Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞུང་ཆེན་རིགས་གཅིག་རྐང་འཛིན་ཆེད་སྐོང་ཚོགས་གནང་བ།

Posted on 2015-03-082015-03-08 By ཁ་བརྡ་ 2 Comments on གཞུང་ཆེན་རིགས་གཅིག་རྐང་འཛིན་ཆེད་སྐོང་ཚོགས་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 

གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་གཉིས་པ་སྐོང་ཚོགས་གནང་བ།

ཕྱི་ལོ་༢༠༡༥ ཟླ་༣ ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་གཉིས་པ་སྐོང་ཚོགས་གནང་སོང། དེ་ཡང་གོང་ཚེས་ཉིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སློབ་དཔོན་དང་། མཁན་པོ། དགེ་བཤེས་བཅས་ཁྱོན་མི་གྲངས་ ༡༠ ལྷན་འཛོམས་ཐོག་ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དེ་བཞིན་དེ་རིང་ཚོགས་སྐོང་གནང་གི་ཡོད། རྣམ་པ་ཚོ་ཕེབས་ཐུབ་པར་ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

DSC_0850

ད་རེས་ཀྱི་ཚོགས་འདུའི་ཐོག་གྲོས་གཞི་དོན་ཚན་ལྔ་ཡོད། གྲོས་གཞི་དོན་ཚན་ཁག་ལྔའི་ནང་ནས་གཞུང་ཆེན་རིགས་གཅིག་རྐང་འཛིན་ལས་རིམ་གྱི་སྒྲིག་གཞི་དེ་སྔ་ཡོད་པའི་ཁོངས་ནས་བསྐྱར་ཞིབ་དང་བསྐྱར་བཅོས་ཕྲན་བུ་གནང་དགོས་པ་མཐོང་བྱུང་། དེར་བརྟེན་ཆོས་རིག་ལས་ཁུངས་ངོས་ནས་ད་ཡོད་སྒྲིག་གཞི་ལ་བསྐྱར་བཅོས་ཀྱིས་འཆར་ཟིན་ཚོགས་འདུ་འདིའི་ཐོག་ཕུལ་ཡོད། དེའི་ཐོག་ལ་དོན་ཚན་རེ་རེ་བཞིན་བགྲོ་གླེང་གནང་སྟེ་གཏན་འབེབས་གནང་རྒྱུ་ཡིན། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་རིམ་སློབ་གཉེར་ཐེངས་དང་པོ་དེ་འགྲོ་བཞིན་ཡོད། གཉིས་པ་དེ་ནི་རིང་མིན་ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡ ཉིན་ནས་འགོ་འཛུགས་ཞུ་རྒྱུའི་བང་རིམ་བསྒྲིགས་ཡོད། དེའི་ནང་འཚང་སྙན་ཕུལ་མཁན་གྲངས་ ༡༦ ཙམ་འདུག ཚོགས་འདུ་འདིའི་ཐོག་ནས་དེ་དག་འདེམས་སྒྲུག་གནང་རྒྱུ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་རིང་འདིར་ཆོས་བརྒྱུད་ཁག་ནས་རིགས་གཅིག་རྐང་འཛིན་གྱི་ཚོགས་ཆེན་ཐོག་གདན་ཞུས་ལྟར་དུས་ཐོག་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆོས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་ཆོས་ཕྱོགས་ཀྱི་མཛད་སྒོ་དང་བསླབ་པ་སློབ་གཉེར། དེ་བཞིན་བཤད་སྒྲུབ་ཀྱི་བསྟན་པ་གོང་སྤེལ་གནང་ཐབས་ལ་འབད་བརྩོན་ཞུ་རྒྱུ་དེ་རེད། ཚང་མས་མཁྱེན་གསལ་རེད། ང་ཚོས་འཛམ་གླིང་འདིའི་སྟེང་ངོམ་ཆོག་པ་དང་འཛམ་གླིང་གིས་དོ་སྣང་བྱེད་ས་དེ་ནང་ཆོས་ཆགས་ཡོད། ནང་ཆོས་འདི་བཞིན་འཛམ་གླིང་གིས་རྩ་ཆེན་ཞིག་དང་དོ་སྣང་བྱེད་ས་ཞིག་ཆགས་ཡོད་སྟབས། ང་ཚོས་ད་ལྟའི་གནས་སྟངས་འདིའི་ཐོག་ནས་དེ་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཐད་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག
ངས་ནམ་རྒྱུན་དུ་འདི་ལྟར་ཞུ་བཞིན་ཡོད། ང་ཚོའི་ཆོས་བརྒྱུད་ཆེན་པོ་སོ་སོའི་ནང་གྲུབ་པ་ཉམས་ལེན་བྱེད་ཕྱོགས་དེ་བསྲེས་ལྷད་དང་འགྱུར་བ་མེད་པ་སོགས་ཀྱི་གནའ་སྲོལ་བཟང་པོ་ཞིག་ཡོད་སྟབས། དེ་དག་གཞིར་བཞག་ཐོག་དེང་གི་དུས་རབས་དང་མཚུངས་པའི་བསླབ་པ་སློབ་གཉེར་བྱེད་སྟངས་ཀྱིས་གཙོས་གང་ཅིའི་ཐད་བསྐྱར་ཞིབ་དང་གསར་གཏོད། དེ་བཞིན་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་ཡོད་མེད་སྐོར་དགོངས་པ་བཞེས་པ་བརྒྱུད་ང་ཚོས་དུས་རབས་ ༢༡ པའི་ནང་པ་ཞིག་ཆགས་ཐབས་བྱེད་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འགྱུར་དང་བསྟན་འགྱུར་དེ་དག་མཆོད་གཤོམ་ནང་སྒྲིག་ནས་སྐྱབས་སུ་འཆི་ཟེར་ནས་མ་བསྡད་པར་དེ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སྔ་ཕྱི་བར་གསུམ་དུ་བཀའ་སློབ་རིམ་བཞིན་ཕེབས་ཡོད་པ་དེ་དག་གཞིར་བཞག་ཐོག ཆོས་རིག་ལས་ཁུངས་ནས་གསར་གཏོད་རིམ་པས་ཞུ་བཞིན་ཡོད། སོ་སོ་རང་ཉིད་ལྟ་བུ་མཚོན་ན་ང་ཚོར་ཡོད་པའི་ནང་ཆོས་དེ་གཞིར་བཞག་ཐོག་དུས་རབས་དང་མཚུངས་པའི་སྒོ་ནས་དེ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རྩིས་མཁན་དང་དེའི་ཐོག་འབད་བརྩོན་བྱེད་མཁན་གྱི་མི་ཞིག་ཡིན།

DSC_0868

ང་ཚོས་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་རིམ་འདི་ལོ་གཅིག་སྔོན་ཙམ་ནས་འགོ་འཛུགས་བྱས་ཏེ། སྒྲིག་གཞི་གཏན་འབེབས་ཀྱིས་ད་ལྟ་འགྲོ་བཞིན་ཡོད་པ་མ་ཟད། སྡེ་ཚན་དང་པོའི་ནང་རིགས་གཅིག་རྐང་འཛིན་པ་ ༢༢ ཡོད་ཁོངས་ནས་གཅིག་གིས་དགོངས་པ་ཞུས་ཤུལ་དུ་གཞན་ཚང་མས་ཉམས་ཞིབ་གནང་བཞིན་ཡོད་སྟབས། ཆོས་རིག་ལས་ཁུངས་ངོས་ནས་ཁོང་ཚོར་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། ང་ཚོའི་ཆོས་བརྒྱུད་ཁག་ལ་དགེ་བཤེས་ལྷ་རམས་པ་དང་། མཁན་པོ་དང་སློབ་དཔོན་ཟེར་བ་སོགས་ཀྱི་ཐ་སྙད་འདྲ་མིན་ཡོད། ང་ཚོས་དགེ་བཤེས་ལྷ་རམས་པ་དང་འབུམ་རམས་པ་ (Phd) གཅིག་མཚུངས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ངས་དེ་འདྲ་མ་རེད་བསམ་གྱི་འདུག ངས་ད་ལྟ་ང་ཚོས་གནང་བཞིན་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་འདི་འབུམ་རམས་པ་རེད་བསམ་གྱི་འདུག དགེ་བཤེས་ལྷ་རམས་པ་ནི་གཞུང་ཆེན་བཀའ་པོད་ལྔ་ལ་གཟིགས་ནས་དེའི་ཐོག་རྒྱུགས་འཕྲོད་པ་ཞིག་ལ་ཟེར་གྱི་ཡོད། རིགས་གཅིག་རྐང་འཛིན་ཟེར་བ་དེ་གཞུང་ཆེན་བཀའ་པོད་ལྔའི་ཁྲོད་ནས་གཞུང་ཆེན་གཅིག་ཐོག་སློབ་གཉེར་གནང་ནས་མཁས་པ་གཙུག་ཏུ་བཀུར་བ་ཞིག་ཆགས་ཐུབ་པ་དགོས་ཀྱི་ཡོད་སྟབས། ངས་ཐ་སྙད་འདོགས་སྟངས་ཐད་མ་འོངས་པར་བཀའ་བསྡུར་དང་ཐུགས་ཞིབ་གནང་དགོས་ཀྱི་འདུག་བསམ་གྱི་ཡོད།

ང་ཚོས་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་མཁན་དག་དཔལ་ན་ལེནྡྲའི་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་བུ་ལྟར། འཛམ་གླིང་འདིའི་སྟེང་གཙུག་ཏུ་བཀུར་འོས་ཀྱི་མཁས་པ་ཆགས་རྒྱུར་རེ་བ་དང་འབད་བརྩོན་ཞུ་བཞིན་ཡོད། དེ་ཆགས་རྒྱུའི་མཐུན་རྐྱེན་དེ་ད་ཐེངས་མཁས་པའི་ཚོགས་ཆུང་ཐོག་བཀའ་བསྡུར་གནང་སྟེ། མཁས་དབང་ཚོས་སྒྲིག་གཞི་སྒྲིག་འཛུགས་གཏན་འབེབས་དང་། རིགས་གཅིག་རྐང་འཛིན་གནང་མཁན་ཚོས་རྩོམ་ཡིག་བྲིས་པ་དག་ལ་ཉམས་ཞིབ་གནང་རྒྱུ་དུས་སྐབས་འདིར་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། མ་འོངས་པར་ཁོ་ཚོ་གང་འདྲ་ཆགས་མིན་ནི་ད་ཐེངས་ལྷན་ཚོགས་ཐོག་ཕེབས་པའི་མཁས་པ་ཚོར་རག་ལུས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།

དེ་ནས་ཆུ་ཚོད་ ༡༡ ཙམ་དུ་ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གཙོ་སྐྱོང་ཐོག་ཚོགས་འདུ་དངོས་གཞི་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་དང་པོ། ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༢༧ ཉིན་བསྐྱངས་པའི་ཚོགས་འདུ་དང་པོའི་གྲོས་ཆོད་ཐོག་བསྐྱར་ཞིབ་གནང་རྒྱུ།
གྲོས་གཞི་གཉིས་པ། ཆོས་རིག་ལས་ཁུངས་ནས་རགས་ཟིན་དུ་ཕུལ་བའི་གཞུང་ཆེན་རིགས་གཅིག་རྐང་འཛིན་ལས་རིམ་གྱི་སྒྲིག་གཞིའི་ཐོག་བསྐྱར་ཞིབ་བཀའ་བསྡུར་གྱིས་གཏན་འབེབས་གནང་རྒྱུ།
གྲོས་གཞི་གསུམ་པ། གསར་དུ་གཏན་འབེབས་ཞུས་པའི་སྒྲིག་གཞིའི་དགོངས་དོན་མཁས་པའི་ཚོགས་ཆུང་གི་ཚོགས་གཙོ་འོས་འདེམས་གནང་རྒྱུ།
གྲོས་གཞི་བཞི་པ། གསར་དུ་གཏན་འབེབས་ཞུས་པའི་སྒྲིག་གཞིའི་དགོངས་དོན་ཕྱི་ལོ་ ༢༠༡༥་་་༢༠༡༦ ནས་ ༢༠༡༨་་་༢༠༡༩ བར་གྱི་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་འདེམས་སྒྲུག་གནང་རྒྱུ།
གྲོས་གཞི་ལྔ་པ། དེ་མིན་འབྲེལ་ཆགས་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།

གསར་འགྱུར།

Post navigation

Previous Post: རྒྱལ་ཡོངས་གངས་ཅན་བུ་མོ་རྣམས་ལ་བསྟོད་པ་མུ་ཏིག་དཀར་པོ།
Next Post: གསུམ་བཅུའི་དུས་དྲན་ལ་ཕུལ་བའི་ཀ་བཤད།

Comments (2) on “གཞུང་ཆེན་རིགས་གཅིག་རྐང་འཛིན་ཆེད་སྐོང་ཚོགས་གནང་བ།”

  1. ཇུས་ཏོག says:
    2015-03-09 at 2:25 am

    གཞུང་ཆེན་རིག་གཅིག་མཁས་པའི་ཚོགས་ཆེན་ལ་མི་བཅུ་ལས་འཛོམས་མེད་ན་

    ག་འདྲ་རེད་།

    དངོས་གནས་བྱས་ན་དེ་ལས་མང་བ་འཛོམས་ནས་གྲོས་ཆོད་ལུང་པ་གང་བཞག་

    ནས་ལག་ལེན་བལྟར་རྒྱུ་མེད་པའི་རོགས་དངུལ་མང་ཙམ་བཟོ་ཐུབ་ན་འགྲིགས་

    པ་རེད་དོ་།

    གཞུང་ཆེན་ཕར་བཞག་ཕྱོ་ག་་ཕྱག་ལེན་ཆ་ཚང་བ་ཞིག་ཨ་ཡོད་།

  2. གཅན བཟོད་རྒྱམ། says:
    2015-03-09 at 12:20 pm

    “ང་ཚོའི་ཆོས་བརྒྱུད་ཁག་ལ་དགེ་བཤེས་ལྷ་རམས་པ་དང་། མཁན་པོ་དང་སློབ་དཔོན་ཟེར་བ་སོགས་ཀྱི་ཐ་སྙད་འདྲ་མིན་ཡོད། ང་ཚོས་དགེ་བཤེས་ལྷ་རམས་པ་དང་འབུམ་རམས་པ་ (Phd) གཅིག་མཚུངས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ངས་དེ་འདྲ་མ་རེད་བསམ་གྱི་འདུག ངས་ད་ལྟ་ང་ཚོས་གནང་བཞིན་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་འདི་འབུམ་རམས་པ་རེད་བསམ་གྱི་འདུག”
    ཟེར།

    “ང་ཚོས་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་མཁན་དག་དཔལ་ན་ལེནྡྲའི་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་བུ་ལྟར། འཛམ་གླིང་འདིའི་སྟེང་གཙུག་ཏུ་བཀུར་འོས་ཀྱི་མཁས་པ་ཆགས་རྒྱུར་རེ་བ་དང་འབད་བརྩོན་ཞུ་བཞིན་ཡོད།” ཟེར།
    ད་གནང་རྒྱུ་མེད་པའི་གནང་རྒྱུ་རང་རེད། བཞུགས་གདན་ཡག་གནང་ན་མི་ལེགས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme