྱི་རེད་དམ། ཁྲིམས་སྒྲིག་ལ་འཁྱོག་བཤད་དང་ལོག་འགྲེལ་བྱེད་མཁན་ཁྱོད་རེད་དམ་ང་རེད།

ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་བྱས་ཡོད་ན། ལས་བྱེད་དེས་འདེམས་ལྷན་སྒྲིག་གཞི་དང་ལས་བྱེད་བླང་དོར་སྒྲིག་གཞི་ཁྱབ་སྲུང་དགོས་ཀྱི་ཡོད་པས། འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་དོན་གཅོད་ལས་ཁུངས་ནས་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་པའི་གཏམ་བཤད་སྔ་རྗེས་གནང་བ་དེ་ཚོ་བདག་གིས་དྲངས་པའི་སྒྲིག་གཞི་ཁག་དང་འགལ་ཡོད་པ་མངོན་གསལ་དོད་པོ་ཡིན་པའི་ཁར། ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་བརྒྱད་པའི་ནང་གསེས་ ད༽ སྤྱི་འཐུས་དང༌། གནད་ཡོད་མི་སྣ་འོས་འདེམས་བྱེད་སྐབས་རང་གི་འོས་འཕེན་གྱི་ཐོབ་ཐང་ལེན་རྒྱུ་ལས་གཞན་ལ་དབང་ཚད་ནུས་ཤུགས་བེད་སྤྱོད་དམ། སྐུལ་སློང་བརྡ་སྟོན། འོས་བསྡུ་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚོགས་འདུ་དང་བགྲོ་གླེང་ནང་ཞུགས་པ་ལྟ་བུའི་ཐེ་བྱུས་རིགས་གང་ཡང་བྱེད་མི་ཆོག་ཅེས་དང་། པ༽ དབང་ལྡན་འགན་འཛིན་གྱི་བཀའ་འཁྲོལ་མེད་པར་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཁག་གསར་ཤོག་དང༌། བརྙན་འཕྲིན། རླུང་འཕྲིན། དྲྭ་རྒྱ་ལྟ་བུའི་བརྒྱུད་ལམ་ཁག་གི་ཐོག་སྨྲ་བརྗོད་དང༌། འབྲི་རྩོམ་བྱེད་མི་ཆོག་ཅེས་དང་། ཝ༽ བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་སྐབས་ལྷག་བསམ་རྣམ་དག་དགོས་པ་ལས། རང་གི་ཁེ་ཕན་རྗེས་འབྲེལ་གྱི་ལས་དོན་བྱེད་མི་ཆོག་ཅེས་པའི་དགོངས་དོན་ལ་མཐུན་གྱི་འདུག་གམ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་། དོན་གཅོད་དང་། བསྐོ་གཞག་བྱེད་པོ་གཉིས་ཀས་འདེམས་ལྷན་སྒྲིག་གཞི་དང་ལས་བྱེད་བླང་དོར་སྒྲིག་གཞི་ཁྱབ་སྲུང་དགོས་ཀྱི་ཡོད་པས། འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི། འདེམས་ལྷན་སྒྲིག་གཞི། ལས་བྱེད་བླང་དོར་སྒྲིག་གཞི་བཅས་ཀྱི་དགོངས་དོན་བརྡལ་བཤིག་གཏོང་གི་ཡོད་ན། དོན་གཅོད་བསྐོ་གཞག་བྱེད་པོ་༸མི་རྗེ་སྲིད་སྐྱོང་མཆོག་དང་དཔལ་ལྡན་བཀའ་ཤག་གི་མཚན་འབོད་ཞུས་པ་ཙམ་གྱིས། འོས་བསྡུ་དང་འབྲེལ་བའི་གནས་ཚུལ་མཐའ་དག་དབུས་འོས་བསྡུ་ལས་ཁང་ལ་འབྲེལ་བ་ཡོད་པ་ལས་སྲིད་སྐྱོང་བློ་སེང་དང་བཀའ་ཤག་སུ་ལའང་ཐད་ཀའི་འོས་འགན་མེད་ཅེས་ཁྱོད་རང་སྐད་ངན་འདི་ལྟ་བུ་ཤོར་དགོས་དོན་གང་ཡིན་ནམ།

འབྲོང་ཆུང་དངོས་གྲུབ་ལགས་ཀྱི་གནང་སྟངས་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པས། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ཉེར་ལྔ་པའི་ནང་གསེས་བརྒྱད་པ་ལྟར། འོས་མི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་ཀྱི་ཉེས་ཆད་གཏོང་རྒྱུ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་ཞེས་པའི་འོས་ཆོས་ཚང་གི་མེད་པའི་དངོས་དོན་ཁས་ལེན་མི་བྱེད་རང་བྱེད་ཆགས་ཀྱི་ཡོད་རེད།

ཁྱོད་ཀྱིས་བདག་གི་ཀུན་སློང་ལ་ཚོད་དཔག་མཐོ་དམའ་གང་བྱས་ཀྱང་འགྲིག་གི་རེད། ཁྱོད་རང་ལ་ཚོར་བ་རྣམ་རྟོག་གང་ཡོད་ཀྱང་བཤད་ཆོག་གི་རེད། ཡིན་ནའང་ཁྱོད་རང་གིས་དོན་དངོས་ལ་འཁྱོག་བཤད་བྱེད་ཆོག་གི་མ་རེད། ཁྲིམས་སྒྲིག་ལ་ལོག་འགྲེལ་བྱེད་ཆོག་གི་མ་རེད། ལྷག་དོན་ཁྲིམས་འགལ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ་ནི་ཁྲིམས་འགལ་བྱེད་མཁན་དེ་དང་ནག་ཉེས་ལྕི་ཡང་ཙམ་མ་གཏོགས་འདྲ་མཚུངས་ཆགས་ཀྱི་རེད།

བདག་ནི་བོད་མིའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་ཚོར་ཡིད་ཆེས་ཞུ་མཁན་ཞིག་ཡིན་པས། མངོན་སུམ་སྒྲིག་འགལ་གྱི་བྱ་སྤྱོད་དེ་ལ་ཐག་གཅོད་གཙང་མ་ཞིག་ཡོང་རྒྱུར་ངང་སྒུག་གི་བརྟུལ་ཞུགས་འཛིན་གྱི་ཡོད། དེ་མིན་གོམ་པ་གཉིས་པ་སྤོ་དགོས་བྱུང་སྐབས་ཁྱོད་རང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཟུར་ཉན་པའི་ཁོངས་སུ་ཕེབས་ཐུབ་པའི་རེ་བ་ཞུ་གི་ཡོད། །

བསམ་ཚུལ།

Post navigation

Previous Post: ཤི་གསོན་བྱེ་མའི་ལ་ཁར་འཇིགས་སྣང་ངང་འཚོ་བའི་Trump །
Next Post: གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་བོད་སྐད་ཡིག་རྒྱུད་འཛིན་བྱེད་མི་ཐུབ་པ་ནི་བདེན་པ་མིན། 

Comments (5) on “གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས་བཀྲ་ཤིས་རྣམ་རྒྱལ་མིང་ཅན་ལ་བསྡོ་བ།”

  1. བྱང་ཆུབ་ལོ་མ། says:
    2020-12-15 at 1:09 pm

    ལོག་འགྲེལ་གྱི་མུན་པ་འོད་ཀྱི་རལ་གྲིས་བྲེགས་འདུག
    གཞུང་ཞབས་ཟུར་པ་འདི་ཚོ་ལས་སླ་པོ་ཡོད་ས་མ་རེད།
    བཀྲ་ཤིས་རྣམ་རྒྱལ་དང་བཀྲ་ཤིས་རྣམ་རྒྱལ་ཚོས་གླགས་རྙེད་རེ་བྲལ་འདུག

    “བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་སྐབས་ལྷག་བསམ་རྣམ་དག་དགོས་པ་ལས། རང་གི་ཁེ་ཕན་རྗེས་འབྲེལ་གྱི་ལས་དོན་བྱེད་མི་ཆོག” སོགས་ལུང་དྲངས་འདུག བརྡ་བརྒྱབ་སྟེ་གདའ།

  2. ཀརྡོ་རབ་འབྱམས་པ་ says:
    2020-12-15 at 10:48 pm

    ་་་་་་་་་་་་་་་ དེ་མིན་ཁྲིམས་སྒྲིག་ལ་མངོན་མངོན་རྗེན་དུ་འགལ་ཡོད་པའི་བྱ་སྤྱོད་འདི་ཚོ་ཐེར་འདོན་བྱ་རྒྱུ་ནི་བོད་ཀྱི་ཡུལ་མི་དཀྱུས་མ་ཞིག་གི་ལས་འགན་ཆགས་བསྡད་ཡོད། ་་་་་་་་་་་་་་
    ་
    ་་་་་་་་་་་་་ ལྷག་དོན་ཁྲིམས་འགལ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ་ནི་ཁྲིམས་འགལ་བྱེད་མཁན་དེ་དང་ནག་ཉེས་ལྕི་ཡང་ཙམ་མ་གཏོགས་འདྲ་མཚུངས་ཆགས་ཀྱི་རེད། ་་་་་་་་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2020-12-15 at 10:54 pm

    བཙན་བྱོལ་ལས་བྱེད་ནང་ལ། ཞབས་འདྲེན་ཞུ་མཁན་དང་། ལྐོག་ཟ་རུལ་སུངས་ཀྱི་རྙོག་ཁྲ་ལྷག་ས་མང་ཤོས་དེ་ནི། རང་དབང་ལན་པའི་ལས་ཁུངས་ཀྱི་ལས་བྱེད་དང་། སྐུ་ཚབ་དོན་གཅོད་དེ་དག་ཡིན་པ་ནི། ད་ཁ་གསལ་དུ་གསལ་དུ་འགྲོ་བཞིན་འདུག
    དེ་ཡང་རྒྱ་མཚན་གཙོ་བོ་ནི། སྔར་གྱི་བོད་གཞུང་ངམ་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་རམ་ས་ལ་དང་། ཐག་རིང་དུ་ཡོད་དུས། དབང་ཆ་དང་རྩིས་ཁྲ་གཙང་མ་མེད་པར་ཆགས་འགྲོ་བགྱི་ཡོད་པ་འདྲ།

  4. ཀརྡོ་རབ་འབྱམས་པ་ says:
    2020-12-16 at 7:05 am

    བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།
    བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དཔལ་ལྡན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ ལ…

    https://www.facebook.com/CTATIBETTV/videos/841071316731317

  5. ཇ་མ།་ says:
    2020-12-24 at 11:55 am

    ཁྲིམས་འགལ་ལུགས་འགལ་འབྲོང་ཆུང་དང་རྒྱབ་འདེགས་པ་ཚོར་དབུས་འོས་བསྡུ་ལས་ཁང་ནས་ཉེ་ཆད་ལས་ཚེ་ཐར་གཏོང་མི་རུང་། དེ་བས་མི་མང་ནས་ཁ་བཙུམས་ནས་སྡོད་ཐབས་རྩ་བ་ནས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme