Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞི་རིམ་མི་མང་གི་ཞུ་འབོད་ལས་འགུལ་དང་སྤྱི་འཐུས་གྲོས་ཚོགས་ཀྱིས་རྣམ་འགྱུར་ལ་དཔྱད་པའི་གཏམ།

Posted on 2023-10-032023-10-03 By ཁ་བརྡ་ No Comments on གཞི་རིམ་མི་མང་གི་ཞུ་འབོད་ལས་འགུལ་དང་སྤྱི་འཐུས་གྲོས་ཚོགས་ཀྱིས་རྣམ་འགྱུར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་དང་སྒྲིག་འགལ་འོག་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེའི་འཇུག་འབྲས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ཡ་རྒྱལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་བཅས་བསྐོ་མ་ཐུབ་པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ནས་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་ལས་དོན་གནང་རྒྱུར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་ཆ་ཚང་མེད་པ་ནས་བཙན་བྱོལ་སྤྱི་ཚོགས་ནང་ལས་དོན་མང་པོ་ཞིག་ལ་དོ་ཕོག་དང་མཐུད་ཤོར་འགྲོ་བཞིན་པ་ནས་འདིའི་འགན་ཆ་ཚང་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་བཅའ་ཁྲིམས་དོན་ཚན་སོ་དྲུག་ནས་ངོ་སྤྲད་པ་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས། ༽ ཅེས་གསལ་བ་ནས་མཁྱེན་ཐུབ་པ་དང་། གཞི་རིམ་མི་མང་གི་ཞུ་འབོད་ལས་འགུལ་གྱི་དགོས་འདུན་ཆེས་མཐོའི་ཁྲིམས་ཞིམ་ཁང་སླར་གསོ་གནང་རོགས་ཞུ་གི་འདུག་ན་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་སར་འཐུས་མི་བཅར་སྐབས་གཡས་ཟུར་གཡོན་ཟུར་བྱས་ནས་ཐུག་རྒྱུའི་གོ་སྐབས་མ་གནང་བ་དེ་ནི་དམངས་གཙོ་གཅིག་བསྡུད་ཀྱི་ལམ་ལུགས་ཙམ་ལས་མི་མང་མང་གཙོའི་ལམ་ལུགས་ཀྱི་རྣམ་འགྱུར་ཞིག་ག་ནས་ཡིན། མི་མང་ནས་སོ་སོའི་འཐུས་མི་ལ་བདེ་སྡུག་ཞུ་བར་ས་ཐག་འགྱངས་པོ་ནས་ཡོང་བ་ལ་ཁ་ལན་ངོས་ལེན་ཕར་བཞག་ཐུག་རྒྱུའི་གོ་སྐབས་མ་གནང་ནི་མི་མང་གིས་འཐུས་མིའི་ལྟ་སྤྱོད་ཀྱི་སྤུས་ཚད་ག་འདྲ་ཡོད་དེ་ནས་གསལ་པོ་བསྟན་པ་དང་། སྤྱི་འཐུས་ཁག་ཅིག་མི་མང་གི་ཞུ་འབོད་ལས་འགུལ་བ་ཚོ་ཐུག་ཏུ་ཕེབས་པ་ནི་མི་མང་གི་འཐུས་མིའི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་པ་ཙམ་གྱི་མི་མང་གི་འཐུས་མིའི་བཟང་སྤྱོད་ལ་འགན་འཁུར་བར་ངོས་འཛིན་ཞུ་གི་ཡོད། སྤྱི་འཐུས་ཁག་ཅིག་མ་ཕེབས་པ་ནས་མ་ཕེབས་པའི་སྤྱི་འཐུས་ཚོའི་ལྷག་བསམ་དང་ཀུན་སློང་ལ་ལྷད་མེད་ན་ཡང་སྤྱི་འཐུས་སྒེར་གྱིས་ལྟ་སྤྱོད་མི་མང་གི་མདུན་རྣམ་འགྱུར་གསལ་སྟོན་བྱས་པ་གསལ་པོ་ཆགས་པ་དང་། གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་གྲོས་ཆོད་བཞག་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་ཚོགས་ཆུང་གི་སྙན་མཐོ་རྗེས་ལོ་སྤྱི་ཟླ་གསུམ་པའི་གྲོོས་ཚོགས་སྟེང་འཇོག་རྒྱུའི་གསལ་བསྒྲགས་སྔོན་སོང་ལ་འགན་མ་འཁུར་ནས་མི་མང་མང་པོ་ས་ཐག་འགྱངས་པོ་ནས་རྡ་སར་འདུ་འཛོམས་གནང་བ་ནི་མི་རྒྱུ་གཉིས་ལ་ངལ་བའི་རྒྱུ་ལས་ཅང་མ་མཐོང་། ང་ཚོའི་ལས་ཀ་ག་འདྲ་ཞིག་བྱེད་ཀྱི་ཡོད་ཀྱང་ཕྱོགས་མང་པོ་ལ་དཔྱད་པ་བྱས་ནས་ལས་དགོས་པ་ལས་ཧར་ར་ཧུར་རེ་དང་ཚག་ག་ཚིག་གེ་དུས་ནམ་ཡང་བྱ་མི་ཉན་པ་ནི་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་དང་། གལ་ཆེ་ཤོས་དེ་མ་འོངས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམ་པ་དང་། ས་གནས་འཐུས་མི་བཅས་ཀྱི་དམ་འབུལ་བསྐོར་དེ་ཡིན་པ་ནས་ང་ཚོའི་དམ་འབུལ་དེ་ཡང་རྒྱལ་ཁབ་གཞན་ལ་མིག་བལྟ་བྱས་ནས་ལེགས་ཆ་བླང་ནས་ཆེས་མཐོའི་ཁྲིམས་ཞིབ་པའི་མདུན་དམ་འབུལ་ཞུ་རྒྱུའི་ལམ་ལུགས་དེ་ཡང་བསམ་ཞིབ་བརྒྱུད་ནས་བསྐྱར་བཅོས་ལ་ཁ་ཕྱོགས་མ་ཐུབ་ཚེ་ང་ཚོ་སླར་ཡང་རྗེས་ལུས་ནས་ཡང་ལུས་དུ་ལྷག་སྲིད་པ་ནས་སྙིགས་དོར་བཅུད་ལེན་བརྒྱུད་ནས་གསར་བརྗེ་ལ་ཁ་ཕྱོགས་དགོས་པ་དེ་དུས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་འགན་འཁུར་ནས་མི་མང་གི་མངོན་འདོད་སྒྲུབ་དགོས་པ་དེ་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཀྱིས་འཐུས་མིའི་ལས་འགན་ཞིག་ཡིན་པའི་ངོས་འཛིན་དང་བཅས་རེ་ཞིག་འདིར་འཇུག་བསྡུས་སོ། རྒྱ་གར་གྱི་མེས་སྤོ་དམ་པ་གྷན་རྡིས་འཁྲུངས་སྐར་ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ་པའོ། གཞུང་པས། ༢༠༢༣/༡༠/༠༢

 

རྩོམ་རིག, སྣ་ཚོགས།

Post navigation

Previous Post: བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།
Next Post: སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme