Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Posted on 2011-08-082011-08-08 By ཁ་བརྡ་ 1 Comment on གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

བོད། ལྷ་ཀླུ་གཉན་གསུམ།
རེ་གསུམ།

ཁ་སང་གངས་མཚོ་ཉིན་གོང་རྒྱབ་ཀྱི་རླངས་འཁོར་དུ་བསྡད་ནས་ཕྱིར་རྗོ་སུ་ལམ་དུ་འབུད་སོང་། མོ་རང་མ་སོང་གོང་དུ་ངེད་གཉིས་ཀྱིས་ལས་ཀ་བྱེད་སའི་ལས་ཁུངས་དུ་ཁ་པར་བཏང་ནས་འབྲེལ་བ་བྱས་མཐར་ང་རང་ལས་ཀ་བྱེད་དུ་ཆུ་ཚོད་གཉིས་པའི་སྟེང་དུ་ཡོང་དགོས་ཟེར་བ་ལྟར་ང་རང་ལས་ཀ་བྱེད་དུ་ཆུ་ཚོད་གཉིས་པའི་སྟེང་དུ་སོང་དུས། ཐབ་ཚང་ནང་དུ་མེ་ཤོར་རྐྱེན་གློག་གི་བེད་སྤྱོད་བྱེད་པའི་སྣུམ་སྣོད་དེ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ཐབ་ཚང་ནང་གི་གློག་ཚང་མ་བརྗེ་བོ་བརྒྱབ་ནས་ཚར་གྲབས་ཡོད་པའི་སྒང་རེད། མ་བྱན་ཆེན་མོ་ངེད་གཉིས་ཀྱིས་ཕྱི་དྲོ་སྒོ་ཕྱེ་རྒྱུ་ཡིན་ཟེར་བ་ལྟར་ཟ་མ་ཡང་མ་ཟོས་པར་གསར་དུ་སྔོ་ཚལ་དང་ཤ་རིགས་ཡོད་ཚད་གྲ་སྒྲིག་བྱས་ཚར་དུས་སུ། དུས་ཚོད་བདུན་པ་ཡོལ་འདུག་པ་དང་ཟ་ཁང་གི་སྒོ་ཡང་ཕྱེ་བའི་དུས་ཚོད་ཏག་ཏག་དང་འཁེལ་འདུག ཡིན་ཡང་སྐུ་མགྲོན་ནི་མང་བོ་མེད་པར་གང་ལྟར་དུས་ཚོད་འབུད་སོང་། ཕྱིར་ཡོང་བའི་ལམ་ཁ་ནས་གངས་མཚོ་ལ་ཁ་པར་ནང་ནས་ཁ་བརྡ་བྱས་དུས་སུ་མོ་རང་གིས་ང་ལ་ཁྱེད་ཀྱིས་ལས་ཀ་བྱེད་སའི་འགན་འཛིན་ཨེས་རྒོལ་ལ་ཁྱེད་རང་གི་ལས་ཀ་རྒྱུན་ལྡན་ཆགས་ཀྱི་ཡོད་མེད་བསྐོར་སྐད་ཆ་བཤད་དགོས་ཀྱི་ཡོད་པ་རེད་ཟེར་ནས་བཤད་དུས་སུ་ང་རང་གིས་མོ་རང་ལ་ཁས་ལེན་མ་བྱས་པར་མོ་རང་སླེབས་དུས་སུ་ལྷན་དུ་བཤད་པ་ཡིན་ན་ཡག་པོ་ཡོད་པར་བཤད་དེ་མོ་རང་གིས་བཤད་པའི་སྐད་ཆ་ལ་བདེན་ཁ་མ་བྱིན་པར་ཁང་བ་གསར་བ་ཞིག་ངེད་གཉིས་དམིགས་བསལ་གྱིས་ཉིན་ཁ་ཤས་རིང་སྤྲད་ཡོད་པ་དེའི་ནང་དུ་སོང་དེ་དཀྲུས་བརྒྱབ་པ་ཡིན། ངེད་གཉིས་བསྡོད་སའི་ཁང་བའི་ནང་གི་གཙང་སྤྱོད་དང་ཆུ་འགྲོ་སའི་བུ་ཀུ་དེ་ལ་སྐྱོན་ཤོར་ཡོད་སྟབས། དེ་དག་ལེགས་འགྲུབ་བྱུང་རེག་བར་དུ་མགྲོན་ཁང་ནང་གི་འགན་འཛིན་ལྷན་ཚོགས་བུད་མེད་གཉིས་ཀྱིས་ངེད་གཉིས་ལ་མགྲོན་ཁང་ནང་གི་ཁང་བ་གསར་བ་ཞིག་རིན་མེད་དུ་སྤྲད་ཡོད་པ་རེད།

དེ་རིང་ཞོགས་པ་ང་རང་སྔ་ཙམ་བླངས་དེ་འཚིག་ཇ་འཐུང་ས་དེར་བྱིན་ནས་ཉིན་གུང་ཆུ་ཚོད་གཉིས་པ་བར་དུ་དྲ་རྒྱའི་ནང་གི་ཟིན་བྲིས་པ་དག་གི་ཟིན་བྲིས་ཀློག་པ་དང་རང་གི་སྙིང་ནས་བརྩེ་བའི་གྲོགས་པོ་ལྷ་ཆབ་ལགས་ཀྱིས་ཟིན་བྲིས་ནང་དུ་ང་རང་ལ་བསམ་ཚུལ་ཁ་ཤས་བྲིས་ཡོད་པ་དེ་དག་ལ་ལན་སྤྲད་པ་དང་རང་གིས་ཀྱང་གསར་དུ་ཟིན་བྲིས་ཁ་ཤས་སྤེལ་བ་ཡིན། ལས་ཀ་འགྲོ་བའི་དུས་ཚོད་ཟིན་གྲབས་ཡོད་པས་ང་རང་གིས་ལག་ཁྱེར་གློག་ཀླད་ཀྱི་ཁ་བརྒྱབ་ནས་ཕྱིར་རང་གི་བསྡོད་གནས་སུ་ཡོང་དེ་རྒྱབ་ཁུག་བརྗེ་བོ་བརྒྱབ། ལས་ཀ་བྱེད་ས་ནས་ང་རང་གིས་འདང་གི་གངས་མཚོས་བཤད་པའི་སྐད་ཆ་དག་ལ་ཕྱིར་འདང་མང་བོ་རྒྱག་དགོས་བྱུང་། གངས་མཚོས་ང་རང་ལ་ཤ་ཚ་བ་དང་ངེད་གཉིས་ཀྱི་འཚོ་བ་ལ་བསམ་བློ་བཏང་ནས་ང་རང་གི་ལས་ཀ་བྱེད་ས་ནས་གླ་ཆ་ཡག་པོ་ཞིག་རེག་ན་བསམ་གྱི་ཡོད་པ་དེ་རེད། ངས་ཀྱང་སེམས་ནང་དུ་འདང་དགོང་མོ་རང་ལ་ཁས་ལེན་མ་བྱས་པ་དེར་འགྱོད་སྣང་བྱེད་ཞོར་དུ་ང་རང་ངོས་ནས་ལས་ཀའི་འགན་འཛིན་ཨེས་རྒོལ་ལ་སྐད་ཆ་ཐད་ཀར་བཤད་རྒྱུའི་བསམ་བློ་གཏོང་ཞོར་དུ་ལས་ཀ་བྱེད་བཞིན་པའི་སྐབས་ཤིག་ལ་གངས་མཚོས་ང་རང་ལ་ཁ་པར་འབྱོར་སོང་། ཁྱེད་རང་སང་ཉིན་རྗོ་སུ་ལམ་དུ་ཡོང་ཐུབ་ཀྱི་འདུག་གམ། དེ་ནས་ཁྱེད་རང་གཅིག་བུར་གུང་གསེང་ལ་བསྡད་ན་ཁྱེད་རང་སུན་སྣང་སྐྱེ་ངེས་རེད་ལ། ང་རང་གིས་ཕུ་བོས་ཀྱང་ཁྱེད་རང་གུང་གསེང་དུ་རྗོ་སུ་ལམ་ལ་ཡོང་ན་ཡག་པོ་འདུག་ཟེར་བ་མ་ཟད།ངེད་གཉིས་ཕྱིར་ཨེས་ལ་གྲི་ལ་གཟའ་སྤེན་པའི་ཉིན་གནམ་གྲའི་ནང་དུ་བསྐྱོད་ཆོག་གི་རེད།གནམ་གྲའི་ནང་དུ་མི་རེ་ལ་ཤིས་དཀར་བརྒྱ་དང་སུམ་བཅུ་ནས་བཞི་བཅུ་རེད་ཟེར་བ་དང་མོ་རང་གི་འཆམ་ནད་དེ་ད་དུང་ཇེ་བཟང་དུ་བྱིན་མེད་རབས་ཟེར། ངས་དེ་ནི་སྐྱོན་ཡོད་པ་མ་རེད།ང་རང་འདི་ནས་སུན་སྣང་སྐྱེ་མི་སྲིད། ང་རང་ལ་འདུག་རོགས་གློག་ཀླད་ཡོད་པ་དང་ངས་འདི་ནས་བརྩམ་སྒྲུང་དེ་མུ་མཐུད་དུ་གང་ཙམ་ཞིག་འབྲི་ཐུབ་ངེས་ཡིན་ལ། ཡར་འགྲོ་མར་འགྲོ་མང་ཙམ་བྱས་པ་ཡིན་ན་ནི་འགྲོ་སོང་ཡང་ཆེན་པོ་རེད། ཤིས་དཀར་ཉིས་བརྒྱ་ནི་ད་ལྟའི་ང་རང་གི་ཉིན་གཅིག་གི་ལས་ཀ་བྱས་ན་ཡང་དེ་འདྲ་རེག་གི་ཡོད་པ་མ་རེད། ངས་ཕྱོགས་སུ་སེམས་འཁྲལ་གང་ཡང་མ་བྱེད། དེ་ལས་ཁྱེད་རང་གི་ནད་ཚ་དྲག་བསྐྱེད་ཡོང་བ་ལ་ཟ་མ་ཡག་པོ་ཟོ ཉལ་ས་དྲོན་པོ་བྱོས། འཕྲོད་བརྟེན་གང་ཐུབ་བྱོས། བསམ་བློ་མང་བོ་མ་བཏང་། ངས་བསམ་བློ་བཏང་ཚར་བ་ཡིན། ལས་ཀའི་འགན་འཛིན་ཨེས་རྒོལ་ལ་ངས་དེ་རིང་སྐད་ཆ་གསལ་བོ་དྲིས་ཆོག་ཞེས་བཤད་དུས་མོ་རང་གིས་ངས་ཁྱེད་རང་གི་སྐད་ཆ་དེ་བཤད་པར་རྗེས་སུ་ཡི་རུང་བྱེད་ཀྱི་ཡོད། དེ་ན་ཁྱེད་རང་གི་བཤད་པ་ལྟར་བྱེད་ཆོག་ཟེར་ནས་ངེད་གཉིས་ཀྱི་ཁ་བརྡ་བྱེད་ཙམ་བཞག་པ་ཡིན། ཟ་ཁང་སྒོ་ཕྱེ་ནས་ཅུང་ཙམ་མ་སོང་བར་ང་རང་ཟ་ཁང་གི་འགན་འཛིན་ཨེས་རྒོལ་ལ་སྐད་ཆ་བཤད་དུ་སོང་བ་ཡིན། ཁོས་དེ་ལྟར་རེད། ངས་ཀྱང་དེ་ལ་བསམ་བློ་བཏང་ནས་དོ་ནུབ་འགན་འཛིན་ལྷན་ཚོགས་ཟ་ཁང་དུ་སྐད་བཏང་ཡོད་པ་དེ་དག་ལ་ཁྱེད་རང་རང་ངོས་ནས་ཁ་ལག་བཟོས་དེ་ཁོ་རང་ཚོ་ལ་ཚོད་ལྟ་བྱེད་དུ་འཇུག་དགོས་པ་མ་ཟད། དོ་ནུབ་ཟ་མ་གང་བསྔགས་པ་དེ་དག་ཁྱེད་རང་གིས་བཟོས་དེ་སྐུ་མགྲོན་དག་གིས་སྐྱོན་བརྗོད་གང་ཡང་མ་སླེབས་པ་ཡིན་ན་ནི། ང་ཚོས་གཟའ་ཉི་མ་དང་གཟའ་ཟླ་བ་གང་རུང་ལ་ཁྱེད་རང་གི་ལས་ཀ་གཏན་ཆགས་ཡོང་བའི་ཐད་དུ་སྐད་ཆ་བཤད་ཆོག་ཟེར་བ་ལྟར། ངས་དོ་ནུབ་སྐུ་མགྲོན་མང་བོ་ཞིག་རབ་དང་རིམ་པའི་ཡོང་བ་དེ་དག་ལ་གཅིག་གཅིག་གཉིས་གཉིས་བྱོས་དེ་ཁ་ལག་བཟོས་པ་ཡིན། འགན་འཛིན་ལྷན་ཚོགས་ལ་བཟོས་པའི་ཁུ་རིགས་གཅིག་ལ་ཚ་ཁ་འདུག་ཟེར་ནས་ཕྱིར་ལོག་སོང་བ་དེའི་ནང་དུ་མ་བྱན་ཆེན་མོའི་སྔོན་ནས་ཚ་བཏབ་ནས་གྲ་སྒྲིག་ཏག་ཏག་བྱས་ཡོད་པ་ང་རང་གི་མ་ཤེས་པར་དེ་ལྟར་ནོར་འཁྲུལ་ཤོར་འདུག གང་ལྟར། དོ་ནུབ་ཀྱི་ཟ་མ་ཕལ་ཆེ་བ་ང་རང་གིས་བཟོས་པ་ཡིན། དེའི་བསྐོར་ལས་མཚམས་བཞག་ནས་གངས་མཚོ་མོ་རང་ལ་བཤད་དུས་སུ་མོ་རང་དགའ་བོ་བྱུང་བ་དང་། མོ་རང་གིས་བྱིས་པ་ཆགས་ཡོད་པའི་བསྐོར་དོ་ནུབ་གཞི་ནས་མོ་རང་གི་ཕུ་བོ་བཤད་དུས་མོ་རང་གི་ཕུ་བོ་ནི་ད་ལྟ་བར་དུ་མ་བཤད་པ་དེར་ཅུང་ཙམ་ཁོང་ཁྲོ་ཡོད་ཟེར་ནས་བཤད་ཀྱི་འདུག་ཟེར་བས་སྐད་ཆ་དེ་ལ་བརྟག་ན། མོ་རང་ཅུང་ཙམ་སེམས་པ་མ་སྐྱིད་པ་འདྲ་བོ་ཞིག་བྱུང་འདུག ངས་མོ་རང་ལ་ནག་ཉེས་དེ་ང་རང་ལ་བཀལ་ན་འགྲིག་གི་ཡོད་པ་རེད། ད་ལྟའི་བར་དུ་མི་མང་བོ་ལ་མ་བཤད་ཟེར་མཁན་ང་རང་ཡིན་པས་བསྐོར་ཁྱེད་རང་གིས་ཕུ་བོ་ལ་གསལ་བཤད་བྱས་ན་འགྲིག་གི་རེད་ཅེས་བཤད་ཀྱང་། མོ་རང་གིས་ད་ནི་སྐྱོན་མི་ཡོང་། གང་ཡིན་ན་ངས་དེ་ལྟར་དག་སྐྱེལ་བྱེད་དགོས་དོན་ཡོད་ནི་མ་རེད་སོགས་གླེང་དེ་ངེད་གཉིས་ཀྱི་དགོང་མོ་བདེ་ལེགས་བཞག གང་ལྟར། ང་རང་གི་ལས་ཀའི་བསྐོར་གྱི་བཟང་ངན་གང་ཡིན། གཟའ་ཉི་མ་དང་ཟླ་བ་གང་རུང་ལ་གོ་ངེས་རེད། ༡༣།༢།༠༩

འདང་གི་རྨི་ལམ་དེ་ནི་ཆེས་ཡ་མཚར་བའི་རྨི་ལམ་ཞིག་རེད། ༧གོང་ས་མཆོག་དགུང་ལོ་བགྲེས་ཚུལ་བཞེས་འདུག་པ་དང་ལྷན་དུ་བཀའ་མོལ་གནང་བ་ཞིག་རྨིས་པའི་བསྐོར་ཞིག་རེད། ང་རང་ལ་མཚམས་ལན་རེ་རྨི་ལམ་ཁྱད་མཚར་འདི་འདྲ་ཁ་ཤས་ཤིག་རྨིས་ཀྱི་འདུག དོན་དངོས་ཐོག་རྨི་ལམ་འདི་སུ་དང་ཡང་ན་ཚོར་བ། དེ་མིན་རྣམ་ཤེས་ཀྱི་རྒྱུན་ཐག སེམས་ཀྱི་ཤེས་རེག་གང་ནས་བཞུར་ནས་འོང་གི་ཡོད་དམ་སྙམ་ཞོར། སྨོན་ལམ་ཞིག་བཏབས། ༡༦།༢།༠༩

འདང་ནུབ་ང་རང་གི་རྨི་ལམ་ནང་དུ་༧གོང་ས་མཆོག་རྨིས་པ་དང་ངས་ཁོང་གི་དབུ་སྐྲ་བཞར་བཞིན་འདུག་པའི་སྐབས་སུ་ཁོང་གིས་ད་འགྲིག་སོང་ང་རང་ཚ་གི་འདུག་ཟེར་ནས་ངས་དབུ་སྐྲ་བཞར་ཙམ་བཞག་སོང་ལ། ཁོང་གི་སྐུའི་གཟི་འདང་ཡང་ཅུང་རྒས་ཉམས་ཤིག་བཞེས་འདུག དངོས་ནས་ཡ་མཚར་རེད། བསྟུད་མར་མཚན་བར་དུ་བཞག་ནས་མཚན་གཉིས་པ་དེར་ཡང་རྨི་ལམ་འདི་འདྲ་རྨིས་ནས་འོང་དུས། ངས་ཁོང་གི་སྐུའི་བདེ་ཐང་ག་འདྲ་ཡིན་ནམ་སྙམ་ནས་དྲ་ཚིགས་དག་ཉུལ་ཡང་། དྲ་ཚིགས་གང་དུ་ཡང་༧ཁོང་གི་གནས་ཚུལ་རྒྱུན་ལྡན་མ་ཡིན་པ་གང་ཡང་མི་འདུག་སྟབས། སེམས་བདེ་རུ་འབབ་བྱུང་། ༡༨།༢།༠༩

ང་རང་གིས་ལས་ཀ་བྱས་དེ་ཟླ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་། ལས་ཀ་བྱེད་ས་དེ་ནས་ད་དུང་ཡང་ང་རང་གི་ལས་ཀ་དེ་ནི་རྒྱུན་ལྡན་གྱི་ལས་མི་ཡིན་མིན་ཐད་དུ་ཐག་གཅོད་བྱེད་ཐུབ་མ་སོང་། ཉིན་མ་ཁ་ཤས་ཀྱི་གོང་དུ་ཡང་འགན་འཛིན་ཨེས་རྒོལ་ཟེར་བ་དེ་ལ་ཡང་ཡང་གླེང་མཐར་དེ་རིང་ང་དང་གངས་མཚོ་གཉིས་ཁོང་ཚོའི་ལས་ཁུངས་ལྟེ་བའི་ནང་དུ་འགན་འཛིན་ཁ་ཤས་ཤིག་དང་ལྷན་དུ་གླེང་མོལ་བྱས། གླེང་མོལ་གྱི་ནང་དོན་གནད་བསྡུས་ནི་ང་རང་ཁོང་ཚོའི་ལས་མི་རྒྱུན་ལྡན་ཆགས་རྒྱུའི་ཐད་དུ་སྐད་ཆ་ཞིག་ཡོད་པ་ལས་གླ་ག་ཚོད་སྤྲོད་ཐུབ་མིན་དེ་རེད། གངས་མཚོས་སྟོང་ཕྲག་དང་བདུན་དང་བརྒྱད་ཀྱི་བར་དུ་ཡོད་དགོས་ཟེར། ཁོང་ཚོས་སྟོང་ཕྲག་དྲུག་དང་ཕྱེད་སྟེར་ཟེར། འོན་ཀྱང་། མཐའ་མའི་ཐག་གཅོད་དེ་ནི་ཁོང་ཚོས་གྲོས་མོལ་བྱས་དེ་ངེད་གཉིས་ལ་གཟའ་ཉིན་མའི་ཉིན་ལ་བཟང་ངན་གང་ཡིན་གྱི་གནས་ཚུལ་གསལ་བོ་སྤྲོད་ཆོག་ཟེར། ངེད་གཉིས་ལམ་བར་དུ་ཡོང་ཞོར་དུ་ཁ་བརྡ་བྱས་པའི་ནང་དོན་ནི་ང་རང་གི་གླ་ཆ་གང་ཙམ་ཞིག་ཡར་འཕར་ནས་སྟོང་ཕྲག་བདུན་ཙམ་སྤྲད་པ་ཡིན་ན་ནི་ང་རང་གིས་དེར་ལས་ཀ་བྱེད་རྒྱུར་ངེད་གཉིས་ཀྱིས་ཐག་བཅད་པ་ཡིན། འོན་ཀྱང་། གླ་ཆ་འདི་ནི་རྒྱ་གར་གྱི་སྒོར་མོ་འདང་བརྒྱབ་པ་ཡིན་ན་ནི་དངོས་ནས་གླ་ཆ་ཆེན་པོ་རེད། འདི་ནས་སྒོར་མོ་བེད་སྤྱོད་བྱེད་རྒྱུར་བསམ་བློ་བཏང་ནས་འོང་དུས་གླ་ཆ་འབྲིང་ཙམ་རེད། གང་ཡིན་ཟེར་ན་ཁང་བ་ཞིག་གཡར་གླ་ཟླ་གཅིག་རིང་དུ་སྟོང་ཕྲག་གསུམ་ལྷག་བཤད་ཀྱི་ཡོད་པ་རེད།

གང་ལྟར། ལས་ཀ་དེའི་གླ་ཆ་དང་ང་རང་ཁོང་ཚོ་ལ་དགོས་འཁོ་ཡོད་མེད་དེ་ནི་གཟའ་ཉི་མའི་ཉིན་ཐག་གཅོད་ཀྱི་ཡོད་པའི་སྐད་ཆ་རེད། ད་ནི་གང་ཤེས། མི་དེ་ཚོ་ནི་རང་མ་གཏོགས་གཞན་ལ་བསམ་ཤེས་བྱེད་མཁན་དེ་འདྲ་ནི་རེད་མི་འདུག་ལ་ཁ་བཤད་དོན་ཐོག་དུ་ཡོད་པ་དེ་འདྲ་ཡང་མིན་སྟབས། ང་རང་ལ་སེམས་འཁྲལ་ཆུང་ཆུང་ཞིག་ཡོད་པ་ནི་ལས་ཀ་འདི་བྱེད་སྟངས་ཚང་མ་ཤེས་ནས་གཞན་ཞིག་འཚོལ་དགོས་བྱུང་ན་ནི། གསར་དུ་མགོ་འཛུགས་དགོས་དུས་གང་འདྲ་ཡོད་ན་བསམ་པ་དེ་ལས་ལས་ཀ་མི་རེག་པར་སེམས་འཁྲལ་ནི་ང་རང་ལ་མི་འདུག ༡༩།༢།༠༩

དེ་རིང་བར་དུ་ལས་བྲེལ་ཟེར་ན་འདྲ། གང་ཡིན་ཡང་འགྲིག ཉིན་ཐོ་འབྲི་ལོངས་ཤིག་མ་བྱུང་བར་ལུས་སོང་། དེ་རིང་ནི་སྤྱི་ཟླ་སུམ་པའི་ཚེས་དགུ་རེད། ང་རང་མི་ཡུལ་དུ་སྐྱེ་ནས་མི་ལོ་སུམ་བཅུ་ཏག་ཏག་བྱིན་པའི་ཉིན་མོ་ཞིག་ཆགས་ཡོད་སྟབས། དེ་རིང་ཞོགས་པ་ང་རང་ཡར་མ་བླངས་སྔོན་ནས་བཟུང་དེ་གངས་མཚོ་མོ་རང་གིས་ང་རང་གི་སྐྱེ་སྐར་ལ་ལག་སྐྱེས་དང་འདྲ་དཔར་དེབ་སོགས་གྲ་སྒྲིག་གང་ཐུབ་ཐུབ་ཞིག་བྱས་འདུག་པ་མ་ཟད། ཕྱི་དྲོ་ང་རང་ལས་ཀ་རུ་ཡོད་སྐབས་མོ་རང་གིས་སྒོང་སྤོར་ཞིག་ཉོས་དེ་གྲོགས་མོའི་བུ་མོ་ཆུང་ཆུང་ཝོས་ནས་འཁྲིད་དེ་ང་རང་གི་ལས་ཀ་བྱེད་སར་ཡོང་ནས་ང་རང་ལ་དམིགས་བསལ་གྱི་ང་རང་གི་སྐྱེ་སྐར་ལ་སླར་ཡང་རྟེན་འབྲེལ་ཞུས། དེ་ནས་ང་རང་ལ་དམིགས་བསལ་གྱི་ཉི་ཧོང་གི་མཚན་མོའི་སྤྲོ་ཚོགས་དུ་འགྲོ་དགོས་པར་སྐུལ་ལོངས་བྱས་སོང་།

ཉིན་འགའི་སྔོན་དུ་ཡང་ང་རང་ཁོ་མོས་རྐང་བཙུགས་དེ་ང་རང་གི་བོད་རིགས་གྲོགས་པོ་བསྐོར་ཞིག་ལ་སྐད་བཏང་ནས་ཟ་ཁང་དུ་འཛོམ་དུ་བཅུགས་དེ་ང་རང་གི་སྐྱེ་སྐར་ལ་རྟེན་འབྲེལ་ཞུས་པ་རེད། མཚན་མོ་དེར་ང་རང་གིས་སྐྱེ་སྐར་རྟེན་འབྲེལ་དེ་ནི་ང་རང་ལ་གྲ་སྒྲིག་བྱས་པ་ནི་ང་རང་གི་སྔོན་ནས་བཟུང་ཤེས་མེད་པ་མ་ཟད། མཚན་མོ་དེར་ང་རང་གི་སྐྱེ་སྐར་ཆེད་དུ་ས་ཐག་རིང་དེ་འདྲ་ཞིག་ལ་སླེབས་པ་དེ་ནས་མ་གཏོགས་ཤེས་མ་སོང་། གང་ལྟར། མོ་རང་གིས་ང་རང་གི་སྐྱེ་སྐར་ལ་ང་རང་དངོས་ནས་སེམས་པ་སྤྲོ་བོ་ཞིག་ཡོང་རྒྱུར་ཐབས་ཤེས་སྣ་ཚོགས་ཤིག་འཐེན་པ་རེད། རྒྱུ་མཚན་ནི་ང་རང་གིས་ང་རང་ལ་སྐྱེ་སྐར་ལ་སྤྲོ་སྣང་མེད་པ་མ་ཟད། བོད་པ་ཚོ་ལ་སྐྱེ་སྐར་གཏོང་སྲོལ་མེད་པ་རེད་ཅེས་ཐེངས་མང་ལ་བཤད་མྱོང་ཡོད་སྟབས། ཁོ་མོས་དེ་ལྟར་ང་རང་ལ་ཤེས་རུ་མ་བཅུགས་པར་ཡ་མཚན་དུ་འཇུག་པར་འབད་བརྩོན་བྱས་སོང་། ཡིན་ཡང་། ང་རང་ལ་དམིགས་བསལ་གྱིས་སྤྲོ་སྣང་དེ་འདྲ་གང་ཡང་སླེབས་མ་བྱུང་མོད། འོན་ཀྱང་། མོ་རང་གིས་ཐབས་ཤེས་གང་ཡོད་ཀྱིས་ང་རང་གི་སྐྱེ་སྐར་ལ་སྤྲོ་སྣང་ཞིག་ཡོང་བར་འབད་བརྩོན་བྱས་དུས་ང་རང་ལ་སེམས་འགུལ་ཐེབས་སོང་། ཡིད་སྐྱོ་བ་ཞིག་ལ་སང་ཉིན་ནི་སུམ་བཅུ་དུས་དྲན་དང་བོད་ཤོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ཉིན་མོ་ཡིན་སྟབས། བོད་པ་ཚང་གི་བོད་ནང་གི་བོད་མི་དེ་དག་གི་ཚེ་སྲོག་གི་བདེན་འཇག་ཆེད་དུ་སེམས་འཁྲལ་ཡང་ཡང་བྱེད་ཞོར་དུ་ཉལ་དུ་བྱིན་པ་ཡིན། ༩།༣།༠༩

རྒྱང་རིང་རྒྱ་གར་ནས་ངོ་ཤེས་པའི་གྲོགས་པོ་དམེ་ཤུལ་སྐལ་བཟང་ཡེ་ཤེས་ལགས་ཁོ་རང་གི་གྲོགས་པོ་གྲྭ་བ་ཞིག་གི་མགྲོན་འབོད་འོག་རྒྱལ་ཁབ་འདིར་འབྱོར་ནས་ཉི་མ་ཉི་ཤུའི་རྗེས་སུ་ངེད་གཉིས་ཉེ་སྔོན་ང་རང་བོད་ཀྱི་གྲོགས་པོ་ཨེས་སའི་རལ་གྱི་ཚོགས་པའི་གོ་སྒྲིག་ཞིག་གི་ལྷན་འཛོམས་སྐབས་སུ་ངེད་གཉིས་ཐུག་འཕྲད་བྱུང་དུས་སུ་ངས་ཁོ་རང་ལ་མགྲོན་འབོད་བྱས་པ་ལྟར། འདིར་སླེབས་ནས་ཉིན་མ་བཞི་ཙམ་རིང་དུ་ང་རང་དང་ངའི་མཛའ་མོ་གཉིས་ཀྱི་ལྷན་དུ་ཨེས་ལ་གྲི་གྲོང་ཁྱེར་ནང་དུ་འཁྱམ་གསེང་གང་ཙམ་བྱས་པ་དང་ངེད་གཉིས་ཀྱི་གླེང་མོལ་ཀྱང་མི་ཉུང་བ་ཞིག་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁོ་རང་གིས་ང་རང་ལ་ལག་སྐྱེས་ཤིག་འཁུར་འདུག དེ་ནི་ང་རང་གི་རེ་སྒུག་དང་ཀློག་འདོད་ཆེ་བའི་༧གོང་ས་མཆོག་གི་གསུང་ཞིག་བོད་བསྒྱུར་ཞེས་པའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཟེར་བའི་དེབ་དེ་ཡིན་ལ། དེབ་འདི་ཉིད་སྒྱུར་བ་བོ་བསྟན་འཛིན་རིག་བཟང་རེད། ཁོ་རང་ནི་དངོས་ནས་ཕོ་གསར་ཡ་རབས་ཤིག་དང་སྤྱོད་ལམ་ཀུན་སྤྱོད་ཀྱང་ཧ་ཅང་རྩེར་སོན་ཞིག་ཡིན་པར་རོགས་པ་ཚང་མས་གླེང་མྱོང་ཡོད་པ་མ་ཟད། དམིགས་བསལ་གྱིས་ཁོ་རང་གི་དབྱིན་ཡིག་གི་ཤེས་ཚད་ནི་ཧ་ལས་པའི་ཐོན་པོར་སོན་ཡོད་པ་ཁོ་རང་ངོ་ཤེས་མཁན་གང་མང་ཞིག་གིས་ཁས་ལེན་བྱས་མྱོང་ཡོད། དེ་རིང་ནི་དངོས་ནས་མིག་མཐོང་ལག་ཟིན་དང་ཤེས་པ་དེའི་གྲུབ་འབྲས་རླབས་ཆེན་ཞིག་བཞག་འདུག

གང་ལྟར། ཉིན་མ་འདི་ཚོས་རིང་དུ་ང་རང་གྲོགས་པོ་ཡེ་ཤེས་དང་ལྷན་དུ་ནང་ནས་ཕྱི་ལ་འཁྱམ་པ་དང་ཕྱི་ནས་ང་རང་གིས་གང་ཐུབ་ཐུབ་ཀྱིས་ཁོ་རང་འཁྱམ་གསེང་དུ་འཁྲིད་ཁུལ་བྱས་པ་ཡིན། དེ་རིང་ཕྱི་དྲོ་ནི་ངེད་གཉིས་ཀྱིས་ཤ་མེད་མོག་མོག་དང་ཤ་མེད་འཐེན་ཐུག་བསྐོལ་ནས་གཟའ་པ་སངས་ཀྱི་དགོང་ཟས་གྲ་སྒྲིག་བྱས་དེ་ངའི་མཛའ་མོ་ཡི་གྲོགས་པོ་ཁ་ཤས་དང་ལྷན་དུ་དགོང་ཟས་ལ་རོལ་བ་ཡིན། ཁོང་ཚོས་ངེད་གཉིས་ཀྱིས་འཐེན་ཐུག་འཐེན་པའི་སྐབས་སུ་མཚར་སྣང་ཡང་ཡང་བྱེད་ཀྱི་འདུག མི་རིང་བར་གྲོགས་པོ་ཁོ་རང་ཕྱིར་རྒྱ་གར་དུ་ལོག་དགོས་ཀྱི་ཡོད་པ་མ་ཟད། ཁོ་རང་གི་ཐོངས་ཆེན་ལག་ཁྱེར་ནི་ཟླ་ངོ་གསུམ་རིང་གི་སྤྲོ་འཁྱམ་ཐོངས་ཆེན་ཡིན། དེ་ཡི་སྒང་ལ་ཁོ་རང་གྲྭ་བ་ཡིན་པ་མ་ཟད། གྲྭ་ཆས་ཀྱང་དུས་རྒྱུན་དུ་གོན་ནས་འགྲོ་བཞིན་ཡོད་དུས། མི་ཁ་ཤས་ཀྱི་ཁོ་རང་མཐོང་དུས་མཚར་སྣང་བྱེད་པ་དང་། འདྲ་དཔར་ལྷན་དུ་རྒྱགས་བཅུགས་རོགས་ཟེར་མཁན་ཡོད། ངེད་གཉིས་ཕན་ཚུན་ངོ་ཤེས་ས་ནི་རྒྱ་གར་རྡ་ས་མེག་ལོར་ནས་དག་ཞིང་གི་ཟ་ཁང་ནང་ཡིན། ང་རང་མ་བྱན་ཡིན་ལ། ཁོ་རང་ཟ་ཁང་དེ་ཡི་ནང་གི་ཕོར་བ་དཀྲུ་མཁན་རེད། ངེད་གཉིས་ཟླ་ངོ་ཁ་ཤས་ཀྱི་རིང་དུ་ཟ་ཁང་དེ་ནས་ལས་ཀ་མཉམ་དུ་བྱས་དུས་སུ། མཛའ་མོས་ཀྱང་ཁོ་རང་ངོ་ཤེས་ཀྱི་ཡོད་ན་ཡང་། གྲྭ་བ་ཡིན་པ་དང་གྲྭ་ཆས་གོན་ནས་རིག་པའི་སྐབས་སུ། དངོས་ནས་མོ་རང་ཐོག་མར་ང་ཚོ་ཐུག་དུས་སུ་མོ་རང་ཧ་ལས་པ་རེད། ༡༣།༣།༠༩

མུ་འགོད།

སྣ་ཚོགས།

Post navigation

Previous Post: དུས་རབས་ཀྱི་དཀྱོགས་མཚམས་དང་བཀའ་ཁྲི་བློ་བཟང་སེང་གེ།
Next Post: སྲིད་སྐྱོང་འབུམ་རིམ་པ་བློ་བཟང་སེང་གེ་མཆོག

Comment (1) on “གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།”

  1. རྨ་ཆུ་སྐལ་བཟང་། says:
    2011-08-09 at 12:43 am

    གྲོགས་ལགས་ངའི་སང་ཉིན༼གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད༽ཅེས་བ་༦༤བའི་ནང་ལ་རང་གིས་འདོད་བ་ལྟར་ལས་ཀ་དེ་གཏན་འཇགས་ཡོང་བའི་སྨོན་འདུན་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme