Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2022-01-16 By ཁ་བརྡ No Comments on གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་ལོ་ ༡༩༥༩  ལོར་རྒྱ་མིའི་བོད་ལ་བཙན་འཛུལ་གྱིས་༸གོང་ས་མཆོག་གི་དབུ་འཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་། བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་༸གོང་ས་མཆོག་གི་ཕེབས་རྗེས་སུ་འབྱོར་ནས་མ་འོངས་བོད་གསར་པའི་འཛུགས་བསྐྲུན་གྱི་ལས་གཞི་དང་པོ་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་དེང་རབས་རྒྱལ་སྤྱིའི་ཆབ་སྲིད་ལམ་ལུགས་དང་མཐུན་པའི་མང་གཙོ་ཅན་དུ་བསྒྱུར་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་འགན་འཁུར་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་མི་སྣ་ལས་སྒྲུབ་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་བསྐོ་བཞག་དང་འབྲེལ་བོད་དོན་བདེན་མཐའ་སེལ་སླད་བཙན་བྱོལ་གཞུང་གསར་འཛུགས་ཀྱིས་བཙན་བྱོལ་བོད་མིའི་འཚོ་བའི་མདུན་ལམ་ཆེད་བཟོ་གཞིས་ཁག་གསར་འཛུགས་དང་འབྲེལ་སློབ་གྲ་དང་།

ཆོས་སྒར་ཁག  རྒན་གསོ་ཁང་སོགས་གང་ལ་ཅི་དགོས་ཀྱི་སྒྲིག་འཛུགས་གསར་འཛུགས་འོག་བཙན་བྱོལ་བོད་མིའི་འཚོ་བའི་མདུན་ལམ་ལ་ཚད་མཐོའི་བཀོད་སྒྲིག་གིས་སོ་ནམ་གཞིས་ཆགས་ཁག་བསྲ་བརྟན་དང་། རྒྱུན་གནས་ཐུབ་པའི་ཆེད་གནས་ཡུལ་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མངའ་སྡེ་སོ་སོའི་ཁྲིམས་ལུགས་འོག་དེབ་སྐྱེལ་ཞུས་ཏེ་མི་མང་མཉམ་འབྲེལ་བཙུགས་ནས་ས་གནས་གཞིས་མི་རང་ལོ་བཅོ་བརྒྱད་ཡན་དེའི་ཚོགས་མི་མ་ཤེར་བདག་པོ་ཆགས་ནས་མཉམ་འབྲེལ་གྱིས་ལས་དོན་ཚགས་ཚུད་དང་ལས་དོན་བཀོད་སྒྲིག་བཏང་འཛིན་གནང་མཁན་མཉམ་འབྲེལ་བལྟ་རྟོགས་ཚོགས་མི་འམ་མཉམ་འབྲེལ་འཐུས་མི་ཤེར་བདག་མང་ཚོགས་ནས་འོས་བསྡུའི་ལམ་ནས་བསྐོ་བཞག་དགོས་པ་དང་། འགན་འཛིན་ལྷན་ཚོགས་  (  Board of Directors )  རང་ཁུངས་ནས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་དགོས་པ་དང་།   མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལམ་སྟོན་འོག་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གྱི་འགན་འཁུར་འོག་མཉམ་འབྲེལ་གྱི་ལས་བྱེད་རྣམས་ནས་ཉིན་རེ་ཉིན་རེའི་སོ་སོའི་ལས་དོན་སྒྲུབ་དགོས་པའི་ལམ་ལུགས་སམ་ཁྲིམས་སྒྲིག་ལྟར་འགྲོ་དགོས་པ་དང་།  ས་གནས་མི་མང་གིས་འཚོ་བའི་ལས་གཞི་དང་འབྲེལ་བའི་དགོས་མཁོ་ཁག་མཉམ་འབྲེལ་ནས་མཁོ་སྒྲུབ་གནང་དགོས་པ་དང་མི་མང་ནས་མཉམ་འབྲེལ་གྱིས་མཁོ་སྒྲུབ་ཟིན་པའི་དངོས་ཟོག་རྣམས་དུས་ཐོག་བེད་སྤྱོད་གནང་དགོས་པ་དང་།    ས་ཞིང་འདེབས་ལས་འཁྲུལ་རྨོས་དུས་ཐོག་ཚར་དགོས་པ་དང་སོན་དང་ལུད་དུས་ཐོག་བགོ་སྤྲོད་དགོས་པ་དང་གཞིས་མིའི་སྟོན་འབྲས་ཨ་ཤོམ་སྒེར་གྱི་ཚོང་པ་ཁག་ལ་ཕམ་ཚོང་མ་ཤོར་ཆེད་ས་གནས་མཉམ་འབྲེལ་ནས་དུས་ཐོག་ཉོ་ཚོང་མཐུན་བསྒྱུར་གནང་དགོས་པ་སོགས་མཉམ་འབྲེལ་ནས་ས་གནས་གཞིས་མིའི་འཚོ་བའི་ལས་གཞི་ཁག་ལ་འགན་འཁུར་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་དགོས་པ་ནི་གལ་ཆེན་དོན་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་།   གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་དགོས་ན་གཞིས་མི་ཁྱིམ་ཚང་སོ་སོའི་ས་ཞིང་འདེབས་ལས་བྱ་དགོས་པ་ལས་ས་ཞིང་སྟོང་པ་བཞག་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་ཐ་སྙད་དེ་ཁ་སྒྲུང་ཙམ་ལས་དོན་དངོས་ལག་ལེན་དུ་ནམ་ཡང་འཁེལ་མི་ཐུབ་པ་དང་།    དབུས་བོད་མིའི་སྒྲིག་འཛུགས་དབུས་ས་གཉིས་ནས་ས་ཞིང་འདེབས་ལས་མ་བྱས་པར་ས་སྟོང་དུ་འཕྲོ་ཅན་དུ་བཞག་པ་འདི་དག་ལ་ལམ་སྟོན་བཀོད་ཁྱབ་ནན་པོ་གནང་མ་ཐུབ་ཚེ་གཞིས་ཆགས་ནང་ས་ཞིང་འདེབས་ལས་བྱེད་མཁན་དེ་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་ཕྱིན་ནས་ནམ་ཞིག་གཞིས་ཆགས་ཁག་རྒན་གསོ་ཁང་མི་ཆགས་པའི་ངེས་པ་མེད་ན་དབུས་བོད་མི་སྒྲིག་འཛུགས་དབུས་ས་གཉིས་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་གཞིས་མིའི་དགོས་མཁོ་རྣམས་མཁོ་སྒྲུབ་དང་ཁྱིམ་ཚང་སོོ་སོར་ཡོང་འབབ་ཅན་གྱི་ལས་གཞི་གསར་གཏོད་སྤེལ་ནས་ན་གཞོན་ཚོ་གཞིས་ཆགས་ནང་རྒྱུན་གནས་ཐུབ་པའི་འཁོར་ཡུག་བསྐྲུན་དགོས་པ་དང་།  ས་ཞིང་འདེབས་ལས་མ་ཐུབ་པའི་ཞིང་ས་སྟོང་པ་བཞག་མཁན་གྱི་ས་ཞིང་ཕྱི་བསྡུ་གནང་ནས་ས་ཞིང་མེད་མཁན་ཚོར་སྤྲོད་དགོས་པ་དང་ཁང་པ་རང་འཇགས་བཞག་ནས་ཁང་གླའི་དོད་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་ལ་འབུལ་དགོས་པའི་ཁྲིམས་སྒྲིག་ས་ཁང་གི་སྒྲིག་གཞི་ལ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བསྐྱར་བཅོས་གནང་ནས་གཏན་འབེབས་གནང་དགོས་པ་ནི་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཐབས་ལམ་བཟང་ཤོས་དེ་ཡིན་པ་དང་།  སློབ་གྲ་དང་རྒན་གསོ་ཁང་སོགས་ཟླ་སྒྲིལ་ཐུབ་ན་ཡང་གཞིས་ཆགས་ཟླ་སྒྲིལ་གཏོང་རྒྱུ་དེ་ལས་སླ་པོ་ཞིག་ཡིན་པ་ནམ་ཡང་ངོས་འཛིན་ཞུ་དཀའ་བ་ནི་གཞིས་མི་ཚོའི་གཞིས་ཆགས་ནང་ལོ་མང་རིང་དཀའ་ལས་རྒྱབ་ནས་སོ་སོའི་སྒོ་རའི་ནང་ཁང་པ་གསར་རྒྱག་དང་འབྲེལ་བའི་འཛུགས་བསྐྲུན་གྱི་ལས་གཞི་མང་པོ་སྤེལ་ཡོད་པ་དེ་དག་བཞག་ནས་གཞིས་ཆགས་གཞན་ལ་འགྲོ་རྒྱུ་དེ་ཁག་པོ་ཆགས་སྲིད་པ་དང་།   ཁྱིམ་ཚང་གཅིག་གི་ནང་མི་གཅིག་ལས་མེད་ན་ཡང་ས་ཞིང་འདེབས་ལས་གནང་གི་ཡོད་ཚེ་ས་ཁང་རང་འཇགས་བཞག་ནས་ས་གླ་དང་ཁང་གླའི་དོད་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པའི་ལམ་ལུགས་མ་བཟོས་པར་ནང་མི་གཅིག་ཕྱི་ལ་ཕྱིན་ན་ས་ཁང་བསྡུ་ཀྱང་དང་ནང་མི་གཉིས་ཕྱི་ལ་ཕྱིན་ན་ས་ཁང་བསྡུ་ཀྱང་བྱ་རྒྱུའི་ལམ་ལུགས་འདིའི་ནམ་ཞིག་གཞིས་ཆགས་སྟོང་པ་མི་ཆགས་པའི་ངེས་པ་མེད་ན་ད་ལྟ་ནས་འབྲེལ་ཡོད་ནང་སྲིད་ལྷན་ཁང་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལས་གཞིའི་ཐོག་འཆར་འགོད་ཁྱད་མཁས་མི་སྣའི་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཉམས་ཞིབ་གནང་མ་ཐུབ་ཚེ་ནམ་ཞིག་ནམ་མ་ལངས་གོང་དུ་ས་གསལ་ཟེར་བའི་དུས་ཚོད་ཤར་མི་སྲིད་པ་མིན་ན་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལས་འཆར་ཁག་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཐུབ་པའི་ཀུན་སློང་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ་།

གཞུང་པས་།  ༢༠༢༢ / ༠༡ / ༡༥

བསམ་ཚུལ།

Post navigation

Previous Post: མཚལ་ཕྱུ་མ།
Next Post: ཏོག་དབྱིབས་ནད་ཁང་གཙང་བཟོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme