Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་དང་སྒྲིག་འཛུགས་ཀྱི་རྩོད་པ་རྒྱག་མཁན་ཚོར་བསྲིངས་པ།

Posted on 2011-06-04 By ཁ་བརྡ་ 2 Comments on གཞུང་དང་སྒྲིག་འཛུགས་ཀྱི་རྩོད་པ་རྒྱག་མཁན་ཚོར་བསྲིངས་པ།

ཕུན་ཚོགས།

ཉེ་བའི་དུས་རབས་གོང་མ་ནས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དབུ་མའི་ལམ་དུ་ཕྱོགས་ཡོད་ཅིང་། དབུ་མའི་ལམ་དུ་ཕྱོགས་པའི་བརྒྱུད་རིམ་ཀྱང་མང་མོས་ཟེར་བའི་ཚིག་འདི་བརྒྱུད་སྔ་ས་ནས་ལམ་དུ་ཆས་ཚར་ཡོད། དབུ་མའི་ལམ་གྱི་ཁ་ཕྱོགས་ལ་ངེས་པ་རྙེད་ཀྱང་ཆོག་ལ་མ་རྙེད་ཀྱང་ཆོག་མོད། བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཀྱི་འཕེལ་རིམ་སྔ་ས་ནས་ཕྱིར་མི་བཟློག་པའི་གནས་སུ་གཏན་ཁེལ་ཚར་བ་ནི་ཅིས་ཀྱང་ཧ་གོ་དགོས་ཤིང་། ད་ལྟ་ལོ་རྒྱུས་དང་ཆབ་སྲིད་སོགས་གང་གི་ངོས་ནས་བལྟས་ཀྱང་སེམས་ནས་དུས་ཚོད་སྐར་ཆ་གཅིག་ལའང་འབོར་མི་ཉན་པའི་གནད་འགག་གལ་ཆེན་ཞིག་ཏུ་གྱུར་ཚར་བའང་ཧ་གོ་དགོས།
དེ་ལས་ཀྱང་གལ་ཆེ་བ་ནི། བོད་ཀྱི་གཞུང་ཟེར་བའི་མིང་ཚིག་འདི་ཡོད་ཀྱང་ཡོད་གོ་མི་ཆོད་པ་དང་། མེད་ཀྱང་མེད་གོ་མི་ཆོད་པའི་གནས་སུ་གྱུར་ཡོད་པ་ནི་སྤྱི་འཐུས་སྐབས་གང་དང་དུས་གང་ལའང་རགས་མི་ལས་པ་མ་ཟད། བཙན་བྱོལ་བཀའ་ཤག་་སུ་གཅིག་གི་བྱས་ཉེས་མ་ཡིན་པར། འུ་ཚོས་གཞུང་ཟེར་ཀྱང་ཆོག་ལ། སྒྲིག་འཛུགས་ཟེར་ཀྱང་འཐུས་པའི་གནད་འགག་འདི་ཆབ་སྲིད་ལོ་རྒྱུས་དང་སྐུ་དྲག་ལོ་རྒྱུས་ཀྱི་བཤིབ་བསྡུར་ལས་གསལ་ཁ་དོད་ཡོང་བ་གསལ་བོ་ཡིན་སྟབས། ལོ་རྒྱུས་ལ་ཕྱིར་བལྟ་དང་དངོས་ཡོད་སྤྱི་ཚོགས་ལ་ཞིབ་ལྟ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཡིན།
ཆབ་སྲིད་ཆེད་མཁས་པ་མང་པོ་ཞིག་གིས། ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཉིན་སྲུབ་གང་དུ་དཔང་རྟགས་རླུང་གིས་མི་ཁོག་པ་ཇི་ལྟར་ཡོད་ཀྱང་། འདས་པའི་ལོ་རྒྱུས་ལ་གདེང་འཇོག་བྱེད་རྒྱུ་ཙམ་ལས་མ་འོངས་སྔོན་དཔག་གི་སྐྱ་ཐིག་འདེབས་ཡུལ་ལ་མི་རུང་བ་གཏན་ཁེལ་བཞིན་དུ། འུ་ཚོས་ཅི་ཞིག་དཔྱད་ཅིང་གང་ཞིག་རྩོད་ཀྱིན་ཡོད་དམ། གང་ལྟར་ཆབ་སྲིད་ཐ་སྙད་ཀྱི་རྩོད་པ་འདི་ནི་དོན་མེད་ཀྱི་རྩོད་པ་ཞིག་རེད་ལ། དོན་མེད་ཀྱི་རྩོད་པ་འདིས་ནི་སླར་ཡང་ཆབ་སྲིད་ཀྱི་གོ་བ་མག་མོག་ནས་བན་བུན་གྱི་གནས་སུ་སྐྱེལ་གྱིན་པ་གསལ་བོ་ཡིན་སྟབས། ཆབ་སྲིད་ཀྱི་མིག་རྒྱང་དང་དཔྱོད་ཤེས་བཅས་ཡོད་པའི་ཆེད་ལས་ཉམས་ཞིབ་པ་དག་བརྒྱུད། འུ་ཚོའི་མིག་མདངས་དང་གོ་བ་དག་ལ་བསྐྱར་ཞིབ་བྱ་དགོས་ཀྱི་ཡོད་པ་དེ་གསལ་བཤད་བྱེད་ཀྱིན་འདུག
གསལ་བོ་བཤད་ན། གཞུང་དང་སྒྲིག་འཛུགས་ཀྱི་རྩོད་པ་འདི་ནི་ཕ་ཤི་བའི་རྗེས་ཀྱི་མིང་ལ་རྩོད་པ་བྱེད་ཀྱིན་པ་རང་ཡིན་པ་དང་། མ་གྲོངས་པའི་ཤུལ་གྱི་སྐྲ་ལ་ཚོས་གཞི་ཞུགས་མིན་གྱི་རྩོད་པ་བྱེད་པ་དང་ཀུན་ནས་མཚུངས་སྟབས། ངེས་པར་འུ་ཚོའི་ལོ་རྒྱུས་ལ་ངེས་ལེན་དང་། དངོས་ཡོད་ལ་དང་ལེན་བཅས་བྱེད་དགོས་ཀྱི་ཡོད། འདི་ནི་འདོད་ཀྱང་ཆོག་ལ་མ་འདོད་ཀྱང་རུང་བའི་ལོ་རྒྱུས་ཀྱི་འགྱུར་བ་ཞིག་དང་། ཆབ་སྲིད་ལོ་རྒྱུས་ཀྱི་དངོས་ཡོད་སྤྱི་ཚོགས་ལ་གོམ་པ་སྤོ་ཚུལ་གྱི་བདེན་པ་ར་འཕྲོད་པ་ཞིག་བཅས་ཡིན་སྟབས། སུ་ལའང་ལེ་བདའ་བྱེད་རྒྱུ་མེད་ཅིང་། གང་ལའང་མིག་ཆུ་འདོན་རྒྱུ་མེད་པར། མིག་ཆུ་ཤམ་ཤམ་དང་སྐྱོ་བ་ལྷང་ལྷང་གིས་དང་ལེན་མི་བྱེད་རང་བྱེད་དུ་གྱུར་ཡོད་པ་ཧ་གོ་དགོས་སོ།

སྣ་ཚོགས།

Post navigation

Previous Post: གནམ་ལྕགས་ཀྱི་གསལ་བཤད་ཅིག
Next Post: གསར་འགོད་པ། ལོ་རྒྱུས་ཀྱི་ཟིན་བྲིས་པ་ཉན་དགོས།

Comments (2) on “གཞུང་དང་སྒྲིག་འཛུགས་ཀྱི་རྩོད་པ་རྒྱག་མཁན་ཚོར་བསྲིངས་པ།”

  1. རྡོ་སྤུ་ཐོགས། says:
    2011-06-04 at 2:32 pm

    གོ་རྒྱུ་ཡག་པོ་འདུག

  2. རྡུལ་ཕྲན། says:
    2011-06-05 at 8:03 am

    གོ་བ་བཟང་གི། རྡོ་སྤུས་པ་ལ་བཀའ་དྲིན་ཆེ་ཞུ་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme