Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞི་རྒྱ་ཆེ་བའི་བསྔོ་སྨོན་ཆོས་སྦྱིན་མཛད་པ།

Posted on 2014-08-102014-08-10 By ཁ་བརྡ་ 7 Comments on གཞི་རྒྱ་ཆེ་བའི་བསྔོ་སྨོན་ཆོས་སྦྱིན་མཛད་པ།

གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།

unnamed-2

སྤྱི་ལོ་༢༠༡༤ ཟླ་༨ ཚེས་༨ དགུང་མོ་ཐའེ་ཝན་གྱི་གནོད་ཐེབས་ས་ཁུལ་དུ་བོད་བརྒྱུད་དགེ་འདུན་པས་གཞི་རྒྱ་ཆེ་བའི་བསྔོ་སྨོན་ཆོས་སྦྱིན་མཛད་པ།

དེ་ཡང་ཟླ་འདིའི་ཚེས་གཅིག་གི་ཉིན་ཐའེ་ཝན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཀའོ་བཤོང་དུ་གཏོར་ནུས་ཧ་ཅང་ཆེ་བའི་རླངས་རྫས་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་ཅིང་། ལས་རིགས་སོ་སོའི་མི་མང་གིས་ཀྱང་རྐྱེན་ངན་འདིར་དུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མང་པོ་སྤེལ་བཞིན་ཡོད། ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་ཀྱང་སྔ་ཕྱིར་ཡུལ་དངོས་རང་དུ་ཕེབས་ནས་སྨོན་ལམ་མཆོད་འབུལ་ཤིན་ཏུ་ཟབ་རྒྱས་གནང་།
དེ་ཡང་སྤྱི་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་ལས་འགུལ་གོ་སྒྲིག་ཚོགས་པའི་འགར་ཁུར་མི་སྣ་དང་། རང་གཞུང་དོན་གཅོད་ཀྱི་སྐུ་ཚབ་བཅས་ཀྱི་དབུས་པའི་མཁན་སྤྲུལ་དགེ་བཤེས་དང་། དགེ་འདུན་པ་ཁག་ཅིག་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་ཐེབས་མི་མང་ལ་ཐུག་འཕྲད་དང་། དུར་མཆོད་ཁང་དུ་ཆེད་བསྐྱོད་ཀྱིས་གཤིན་པོ་དག་ལ་བསྔོ་སྨོན་བཅས་གནང་བར་མ་ཟད། རྒྱལ་ཡོངས་བརྙན་འཕྲིན་ཁག་ལ་ཐུག་འཕྲད་ཀྱིས་༧གོང་ས་མཆོག་གིས་གོད་ཆག་འདིར་ཐུགས་ཕམ་ཆེན་པོ་བྱུང་བ་དང་། ཐུགས་སྨོན་མཚམས་སྦྱོར་གནང་བཞིན་ཡོད་པའི་འཚམས་འདྲིའི་བཀའ་གསུང་(སྐབས་འདིར་གསུང་འཕྲིན་དངོས་སུ་འབྱོར་མེད་)བརྒྱུད་བསྒྲགས།unnamed-3
ཁྱད་པར་ཚེས་བརྒྱད་དགུང་མོ་ཐའེ་ཝན་རྒྱལ་ཡོངས་ཀྱི་བོད་བརྒྱུད་དགེ་འདུན་པ་སྤྱིས་གཞི་རྒྱ་ཆེ་བའི་གདུང་སེམས་མཉམ་བསྐྱེད་མཚོན་པའི་སྨོན་ལམ་ཞིག་ས་ཆ་དེ་ཀ་རང་དུ་འཚོགས་རྒྱུ་ཡིན་པའི་གསར་འགོད་གསར་བསྒྲགས་བཅས་བྱས་པར་ཐའེ་ཝན་རྒྱལ་ཡོངས་གསར་ལམ་ཆེ་ཁག་ཡོངས་རྫོགས་ཀྱིས་དོ་སྣང་ཤུགས་ཆེན་བྱུང་།

ཁྱད་པར། ཐའེ་ཝན་རྒྱལ་ཡོངས་ཀྱི་བོད་བརྒྱུད་དགེ་འདུན་པ་ཡོངས་ནས་དམིགས་བསལ་གྱིས་ཐུགས་ཁུར་ཆེན་པོ་གནང་ཞིང་། མང་ཆེ་བས་སྒེར་གྱི་མཛད་རིམ་གང་ཡོད་མཚམས་བཞག་སྟེ་ཆེད་ཕེབས་གནང་བར་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཐའེ་ཝན་དུ་མཛད་འཕྲིན་སྐྱོང་བཞིན་པའི་དཔལ་ས་སྐྱའི་༧སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་དབུ་བཞུགས་བཀའ་དྲིན་སྐྱོང་གནང་མཛད།
དེ་ཡང་ཚེས་བརྒྱད་ཀྱི་དགུང་མོ་ཆུ་ཚོད་བདུན་པ་ནས་དགེ་འདུན་པ་དང་མི་མང་གྲལ་དུ་འཁོད་པ་དང་། ༧སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་མཆོག་གིས་འབྲེལ་ཡོད་བརྙན་འཕྲིན་ཁག་གཉིས་ཀྱི་བཅར་འདྲི་དང་ལེན་གནང་རྗེས་མཁན་སྤྲུལ་དགེ་བཤེས་རྣམ་པའི་ཕེབས་གསུའི་ཁྲོད་ཚོགས་ཡུལ་དངོས་སུ་ཞབས་སོར་འཁོད།

unnamed-4དེ་རྗེས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་དབུ་འཛིན་མཆོག་ནས་ཐོག་མར་འཚམས་འདྲི་དང་འབྲེལ་རྒྱ་གར་དང་བོད་ཡུལ་གྱི་དགོན་སྡེ་ཆེ་ཁག་དག་གིས་སྐབས་འདིའི་དོན་རྐྱེན་དང་འབྲེལ་བའི་སྐྱབས་འཇུག་ཇི་ལྟར་གནང་ཡོད་པའི་གསལ་བཤད་དང་འབྲེལ་ཡོད་ལ་ཐུགས་རྗེ་ཆེ་ཞུ་སོགས་ཀྱི་གསུང་བཤད་གྲུབ་རྗེས། ཀའོ་བཤོང་ཁྲ་འགུ་རིན་པོ་ཆེའི་ཆོས་ཚོགས་ཀྱི་ཚོགས་གཙོ་ནས་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ཁྲ་འགུ་རིན་པོ་ཆེ་གཉིས་ཀྱི་མགྲིན་ཚབ་པའི་མཚན་ཐོག་ནས་གནོད་ཐེབས་མི་མང་ལ་འཚམས་འདྲི་དང་། ཁྱད་པར་༧སྐྱབས་རྗེ་སི་ཏུ་རིན་པོ་ཆེས་ཀའོ་བཤོང་གནོད་ཐེབས་མི་མང་ལ་ཆེད་བསྩལ་གནང་བའི་གསུང་འཕྲིན་སྒྲོག་སྦྱང་ཞུས།

དེ་རྗེས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་ནས་ཐེངས་འདིའི་འདུ་འཛོམས་ཀྱི་དགོས་དམིགས་དང་འབྲེལ་བའི་གཏམ་བཤད་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་གནོད་ཐེབས་མི་མང་ལ་གནང་བའི་བཀའ་ཕྲིན་རིན་པོ་ཆེ་སྒྲོག་སྦྱང་གྲུབ་རྗེས། ༧སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་མཆོག་གིས་དབྱིན་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས། གནོད་ཐེབས་མི་མང་ལ་སེམས་གསོའི་འཚམས་འདྲི་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་བསྐྱངས་མཐར། དགེ་འདུན་པ་དང་མི་མང་གིས་བསྔོ་སྨོན་མཆོད་འབུལ་གྱི་ལས་རིམ་དངོས་སུ་དབུ་འཛུགས་ཞུས།
དེ་ནས་ཆུ་ཚོད་བརྒྱད་དང་སྐར་མ་བརྒྱད་ཀྱི་ཐོག་ནས་དབུ་འཛུགས་ཀྱིས་སྐར་མ་གསུམ་གྱི་རིང་ངག་བསྡམས་གུས་འདུད་ཀྱི་རྣམ་པའི་ཐོག་ནས་བྱམས་བརྩེའི་དམིགས་རྣམ་སྐྱོང་བའི་སེམས་ཀྱི་ཉམས་ལེན་གྱི་དམིགས་པ་བསྐྱངས། མཐར་ཆུ་ཚོད་དགུ་པའི་ཐོག་རྒྱལ་ཁའི་ངང་ནས་ཐེངས་འདིའི་ལས་རིམ་ཡོངས་སུ་མཇུག་དྲིལ།unnamed-5

ཚོགས་པ་འདིར། ཁྱོན་ཐའེ་ཝན་གྱི་ལྷོ་བྱང་ས་ཁུལ་ཁག་ནས་དགེ་འདུན་པ་ཞལ་གྲངས་ཉིས་བརྒྱ་ལ་ཉེ་བ་ཕེབས་ཤིང་། འདི་ནི་༧གོང་ས་མཆོག་ཕེབས་སྐབས་ལས་གཞན་དུ་ཐའེ་ཝན་དུ་བོད་བརྒྱུད་དགེ་འདུན་པ་མཉམ་ཞུགས་གནང་བ་ཆེས་མང་ཤོས་ཆགས་ཡོད་པར་མ་ཟད། བོད་བརྒྱུད་ནང་པའི་དགེ་འདུན་པས་ས་གནས་འདིར་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཐོག་རང་འདུན་པའི་ངོ་བོ་ཁོ་ནས་འདུ་འཛོམས་གནང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་ཅེས་ས་ཆ་འདིར་བཞུགས་ནས་ལོ་ཉི་ཤུ་ལྷག་ཟིན་པ་དག་གིས་གཅིག་མཐུན་དུ་བཤད།
ད་དུང་གོ་སྒྲིག་ཚོགས་ཆུང་ནས་འབོད་སྐུལ་ཞུས་པ་བཞིན། དགེ་འདུན་པ་ཡོངས་ནས་ཕེབས་བཞུད་བཞུགས་གསུམ་གྱི་སྤྱོད་ལམ་སོགས་གང་ཅིར་ཧ་ཅང་སྒྲིག་འཛུགས་ཡོད་པ་དང་། ཀུན་གྱིས་མིག་དཔེར་འོས་པ་ཞིག་བྱུང་ཡོད།

དེ་བཞིན་ཐའེ་སྡོད་བོད་རིགས་ཚོགས་པས་སྣེ་ཁྲིད་པའི་ས་གནས་བོད་རིགས་གང་མང་ཞིག་ཀྱང་ཆེད་ཕེབས་ཀྱིས་གྲ་སྒྲིག་གི་ལས་དོན་ལ་མཉམ་ཞུགས་གནང་ཡོད་ཅིང་། འདི་ཡང་གཞུང་འབྲེལ་མ་ཡིན་པ་དང་དགེ་འདུན་པས་སྣེ་ཁྲིད་པའི་ལས་འགུལ་ཞིག་ལ་ས་གནས་བོད་མིས་རྩ་འཛུགས་ཡོད་པའི་ཐོག་ནས་དངོས་སུ་མཉམ་ཞུགས་གནང་བ་ཐོག་མ་ལྟ་བུ་ཞིག་ཆགས་ཡོད། དེ་མིན་ཉིས་སྟོང་དགུའི་ལོ་༧གོང་ས་མཆོག་ཕེབས་སའི་སྐབས་དེའི་རང་བྱུང་གནོད་འཚེའི་གོད་ཆག་ཕོག་ཡུལ་གྱི་གཉུག་གནས་མི་རིགས་ཁག་ཅིག་ཀྱང་ཆེད་གཏད་ཀྱིས་ཚོགས་པ་འདིར་མཉམ་ཞུགས་གནང་ཡོད། དེ་བཞིན་མི་མང་ཡང་ཧ་ཙང་མང་པོམཉམ་ཞུགས་གནང་སོང་།

unnamed-6མདོར་ན། སྐབས་འདིའི་ལས་འགུལ་ལ། གྲུབ་མཐའི་ཆ་ནས། ས་དགེ་བཀའ་རྙིང་རིས་མེད་དང་། ས་བབས་ཀྱི་ཆ་ནས། ལྷོ་བྱང་དབུས་གསུམ་གྱི་གྲོང་ཁྱེར་ཁག་ཡོངས་རྫོགས་སུ་བཞུགས་པ། ཡོང་ཁོངས་ཀྱི་ཆ་ནས། བོད་དང་རྒྱ་གར། འབྲུག བལ་ཡུལ་སོགས་ཀྱི་དགེ་འདུན་པ། སྡེ་ཚན་གྱི་ཆ་ནས། ཆོས་ཕྱོགས་ཀྱི་དགེ་འདུན་པ་དང་། ས་གནས་ཐའེ་ཝན་མི་མང་། ས་གནས་བོད་རིགས་བཅས་ཡོངས་རྫོགས་མཉམ་བཞུགས་གནང་བའི་ལོ་རྒྱུས་དོན་སྙིང་ལྡན་པའི་འདུ་འཛོམས་ཤིག་ཆགས་ཡོད་པར་མ་ཟད། མཐུན་སྒྲིལ་དང་མཉམ་ལས་ཀྱི་ནུས་ཤུགས་ལ་ཡིད་ཆེད་སྦྱིན་ཞིང་། འབྱུང་འགྱུར་ལ་རེ་བ་གསར་པ་སྐྲུན་བྱེད་ཀྱི་འདུ་འཛོམས་ཤིག་ཀྱང་བྱུང་སོང་སྙམ་པའི་ཚོར་སྣང་མི་མང་པོར་བྱུང་འདུག་ལ། ས་གནས་མི་མང་གཙོ་བོར་གྱུར་པའི་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་སློབ་མ་དང་སྤྱིར་བཏང་གི་མི་མང་པོ་ཞིག་ལ་ཡང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་དང་། བོད་ཕྱི་ནང་དང་ཐའེ་ཝན་གྱི་དྲ་དམངས་དག་གིས་ཀྱང་བསྔགས་བརྗོད་ཆེན་པོ་གནང་ཡོད།

སྐབས་འདིའི་ལས་འགུལ་སྣེ་ཁྲིད་གོ་སྒྲིག་པ་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་མཐུན་ཚོགས་པ་མཉམ་འབྲེལ་གྱིས་ཐོག་ནས་བྱས་ཤིང་། ཁྲ་འགུ་རིན་པོ་ཆེའི་ཆོས་ཚོགས་ཀྱིས་མཚོན་པའི་ཀའོ་བཤོང་དང་དེ་མིན་ས་གནས་གཞན་གྱི་ཆོས་ཚོགས་ཁག་གིས་རོགས་སྒྲུབ་བཅས། མདོར་ན་ཐའེ་བཞུགས་དགེ་འདུན་པ་ཡོངས་ཀྱིས་བསམ་བློ་དང་ནུས་པ་གཅིག་ཏུ་དྲིལ་ནས་མཉམ་ཞུགས་གནང་བའི་གྲུབ་དོན་ཡིན།

ལས་འགུལ་གོ་སྒྲིག་པ་དང་མཉམ་ཞུགས་གནང་མཁན་ཐུན་མོང་གི་ངོས་ནས་ཀྱང་། ང་ཚོ་སྤྱི་ཚོགས་ཀྱི་ཆ་ཤས་སུ་སྡོད་པའི་རིང་། སྤྱི་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་ཀ་བྱ་རྒྱུ་ནི་ཀུན་སྤྱོད་ཀྱི་ངོས་ནས་རང་འཁྲིའི་ལས་འགན་ཡིན་པ་དང་།
ཆོས་ཕྱོགས་ནས་བཤད་ན། བོད་བརྒྱུད་དགེ་འདུན་པ་དག་གིས་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་རྒྱུ་ནི་དགེ་འདུན་པས་དར་སྤེལ་བྱེད་པའི་བསམ་བློའི་རིག་གནས་འདི་སྤྱི་ཚོགས་འདིས་མུ་མཐུད་དང་ལེན་བྱེད་མིན་དང་འབྲེལ་བའི་རྩ་གནད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཡང་སྤྲུལ་མྱུར་བྱོན་གསོལ་འདེབས་སྒྱུ་འཕྲུལ་ཆོས་དུང་དཀར་པོའི་སྒྲ་དབྱངས།
Next Post: སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་ཐོག་གསུང་བཤད་གནང་བ།

Comments (7) on “གཞི་རྒྱ་ཆེ་བའི་བསྔོ་སྨོན་ཆོས་སྦྱིན་མཛད་པ།”

  1. གངས་སྤྲེལ་ཚ། says:
    2014-08-11 at 10:13 am

    གོ་སྐབས་བཟང་འདུག་ག་་་་

  2. སྙེ་ལྷའི་ཐུགས་སྲས། says:
    2014-08-11 at 12:05 pm

    ལེགས་སོ་ཕུལ་རྒྱུ་དང་། ཡི་རངས་ཀྱིས་མངིན་པར་བསྟོད་དོ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-08-11 at 10:25 pm

    བཙུན་པ་རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་བྲིས་པའི་རྫས་འབར་གས་ཀྱིས་རྐྱེན་ངན་བྱུང་བའི་གནས་ཚུལ་བཀླགས། དེ་ཡིས་འདས་གྲོངས་དང་་། ལུས་སྣད་པ་ཡོངས་ལ་བོད་ཀྱི་དགེ་འདུན་ཚོགས་པས་བསྔོ་སྨོན་མཛད་པར་རྗེས་སུ་ཡི་རང་ཞུ། དེ་ཡང་རྒྱ་གར་དང་། བལ་ཡུལ་གྱི་རྗེས་བོད་ཀྱི་དགེ་འདུན་མང་ཤོས་ཐེ་ཝན་ཡིན་པ་ལྟ་བུར་མངོན། ཡུལ་དེར་ལ་དྭགས་ནས་འོངས་པའིབཙུན་མ་མང་ཙམ་ཡོད་པ་དེ་དག་རྒྱ་ལུགས་ཀྱི་བཙུན་མ་ཡིན་པས་འདུས་སྡེ་འདིར་ཡོད་དམ་མེད་ཆ་མ་རྟོགས། བོད་ཀྱི་གཏམ་དཔེར། རྐྱེན་ངན་གྲོགས་ཤར། ཞེས་པའི་དཔེ་ལྟར་མ་འོངས་པ་ན། ལེགས་ཚོགས་གོང་འཕེལ་འོང་བའི་ཡིད་ཆེས་སྨོན་ལམ་འདེབས།

    ་
    མིང་ཚིག་གཉིས་ཁོ་ནར་དཔྱད་པ་ཞུ་ཆོག་པ།

    དགུང་མོ། ཞེས་པ་དེ་ཉིན་དགུང་གི་དགུང་ཡིན་ནམ། ཡང་ན། ཉེ་དུས་དྲ་གྲོགས་གཅིག་གིས་བྲིས་པ་བཞིན། ཁམས་པས་མ་དག་པས་མང་པོ་འདོན། ཞེས་པ་ལྟར་དགོངས་མོ། ཞེས་སྒྲ་”དགུང་མོ།” ཞེས་གྱུར་པ་ཡིན་ནམ། ཞེས་དང་། “ཆེད་བསྩལ་གནང་བའི།” ཞེས་པའི། བསྩལ། ཞེས་པ་སྩོལ་བའི་འདས་ཚིག་ཏུ་བཀོད་པ་ནོར། བོད་རིག་གཞུང་དཔེ་དག་པ་ན། སྩོལ། སྩལ། སྩལ། སྩོལ། ཞེས་པ་མ་གཏོགས་མེད། དཔེ་རྙིང་དག་པ་རྣམས་ན་ཡོད་པ་བཞིན། དག་ཡིག་ངག་སྒྲོན་དུ་གསལ་བར་བཀོད་དོ།

  4. མེ་ཏོག་དཀར་པོ says:
    2014-08-12 at 1:14 am

    ཡིག་ལྐོག་དམར་པོའི་ཆར་པ།

  5. ཤར་པ་ says:
    2014-08-12 at 1:15 am

    ཡག་པོ་རེད་སྨོན་ལམ་གསུང་པ་ ། ཡིན་ནའང་བོད་ནང་ལ་གངས་ཅན་པ་ས་ཡ་དྲུག་གི་ཆེད་སྐུ་ལུས་རང་གསེགས་གནང་བ་ཚོའི་ཆེད་དུ་མཆོད་འབུལ་འདི་འདྲ གནང་ན་དགའ་བ་ལགས། རེས་དགའ་བོད་བླ་འི་སྙིང་རྗེ་ཆེན་པོ་དེ་རྒྱ་དངུལ
    ཡོད་ཚོ་་ལ་ཤུགས་དྲག་པ་འདྲ་པོ་འདུག་གམ། རྒྱ་མདུན་ལ་ང་བླ་མ་དང། ང སངས་རྒྱས་མང་བ་ལ།

  6. ཤར་པ་ says:
    2014-08-12 at 2:58 am

    ཕྱི་མིར་སྙིང་ཆེ་ལ་ནང་བོད་སྙིང་རྗེ་ཆུང་བ་ཨེ་བདེན་ནམ།

  7. ཆབ་མདོ་ངག་ཕུན། says:
    2014-08-14 at 9:49 am

    བསྔོ་སྨོན་གནང་བར་ཡི་རངས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme