Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་བཞུགས་ཀྱི་སྤུན་ཟླ།

Posted on 2012-11-262012-11-26 By ཁ་བརྡ་ 7 Comments on གཞིས་བཞུགས་ཀྱི་སྤུན་ཟླ།

བསམ་གླིང་ཚེ་རིང་ལྷ་མོ།

སྣ་དྲི་ཞིམ་ངོམ་མེད་མཐའ་ཡས་ཀྱི་རྩ་ཐང་།།
རྟ་གྱི་ལིང་འགྲོས་ཀྱི་ངོམ་སོ་རང་བྱེད་ས།།
ད་གྱི་ལིང་རྟ་ཡི་བང་འགྲོས་དེ་ལེགས་ཀྱང་།།
ས་རྩུབ་མོ་རྫས་ཚོན་སྙིགས་རོ་དེར་བསུན་བྱུང་།།

དགུང་ཨ་སྔོན་ལྷ་ལམ་ཡངས་པོ་དེ་རིག་དུས།།
བྱ་ཐང་དཀར་གཤོག་རྩལ་ཨེ་ཡོད་རང་མ་བསམ།།
བྱ་ནམ་ཕང་གཅོད་པ་གཤིས་ལུགས་སུ་གྲུབ་ཀྱང་།།
མདའ་མེ་མདའི་ཁ་མ་ལྡིར་ནས་རང་བསྡད་འདུག །

མཚོ་ཆེ་ཆུང་དྭངས་མ་རླབས་རྒྱུན་གྱི་མཛེས་པོར།།
ཉ་གསེར་མིག་འཁྱུག་རྩལ་མེད་པ་རང་མིན་ལ།།
མཚོའི་རླབས་རྒྱུན་གཤག་པར་གསེར་མིག་དེ་འཇོན་ཀྱང་།།
རྣོ་ལྕགས་སྐྱུའི་ཕོ་ཉས་གཡས་གཡོན་ནས་བསྐོར་འདུག །

ནགས་རྒྱ་རྫོང་མུ་མེད་ལྗོན་པ་ཡིས་རྒྱན་པར།།
སྟག་དམར་ཡག་འུར་སྒྲ་ནགས་ལྗོངས་ཀྱི་རྒྱན་ཡིན།།
དོན་འུར་སྒྲ་ཉམས་པའི་རང་རྟགས་རང་མིན་ཀྱང་།།
ད་ནགས་ལྗོངས་རྔོན་པ་གདུག་པ་ཡིས་བསྐོར་འདུག །

མཐོ་གངས་དཀར་ལྷུན་སྟུག་ནམ་མཁའ་ཡི་ཀ་བ།།
མཛེས་གངས་སེང་གཡུ་རལ་ངོམ་པ་དེ་སྲོལ་ཡིན།།
དུས་དེང་སང་གཡུ་རལ་ཉམས་ཆག་རང་མེད་ཀྱང་།།
མཚོན་དུག་ཅན་རི་རྩེ་སྐོར་ནས་རང་བསྡད་འདུག །

དགུང་ཨ་སྔོན་མཐའ་ཡས་སྤྲིན་དཀར་གྱིས་རྒྱན་པ།།
འབྲུག་གཡུ་འབྲུག་སྔོན་མོའི་ཁྱིམ་གཞིས་དེ་དྲོན་མོ།།
འབྲུག་སྦྲང་ཆར་ཕབ་པའི་རྩལ་དགུ་དེ་འཛོམས་ཀྱང་།།
དགྲའི་མེ་སྒྱོགས་གྲལ་སྟར་ནམ་མཁའ་ལ་གཏད་འདུག །

རི་སྤང་རི་རྫ་རི་བྲག་རི་ཡི་སྟེང་དུ།།
འབྲོང་རྔམས་བརྗིད་ངོམ་སའི་གནས་མཆོག་དེ་ཡིན་ཀྱང་།།
བོད་སྟོད་སྨད་བར་གསུམ་ཕ་ས་དེ་ཕྱུག་མོར།།
ཁོ་སྤྱང་ལྟོགས་དམར་པོས་རི་ཀླུང་དེ་ཁེངས་འདུག །

བོད་སྤུར་རྒྱལ་བཙན་པོའི་གདུང་རྒྱུད་ཀྱི་སྤུན་ཟླ།།
༸ཁོང་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དེ་དྲན་ཀྱང་།།
རང་སེམས་ཁོངས་འདོད་འདུན་བཏོན་ཡུལ་དེས་དབེན་པས།།
མཚོན་ངར་མ་སྐྱེངས་པའི་མེ་དཔུང་དུ་གྱུར་སོང་།།

སྙན་ངག

Post navigation

Previous Post: ཁ་སང་ཚེས་ ༢༥ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།
Next Post: དཔའ་མོ་ལྕགས་མོ་སྐྱིད་ཀྱི་ཁ་ཆེམས་ཡི་གེ།

Comments (7) on “གཞིས་བཞུགས་ཀྱི་སྤུན་ཟླ།”

  1. གསེར་སེར་པོ། says:
    2012-11-26 at 12:20 pm

    ཐང་བདེ་མོ་ཡོད་ས་ཕ་ཡུལ་རེད། །
    ཟས་ཞིབ་པོ་ཡོད་ས་ཕ་ཡུལ་རེད།
    མི་མཁས་པ་ཡོད་་ས་ཕ་ཡུལ་རེད། །
    བུ་དཔའ་བོ་ཡོད་ས་ཕ་ཡུལ་རད། །

  2. ཀརྡོ་གཉེར་ཕྱག་པ་ says:
    2012-11-26 at 12:37 pm

    བོད་སྤུར་རྒྱལ་བཙན་པོའི་གདུང་རྒྱུད་དུ་འཁྲུངས་སར། །
    ༸ཁོང་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དེ་འཁྲུངས་ཀྱང་། །
    ༸ཁོང་ས་ཡ་དྲུག་གི་འདོད་འདུན་ལྟར་ཕེབས་སར། །
    རྒྱ་དམར་གཞུང་ཁོ་ཡིས་མཆེ་གཙིགས་ནས་བསྡད་འདུག །

  3. བསྟན་འོད says:
    2012-11-26 at 9:45 pm

    རི་ཁ་བ་རི་བའི་སྐྱེ་འགྲོ་ཡི་ཚོགས་རྣམས་།
    མགོན་བསྟན་འཛིན་རྒྱ་མཚོ་སྙིང་དབུས་ནས་དྲན་མོད་།
    ཤར་ཙི་ནའི་གཡོ་རྒྱུ་ཧམ་སེམས་དེས་མནར་ནས་།
    ལུས་རང་ལ་མི་དབང་སེམས་པ་དེ་སྐྱོ་སོངས་།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-11-27 at 1:02 am

    བོད་ཡུལ་དུ།
    ལོ་ངོ་དྲུག་ཅུ་བརྒལ་བར། །
    དམར་པོས་གདུག་རྩུབ་མྱངས་ཡོད། །
    བཙན་བྱོལ་དུ།
    ལོ་ངོ་ང་བཅུ་བརྒལ་བར། །
    བཙན་པོས་མི་ཡུལ་སྤྱུགས་བྱུང་། །

  5. རེབ་སྐྱིད་མཚོ says:
    2012-11-27 at 7:58 am

    དེ་རིང་སྙན་ངག་དེ་སྙན་མོ་འདྲ་ཟིག་འདུག་གང་ཞེ་ན་བརྗོད་བྱའི་དོན་ཡང་དག་པ་ལྟ་བུ་
    མཐོང་སོང།

  6. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-11-27 at 8:11 am

    དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཕེབས་བསུ་ཞུ་བ་དང་།
    རེབ་སྐྱིད་མིང་ཅན་ལགས་སུ་ང་གང་དྲན་གང་འདོད་ཚིག་བཅད་དང་ཚིག་ལྷུག་གང་འདོད་དུ་བཀོལ་ནས་བྲི་བཞིན་ཡོད། ཀློག་པ་པོ་ཚོས་ལྗགས་ཀློག་གནང་བ་ཙམ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། སྙན་ངག་དང་སྙན་རྩོམ་ལ་བརྩི་དང་མ་བརྩི་དེ་ཙམ་ཁྱད་པར་མེད། ངའི་ལྟ་བ་གཙོ་བོ་དེ་དོན་མེད་སྐྱེ་བོ་སུ་ལ་ཡང་སྐྱུར་གོང་བཤད་འདོད་མེད་པ་དེ་ཡིན་ལགས་སོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-11-28 at 2:34 am

    རང་རིགས་ཀྱིས།
    རང་རིགས་གཞིས་བཞུགས་སྤུན་ཟ་ཚོས། །
    རང་ཚེ་རིང་པོ་ཐུང་དུ་བཏང་། །
    རང་སྲོག་རྩ་ཆེན་སྤྱི་ལ་ཕུལ། །
    རང་ལུས་གཅེས་སྐྱང་མེ་ལ་བསྲེགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme