Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།

Posted on 2024-01-19 By ཁ་བརྡ་ No Comments on གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན།

དེ་རིང་ངས་གླེང་འདོད་པ་ནི་བོད་ཀྱི་ཉེ་རབས་གཞས་མ་གྲགས་ཅན་ཟླ་སྒྲོན་ལགས་ཡན་ཞིང་། ང་བཙན་བྱོལ་དུ་སླེབས་པ་དང་། སྐབས་དེ་དུས་ད་ལྟ་ནང་བཞིན་ཁ་པར་དར་མེད་པ་དང་། གཞས་རྣམས་སྒྲ་སྡུད་ཕབ་འཕྲུལ་བརྒྱུད་ནས་ཉན་དགོས་པ་ཞིག་རེད། སྐབས་དེར་ང་ལ་ལས་གླ་དེ་ཙམ་མེད་ནའང་ཨུ་ཚུགས་བརྒྱབ་ནས་དངུལ་བསགས་ནས་སྒྲ་སྡུད་ཕབ་འཕྲུལ་ཞིག་གསར་དུ་ཉོ་ཐུབ་པ་བྱུང་། དེ་ནས་ཟླ་སྒྲོན་ལགས་ཀྱི་བཏང་གནང་བའི་སྒྲ་ཐག་གཉིས་མེག་གྷན་ཁྲོམ་གཞུང་དུ་ཚོང་རྒྱུ་འདུག་པ་དང་། སྒྲ་ཐག་རེ་རེར་སྒོར་ལྔ་བཅུ་ཡིན་ནམ་ད་ལྟ་ཡག་པོ་ཟིག་དྲན་གྱི་མི་འདུག་ཅིང་། གང་ལྟར་སྒྲག་ཐག་ཉོས་ནས་དུས་ཚོད་ག་དུས་ཁོམ་ན་བོད་གཞས་དེ་དག་ཉན་བཞིན་ཡོད་པས། སེམས་ནང་སྤྲོ་སྣང་རེ་སྟེར་གྱི་ཡོད།

ཉིན་གཅིག་ཟླ་སྒྲོན་ལགས་དྷ་ས་འབྱོར་ཡོད་པ་གོ་བ་དང་། འགའ་ཤས་ཀྱིས་བརྗོད་ན་སྐབས་དེ་དུས་བོད་གཞུང་གི་ལས་བྱེད་དབྱར་སྐྱིད་ཡིན་ནམ་གང་ལྟར་བཀའ་ཤག་ཚོགས་ཁང་དུ་ཟླ་སྒྲོན་ལགས་ཀྱིས་བོད་གཞས་བཏང་བ་རེད་ཟེར་ནས་རྗེས་སུ་གོ་ཐོས་བྱུང་། དུས་དེ་ནས་བཟུང་སྟེ་ཟླ་སྒྲོན་ལགས་གོ་རྒྱུ་འཚོ་རྒྱུ་གང་ཡང་མི་འདུག་ཅིང་། ཟླ་སྒྲོན་ནི་གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་མཚོན་པའི་གཞས་མ་གྲངས་ཅན་ཞིག་ཡིན་ལ། གཞིས་ལུས་བོད་པའི་སྤྱི་ཚོགས་ནང་དུ་སྙན་གྲགས་ཆེ་ཞིང་། ཞིང་འབྲོག་མི་དམངས་ཀྱི་དགའ་མོས་ཆེན་པོ་ཡོད་མཁན་གྱི་བུད་མེད་གཞས་མ་གྲགས་ཅན་ཞིག་ཀྱང་ཡིན་པ་རེད།

བོད་མི་རིགས་གཞན་གྱི་བཙན་གནོན་འོག་ཏུ་དཀའ་སྡུག་དུ་མའི་འོག་ཏུ་གནས་དགོས་རུང་འཇིག་ཞུམ་མེད་པ་དང་། ཡིད་འོང་མཛེས་སྡུག་་གི་ལང་ཚོ་ལྡན་ཞིང། གདེངས་སྤོབས་ལྡན་པའི་ཐོག་ནས་གར་སྟེགས་ཐོག་ཏུ་བོད་ལ་གྱོན་ཞིང་བོད་གཞས་བཏང་ནས་མདོ་དབུས་ཁམས་གསུམ་གྱི་མང་ཚོགས་ལ་སྙིང་སྟོབས་དང་སྤོབས་པ་སྤྲོད་མཁན་གྱི་གཞས་མ་ཞིག་ཀྱང་ཡིན།

ལྷག་པར་ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་བ་རིན་པོ་ཆེ་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་སྐུ་སྲོག་ལ་མ་འཛེམས་པ་ལ་ལུང་དུ་མ་བརྒལ་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་དུ་ངོ་ཤེས་པ་ནི་གནམ་དང་ས་ལས་མེད་ནའང་གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་སྐྱོན་གནང་མཛད་དེ་རིམ་གྱིས་བཙན་བྱོལ་དབུས་སྒྲིག་འཛུགས་མ་ལག་དང་བཅས་པ་གསར་འཛུགས་མཛད་ཅིང་། འཛམ་གླིང་སྟེང་དུ་ཆབ་སྲིད་ཀྱི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་འགྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། བོད་མི་རིགས་འདི་ཉིད་སའི་གོ་ལའི་ཐོག་ཏུ་མ་ཡལ་བར་གསོན་པོར་གནས་ཐུབ་པ་བྱུང་ཡོད།

རྒྱ་གཞུང་གིས་བོད་མི་རིགས་དྲག་པོའི་ཁྲག་དྲི་ཁ་བའི་སྡེབ་གསོད་ཀྱི་ལས་འགུལ་དེའི་འོག་དམངས་གཙོའི་བཅོས་བསྒྱུར་དང་ས་ཞིང་བཅོས་བསྒྱུར་སོགས་ཀྱི་ལས་འགུལ་སྤེལ་ནས། གྲལ་རིམ་དབྱེ་འབྱེད་ཀྱིས་སྐུ་དྲག་དང་དགོན་ཁག་གི་ས་ཞིང་དང་། ཕྱུགས་རིགས། ཞིང་ལས་རྒྱུ་ཆ། ས་ཁང་སོགས་བོད་མི་དབུལ་ཕོངས་ཚོར་བགོས་འགྲེམས་བྱས་ཏེ་བོད་མི་མང་ཚོགས་ཀྱི་བསམ་བློའི་རྒྱབ་སྐྱོར་དེ་རྒྱ་ནག་གཞུང་ལ་ཐོབ་པར་རྩོད་ལེན་བྱས་ཡོད་པ་རེད། འོན་ཀྱང་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་རིག་དང་ལོ་རྒྱུས་ཀྱི་གཅེས་ནོར་དེ་དག་རྒྱ་གཞུང་གིས་རྩ་མེད་བཟོས་པ་དང་། བོད་ཁམས་ཡོངས་སུ་སྔར་མཐོང་མྱོང་མེད་པའི་དྲག་པོའི་སྟོབས་ཤུགས་གཞན་ཞིག་གིས་ཁྲག་དྲི་ཁ་བའི་བཙན་མནོན་དང་འཕྲོག་བཟུང་དེ་བཞིན་གསོད་བརྡུང་བྱས་པར་བརྟེན་བོད་མི་དམངས་ཀྱི་བསམ་བློའི་རྒྱབ་སྐྱོར་ཐུབ་རྒྱུ་ཕར་བཞག།།དེ་ལས་ལྡོག་སྟེ་བོད་མི་རིགས་རྣམས་རྒྱ་གཞུང་ལ་མི་དགའ་བའི་རྣམ་འགྱུར་མངོན་གསལ་དོད་དུ་འགྲོ་བ་དང་འཁོན་འཛིན་ཆེ་རུ་ཕྱིན་ཏེ་རྒྱ་གཞུང་ལ་ངོ་རྒོལ་རྒྱུན་ཆད་མེད་པར་བྱུང་བཞིན་པ་དེ་རེད།

ལྷག་དོན་རིག་གསར་སྐབས་སུ་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མེར་བསྲེགས་པ་དང་། ཆུར་སྐྱུར་བ། བོད་མི་བསམ་ཡོད་ཅན་རྣམས་ཉེས་མེད་བཙོན་འཇུག་གི་རྡུང་རྡེག་དྲག་བཏང་སྟེ་དམར་གསོད་བཏང་གི་ཡོད་པ་རེད། ད་དུང་རྒྱ་གཞུང་གིས་དངོས་ཡོད་དང་ཁྱོན་ནས་མི་མཐུན་པའི་ཁྲམ་རྫུན་བཤད་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་ཐོབ་ཡོད་ཚུལ་འུར་སྒྲོག་བྱས་དང་བྱེད་བཞིན་ཡོད།

ལྷག་དོན་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་དག་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་སྲོག་ལ་འཇིགས་ཞུམ་མེད་པའི་ཐོག་རྒྱ་ནག་གི་འགོ་ཁྲིད་ཚོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་འབུལ་བའི་རྐྱེན་གྱིས་བཙོན་ཁང་དུ་བཞུགས་དགོས་བྱུང་ནས་སྐུ་ངལ་ཚད་ལས་འདས་པ་མྱོང་དགོས་བྱུང་ཡོད། མཐའ་མཇུག་༸སྐུ་གཟིགས་པཎ་ཆེན་རིན་པོ་མཆོག་གིས་དེ་སྔོན་རིག་གསར་སྐབས་གཏོར་སྐྱོན་ཤོར་བའི་པཎ་ཆེན་རིམ་བྱོན་གྱི་གདུང་རྟེན་མཆོད་ཁང་གསར་བཞེངས་མཛད་ཅིང་། དེའི་མཛད་སྒོ་ཐོག་ཏུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལས། “ཡིན་ནའང་རང་ཅག་ཚོས་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་དང་། ཡར་རྒྱས་ཕྱིན་པའི་གྲུབ་འབྲས་ཀྱི་རིན་ཐང་གཉིས་བསྡུར་ནས་བཤད་ན། གྲོང་གུན་གྱི་རིན་ཐང་དེ་དེ་བས་ཆེ་བ་ཆགས་ཡོད།” ཅེས་གོང་གི་བཀའ་སློབ་སྡོམ་ཚིག་ལས་རྒྱ་གཞུང་གིས་བོད་ལ་ཡར་རྒྱས་གནམ་ས་ཨ་ལོག་ལྟ་བུ་གྱུར་ཡོད་ཚུལ་ག་ཚོད་བཤད་རུང་བོད་ལ་གོད་ཆགས་ག་ཚོད་བཏང་ཡོད་མེད་ཤེས་ཐུབ་པ་ཞིག་ཀྱང་རེད་སྙམ།

ཕྱི་ལོ་ ༢༠༢༤ ལོའི་ཟིན་རྗེས་ངོ་དེབ་སོགས་སུ་བོད་ཀྱི་སོ་ནམ་ལོ་གསར་གྱི་གཞས་དང་ཞབས་བྲོ་ཁྲབ་པ་སོགས་བལྟ་རྒྱུ་འདུག་ཅིང་། དེ་དག་ནང་ནས་ང་ལ་སེམས་ནང་སྨྲ་མི་ཤེས་པའི་འཚོ་བ་ཞིག་བྱུང་བ་ནི། ཨ་རིར་གནས་གཞི་གནང་བའི་དབུས་གཙང་ཆོལ་ཁའི་བོད་ཀྱི་སོ་ནམ་ལོ་གསར་གོ་སྒྲིག་གནང་སྟེ་བོད་ཀྱི་གཞས་མ་ཟླ་སྒྲོན་ལགས་ལ་གཟེངས་རྟགས་གནང་བ་དང་། དེ་སྔོན་བཏང་ཟིན་པའི་གཞས་དེ་དག་བསྐྱར་དུ་བཏང་གནང་ཞིང་། དེ་དག་མཐོང་དུས་སེམས་ནང་དུ་དགའ་སྣང་དཔག་མེད་སྐྱེས་པ་དང་འབྲེལ་སེམས་ནང་དུ་ན་ཟུག་ཅིག་དང་བསྟུན་བསམ་གཞིག་མ་བྱས་ཀ་མེད་ཅིག་བྱུང་སོང་། ཅི་ཡི་ཕྱིར་ང་ཚོའི་སྤྱི་ཚོགས་ཀྱི་སྒྱུ་རྩལ་པ་དག་ལ་རིན་ཐང་ཞིག་སྤྲད་མི་ཐུབ་པའི་རྒྱུ་མཚན་གང་ཞིག་ཡིན་ནམ། ང་ཚོའི་སྒྱུ་རྩལ་པ་དང་། ཤེས་ཡོན་ཅན་ལ་རིན་ཐང་དང་། བརྩི་འཇོག་མ་གནང་བ་དེའི་ཚོད་ཀྱི་ང་ཚོའི་མི་རིགས་ཤིག་དུས་ནམ་ཡང་ཡར་རྒྱས་ཀྱི་ལམ་བུ་ཐོག་ཏུ་བསྐྱོད་མི་ཐུབ་པ་བརྗོད་མ་དགོས། ང་ཚོའི་སྒྱུ་རྩལ་པ་དང་། ཤེས་ཡོན་ཅན་ལ་ངེས་པར་དུ་གུས་ཞབས་དང་། བརྩི་མཐོང་ཞུ་དགོས་པ་ཞིག་རེད། གཞས་མ་གྲགས་ཅན་ཟླ་སྒྲོན་ལྟ་བུ་མཚོན་ན་མདོ་དབུས་ཁམས་གསུམ་དུ་སྐད་གྲགས་ཡོད་པའི་གཞས་མ་ཞིག་ཡིན། ལས་དབང་གིས་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་ཁོང་གི་སྙན་འཇེབས་ལྡན་པའི་གླུ་གཞས་ཉན་རྒྱུ་མུ་མཐུད་དེ་ང་ཚོ་ལ་སྐལ་བ་རག་མེད་ལ། དེ་དག་བློ་ཕམ་དང་གནོང་འགྱོད་དགོས་པའི་གནད་དོན་ཞིག་མ་བརྩི་ཀ་མེད་རེད། རེ་བ་དང་དམིགས་ཡུལ་ངེས་ཅན་ཞིག་འཛིན་ཏེ་བློས་བཏང་ཆེན་པོའི་ཐོག་གཞན་ཡུལ་དུ་ཕེབས་ནས་ལོ་ཟླའི་དཀའ་སྡུག་དུ་མའི་འོག་ཏུ་འཚོ་བ་རོལ་དགོས་བྱུང་ཡོད་པ་ནི་བརྗོད་མ་དགོས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་མཇུག་ཙམ་དུ་ཟླ་སྒྲོན་ལགས་ཀྱི་བཏང་གནང་བའི་གནས་མཆོག་ལྷ་ས་དང་། ངའི་དོན་འགྲུབ་ཚེ་རིང་ལ་སོགས་བཏང་གནང་སྟེ་བོད་གཞས་དོ་སྣང་དང་དབྱིངས་ཡོད་མཁན་རྣམས་སེམས་ཤུགས་འཕར་མ་བསྐྲུན་ནས་བྱས་རྗེས་རླབས་པོ་ཆེན་བཞག་ཡོད། དུས་ད་ལྷ་ཡིན་ནའང་གཞས་དེ་དག་གོ་དུས་སྐབས་དེའི་འཚོ་བ་དེ་དག་སེམས་ནང་གསོན་པོ་དྲན་ཡོང་གི་འདུག །ཀྱེ་ཧུད་ལས་དབང་ནི་དེ་འདྲའི་བཙན་པོ་ཞིག་མ་རེད་དམ།

ལྷག་དོན་དེང་སྐབས་བོད་ནང་བཞུགས་པའི་གཞས་པ་དང་གཞས་མ་གྲགས་ཅན་ཚོས་ཟླ་སྒྲོན་ལགས་ཀྱི་བཏང་གནང་བའི་གླུ་གཞས་དེ་དག་བསྐྱར་དུ་བརྒྱུད་ལམ་ཁག་ཏུ་བཏང་གནང་སྟེ་ཆེ་མཐོང་སྤྲད་དང་སྤྲོད་བཞིན་ཡོད་པ་རེད། དེའི་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། གཞིས་ལུས་སྤུན་ཟླས་གཞས་མ་ཟླ་སྒྲོན་ལགས་ལ་རིན་ཐང་དང་། གུས་བརྩི་ག་ཚོད་ཞུ་བཞིན་ཡོད་པར་མཚོན་ནུས། གཞིས་ལུས་སྤུན་ཟླས་གཞས་པ་དང་གཞས་མ་ཁོང་རྣམ་པས་ཟླ་སྒྲོན་དྲན་གསོ་གནང་བཞིན་འདུག་པའི་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ཁོང་རྣམ་པའི་སྐུ་དྲིན་ལས་བཙན་བྱོལ་ནང་དུ་ད་གཟོད་གཞི་ནས་གཉིད་སད་པ་ནང་བཞིན་གཞས་མ་ཟླ་སྒྲོན་དྲན་གསོ་གནང་བཞིན་འདུག། མི་ལོ་དེ་དག་གི་རིང་དུ་བོད་ཀྱི་གཞས་མ་ཟླ་སྒྲོན་ལགས་དྲན་གསོ་གནང་བ་ངས་ད་ཐེངས་མ་གཏོགས་མཐོང་མྱོང་མེད། གཅིག་བྱས་ན་ང་རང་མི་རྒྱང་ཐུང་བའི་སྐྱོན་ཡིན་ཡང་སྲིད། གང་ལྟར་ན་སོ་དར་བའི་སྐབས་སུ་སྒྱུ་རྩལ་ངོམས་སའི་གར་སྟེགས་ཤིག་ང་ཚོའི་བསྐྲུན་མ་ཐུབ་པ་ནི་དེ་འདྲའི་སེམས་ཕམ་དགོས་པའི་གནད་དོན་ཞིག་མ་རེད་དམ།

ང་རང་གི་མཐོང་སྣང་ལ་ང་ཚོའི་སྤྱི་ཚོགས་ནང་མི་སྣ་བྱས་པ་ཅན་དགོངས་པ་རྫོགས་པའི་ཉིན་དེ་ནས་རྗེས་དྲན་བྱེད་པ་ཙམ་ལས་གསོན་པོ་སྐུ་འཚོ་བཞུགས་ཡོད་པའི་སྐབས་སུ་དོ་སྣང་དེ་ཙམ་མེད་པར་སྣང་མེད་ལྟ་བུ་བཞག་པ་ཚོར་ཡོང་གི་འདུག །གཅིག་བྱས་ན་ང་རང་ལྟ་སྟངས་ནོར་ཡོད་སྲིད། དེ་ནི་ནོར་འཁྲུལ་དང་གོམས་སྲོལ་ངན་པ་ཞིག་རེད་འདུག་སྙམ་པའི་སེམས་ནང་དུ་འཆར་ཡོང་གི་འདུག །སྐུ་འཚོ་བཞུགས་སྐབས་བཀའ་དྲིན་བསམ་ཤེས་གནང་བ་ཡིན་ན་དགེ་མཚན་ཆེ་བ་ཡོད་པར་མཐོང་ལ་མི་ཚེ་མཐའ་མཇུག་བློ་དགའ་ལྷང་ངེར་ཡོང་གི་རེད་སྙམ།

ལྷག་དོན་ང་ཚོ་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་འགའ་ཤས་ཀྱིས་འབད་བརྩོན་ཆེན་པོའི་ཐོག་ནས་ལས་དོན་བརྩམས་པ་ཡོད་རུང་རང་ཉིད་ལ་དཔལ་བྱོལ་མེད་པའི་དབང་གིས་ཟུར་དུ་ལྷག་འགྲོ་བཞིན་ཡོད་པ་རེད། དེ་དག་ལ་ཚོགས་སྒེར་ཚོས་རོགས་རམ་འདྲ་བྱ་ཐུབ་ཚེ་ཕན་ཐོགས་ཡོང་གི་རེད་སྙམ། མི་སྒེར་པ་ཞིག་རོགས་རམ་འབོད་སྐུལ་ཞུ་བ་ལས་སྒྲིག་འཛུགས་ཤིག་གི་མིང་ཐོག་ནས་རོགས་རམ་ཞུས་གནང་བ་ཡིན་ན་ཏན་ཏན་རག་གི་རེད་སྙམ་ལ། དེས་ལས་དོན་བརྩམས་མཁན་ལའང་སེམས་ཤུགས་འཕར་མ་འཕར་བ་དང་། མི་གཞན་གྱི་མཐོང་སྣང་ལའང་ཡག་པོ་ཡོད་རེད་སྙམ། དེ་ནི་ཞོར་འཕྲོས་ཙམ་ཞིག་ཡིན། རང་ཉིད་མི་རྒྱང་ཐུང་བའི་རྐྱེན་གྱིས་ལབ་གླེང་ཐད་གྲག་ཡོད་ན་ཀློག་པ་པོ་ཚོར་དགོངས་པ་མ་ཚོམས་རོགས་ཞུ་རྒྱུ་ལས་མ་འདས། བོད་ཀྱི་གཞས་མ་ཟླ་སྒྲོན་ལགས་གཞས་བཏང་བ་བརྙན་ཐུང་མཐོང་བའི་རྐྱེན་གྱིས་དབང་མེད་དུ་སེམས་འཚོ་ཞིག་འབྲི་ཤོར་སོང་བ་དང་། བོད་ཀྱི་གཞས་མ་ཟླ་སྒྲོན་ལགས། སྐུ་ཉིད་བོད་གཞས་དེ་དག་གི་ངའི་སེམས་རྒྱུད་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པས་ངས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༩ ཉིན་མོར་ཆབ་མདོ་ངག་ཕུན་གྱིས་ཕུལ།

བསམ་ཚུལ།

Post navigation

Previous Post: སློབ་དཔོན་ཆེན་མོའམ་དེང་དུས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ། ངེས་པ་དོན་གྱི་ཤེས་ཡོན་སློབ་གསོའི་སྒྲོན་མེ། ཞིང་གཤེགས་དམ་པ་སངས་རྒྱས་མཆོག་ལ་ཕུལ་བའི་ཀ་ཕྲེང་ཨུ་དུམ་ཝ་རའི་མེ་ཏོག་ཞེས་བྱ་བ།།
Next Post: མི་ཚེའི་མཐའ་མཇུག་གི་སྐད་ཆ་ཞིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme