Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Posted on 2011-06-01 By ཁ་བརྡ་ 5 Comments on གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

བོད། ལྷ་ཀླུ་གཉན་གསུམ།

ལྔ།

བུ་མོ་ཉལ་དུས་སུ་དུས་ཚོད་ག་ཚོད་འགོར་མིན་དེ་ནི་བཤད་ཚོད་ཐིགས་པ་ཞིག་གཏན་ནས་མིན། གང་ལྟར་བུ་མོ་ཐར་མ་མཚོ་ཉལ་ཚར་བ་དང་ང་རང་འོག་ཁང་གི་བསྡོད་ཁང་དུ་ཡོང་ནས་གློག་ཀླད་སྟེང་དུ་བསྡོད་པ་ཡིན། དེ་དང་མཉམ་དུ་གློག་འཕྲིན་རེ་གང་ས་ནས་ཐོན་ཡོད་མེད་དང་། བོད་ཕྱི་ནང་གི་དྲ་ཚིགས་དག་གི་གནས་ཚུལ་སོགས་ལ་བལྟ་ཀློག་བྱེད་ཀྱི་ཡོད། སྐབས་རེར་བུ་མོ་ཉལ་དུ་མ་སོང་སྔོན་དུ། མོ་རང་ཨ་མ་དང་ཡང་ན་ཨ་ནེ་དང་ལྷན་དུ་ཡོད་ཚེ་ང་རང་དྲ་ཐོག་དུ་ཉུལ་བའི་དུས་ཚོད་ཅིག་བྱུང་གི་ཡོད་ཀྱང་། དེ་ནི་ལྷོད་ལྷོད་ཅིག་གཏན་ནས་མིན། བུ་མོ་གཉིད་ཚར་རྗེས་སུ་ཆུ་ཚོད་གཅིག་དང་ཕྱེད། གཉིས་རིང་གི་དུས་ཚོད་ནི་ལྷོད་ཤོས་དང་། དྲ་ཐོག་གི་སྤུན་ཟླ་དག་གི་བསམ་ཚུལ་ཀློག་པའི་དུས་ཚོད་ཡིན།

འདི་ལྟར། གཟའ་ཉི་མ་ནས་ཕུར་བུ་བར་དུ་ཉིན་མ་རེ་རེ་བཞིན་ཕལ་ཆེ་བ་གཅིག་མཚུངས་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་འདི་ནས་རྒྱལ་ཁབ་གཞན་དག་དང་མི་འདྲ་བར་གུང་གསེང་དེ་ཡང་གཟའ་པ་སངས་དང་སྤེན་པ་ལ་བྱེད་ཀྱི་ཡོད། འདི་ནི་ཁོང་ཚོས་རྒྱལ་ཁབ་འདི་ལ་ཆོས་ལུགས་ཀྱི་ཤན་ཤུགས་ཧ་ཅང་ཆེ་བས་ཡིན་ལ། ཆོས་ལུགས་པའི་དབང་ཤུགས་ཀྱང་སྟོབས་ཤུགས་ཡོད་པ་མཚོན་ཐུབ་ཀྱི་ཡོད། དེ་དང་འདྲ་མཚུངས་ཀྱི་གནའ་བོའི་རིང་ནས་བརྒྱུད་དེ་འོང་བའི་སྲོལ་རྒྱུན་གྱི་གོམ་སྲོལ་གང་ཡིན་ལ། གཞུང་འབྲེལ་གུང་གསེང་ཡིན་ལ། དེ་ལ་ཟླ་འཕོག་ཡང་གཞུང་འབྲེལ་ལྟར། སྒེར་བ་དག་གིས་ཀྱང་སྤྲོད་དགོས་ཀྱི་ཡོད། དུས་ཚོད་ལྟར་ལས་མཁན་མིན་ན། དུས་ཚོད་ལྟར་ལས་ཀ་བྱེད་མཁན་ཡིན་ན་ནི། གནས་ཚུལ་ལོག་ག་ཡིན།

ང་རང་ནི་ཟླ་གླ་ལེན་མཁན་གྱི་གྲངས་ཡིན་ལ། ཟླ་རེ་ལ་ཨ་སྒོར་གཅིག་སྟོང་ཉིས་བརྒྱ་དང་ལྔ་བཅུ་མ་གཏོགས་ལག་པར་རེག་གི་མེད། འཕྲོད་རྟེན་བདེ་འཇག་གི་དངུལ་ལས་ཀ་ནས་སྤྲོད་དགོས་ཀྱི་ཡོད། སྤྱི་སྤྱོད་རླངས་འཁོར་དུ་འགྲོ་བ་ལ་ཡང་ཟླ་རེ་བཞིན་ལས་ཀ་སྤྱིན་བདག་གིས་སྤྱི་སྤྱོད་རླངས་འཁོར་འགྲིམ་འགྲུལ་གྱི་ཆེད་དུ་ཟླ་གཅིག་གི་འགྲིམ་གླ་ཟླ་འཕོག་ལས་ལོག་སུ་རེག་གི་ཡོད། འདི་དག་ལག་པར་རེག་རྗེས་སུ་ད་གཟོད་རྩིས་ཤིག་བརྒྱབས་པ་ཡིན་ན། ཕྱི་རྒྱལ་ན་ལས་ཀའི་ཚོད་དུ་དཔག་པའི་གླ་ཆ་ཡང་ཡག་པོ་ཞིག་མི་རེག་མཁན་དེ་ནི་ལས་ཤུགས་ངལ་རྩོལ་བ་ང་འདྲ་བ་དག་ཡོད་པ་རེད། ལས་ཁུངས་དང་དངུལ་ཁང་གི་འགན་འཛིན་སོགས་ལ། དངོས་ནས་ཟླ་འཕོག་ཟླ་ངོ་གཅིག་ལ་ཨ་སྒོར་ཁྲི་གཅིག་ལྷག་རེག་གི་ཡོད་པ་ང་རང་གིས་དངོས་སུ་རིག་མྱོང་བ་ཡིན། གང་ལྟར། གཞན་ལ་འགྲམ་ཆུ་མ་བལྡང་བར། ཐད་ཀར་རང་དང་འདྲ་བ་དག་གི་འཚོ་བའི་སྐོར་གླེང་ཡ།

དེ་རེད། ཟླ་གླ་དེ་འདྲ་ཞིག་གི་ཁང་གླ་སྤྲོད་དགོས་པ་ཡིན་ན། ཁང་གླ་སྤྲད་རྗེས་སུ་གང་ཡང་མི་ལྷག་ཟེར་ན་ཆོག ཁང་གླ་དེ་ནི་ཁང་གླ་གཅིག་བུ་མ་ཡིན་པར། གློག་རིན། ཆུ་རིན། མེ་ཐབ་ཀི་རིན། སྲང་དང་ཁོར་ཡུག་གི་གཙང་བཟོའི་རིན། སྤྲོད་དགོས་ས་འདི་དག་ལ་སྤྲད་རྗེས་སུ། ང་ལྟ་བུ་ཞིག་གིས་ཟླ་འཕོག་གིས་གང་ཡང་མི་ཡོང་བ་ཡིན། དེ་ཡིན་དུས་ང་དང་ངའི་མཛའ་མོ་ངེད་གཉིས་བྱིས་པ་བཙས་དེ་ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་ང་རང་གི་ལས་ཀ་བཟང་བོ་དེ་གཡུགས་ནས། མོ་རང་གི་མ་རྒན་མའི་ནང་དུ་གནས་སྤོར་བ་དང་ད་ལྟའི་ལས་ཀ་འདི་ལྟ་བུའི་རིགས་ཀྱི་ཟླ་འཕོག་ལེན་འགོ་བཙུགས་པ་རེད།

བྱིས་པ་བཙས་པའི་རྗེས་སུ། བྱིས་སྟན། {ཆབ་སྟན}གཅིག་པོ་ཉིན་རེ་བཅུ་གྲངས་རེ་བརྗེ་དགོས་ཀྱི་ཡོད། དེ་ལ་ཡང་ཨ་སྒོར་ཉིན་རེ་ཉུང་མཐའ་ལ་ཉིས་རེ་འགྲོ་ངེས་ཡིན། དེ་ལྟར་འཚོ་བ་ཞིག་གི་འགོ་བཙུགས་དུས་སུ། མི་གཅིག་གི་ལས་ཀ་བྱས་ནས་འཚོ་བ་ཞིག་འཁྱོལ་དཀའ་བ་ཡིན། དེ་ཡིན་དུས་ངེད་གཉིས་མོ་རང་གི་དྲིན་ཆེན་མ་རྒན་མའི་ནང་དུ་བསྡད་ཡོད་པ་ཡིན། ཟླ་འགའི་སྔོན་དུ་མོ་རང་ཡང་ལས་ཀ་ཞིག་ལ་འགྲོ་བཞིན་ཡོད། དེ་ཡང་བྱིས་པ་ཁ་ཤས་ཤིག་ལ་བལྟ་སྐྱོང་བྱེད་པའི་ལས་ཀ་ཞིག་ཡིན་དུས་ཞོར་དུ་བུ་མོ་ཡང་བལྟ་ཐུབ་ཀྱི་ཡོད། འོན་ཀྱང་། ངེད་གཉིས་ཀྱི་གླ་ཆ་ཕལ་ཆེར་འདྲ་བོ་ཞིག་ཆགས་ཀྱི་ཡོད་ཀྱང་། ཟླ་མཇུག་སླེབས་དུས་སུ་མོ་རང་གིས་ཚུར་བླངས་པ་དང་ཕར་སོང་བ་གཉིས་ལས་མཚམས་རེར་ཕར་སོང་བ་མང་བ་ཡིན། ང་རང་གིས་འགྲོ་སོང་ནི་མང་ཤོས་ཐ་མག་གཅིག་པོ་ཡིན། ཨ་སྒོར་ལྔ་བཅུ་ནས་གྱ་བཅུ་བར་དུ་ཡིན།

གཅིག་ནས་འགྲོ་སོང་དེ་དག་མོ་རང་ལ་ཆེ་དོན་ནི། མོ་རང་ལ་སྒེར་འཁོར་ཞིག་ཡོད་པ་དང་། ཞི་མོ་ཡང་དུས་རྒྱུན་མོ་རང་གི་མཉམ་དུ་ཡོད་པ་སོགས་ཀྱི་ཡིན་དུས། ངས་ག་དུས་ཡིན་ཡང་མོ་རང་ལ་སྐད་ཆ་ཐེངས་ཁ་ཤས་ཤིག་ལ་ངེད་གཉིས་མོ་རང་གི་ཨ་མའི་ནང་དུ་བསྡད་ཡོད་པ་དང་། ཟས་སོང་དང་ནང་གི་འགྲོ་སོང་བརྒྱ་ཆའི་གོ་ལྔ་མོ་རང་གི་ཨ་མས་གཏོང་གི་ཡོད་པ་ཡིན་དུས། ངེད་གཉིས་ཀྱིས་སྒོར་མོ་ཁ་ཤས་རེ་གསོག་ཐུབ་པ་ཡིན་ན་ཞེས་བཤད་མྱོང་བ་ལས། གཞན་ང་ཡིས་གླ་ཆ་ཚུན་ཆད་དུ་མོ་རང་གིས་གང་བྱེད་ཀྱི་ཡོད་མེད་ལ་ངས་ཁ་ཡ་གཏན་ནས་བྱས་མྱོང་མེད་ལ། བྱེད་དགོས་དོན་ཡང་ཞེ་དྲགས་མི་འདུག མཚམས་རེར་ཨ་སྒོར་བརྒྱ་དང་ཉིས་བརྒྱ། ཡང་ན། རོགས་པ་རེ་ཟུང་ལ་དཀའ་ངལ་གྱིས་ང་ལ་དངུལ་ཉུང་ངུ་རེ་གཡར་རོགས་ཟེར་ནས་ཞུ་བ་འཐེན་དུས་ང་ཡིས་དངུལ་བྱང་ནས་སྒོར་མོ་ཁ་ཤས་རེ་ཕྱིར་བཏོན་དགོས་ཀྱི་ཡོད་པ་དེ་ཡིན།

མི་ཚོས་བཤད་ཚུལ་ལ་ཕྱི་རྒྱལ་བ་དག་ནི་སྒེར་སེམས་ཁོ་ན་ཅན་ཏག་ཏག་ཡིན་རབས་བཤད་ལ། བདག་གིས་ཀྱང་དེ་འདྲའི་མི་ཆེས་མི་ཉུང་བ་ཞིག་མཐོང་བ་དང་ཐོས་པ་སོགས་མང་བོ་ཡོད། རེད་དེ། ང་རང་བསྡོད་སའི་མཛའ་མོའི་མ་ནི་དེ་འདྲ་ཞིག་གཏན་ནས་མ་རེད། གཅིག་བྱས་ན་མོ་རང་གིས་རང་གི་བུ་མོ་ལ་གཅེས་པའི་ཡིན་སྲིད་པ་ཡིན། གང་ལྟར། ངེད་གསུམ་མོ་རང་གི་ནང་དུ་བསྡད་ནས་ལོ་གཅིག་འགྲོ་གྲབས་ཡོད། དེ་ཡི་རིང་དུ་ཟླ་ངོ་གཅིག་ལ་ནང་ལ་ཅ་དངོས་ཐེངས་བཞི་ལ་ཉོ་དགོས་ཀྱི་ཡོད། དེ་ནི་དུས་རྒྱུན་དུ་མོ་རང་གིས་འགྲོ་སོང་གཏོང་བ་མ་ཟད། མཚམས་རེར་ད་དུང་ངའི་མཛའ་མོ་ལ་ཟུར་དངུལ་གྱིས་རོགས་རམ་ཁ་ཤས་ཀྱང་ཐེངས་མི་ཉུང་བ་ཞིག་ལ་བྱས་མྱོང་ཡོད། ད་དུང་། མོ་རང་གིས་ཕ་རྒན་ན་ང་ཚོ་མཉམ་དུ་མེད་ཀྱང་། མཚམས་རེར་ཡོང་དུས་རེ་ལག་པ་སྟོང་བ་ཡོང་དུས་ཤིག་མེད། ད་ལྟ་ངས་འབྲི་བཞིན་པའི་ཡི་གེ་འདི་བཏགས་སའི་ལག་ཁྱེར་གློག་ཀླད་འདི་ཡང་མོ་རང་གི་ཕ་རྒན་གྱིས་ངེད་གཉིས་ལ་སྤྲད་པ་ཡིན་ལ། དྲ་ལམ་ལ་ཟླ་རེའི་རིན་པ་ཡང་ཁོ་རང་གིས་ལོ་ངོ་གཉིས་ལྷག་གི་རིང་དུ་སྤྲད་དེ་བསྡད་པ་ཡིན། ང་ཚོས་བོད་པའི་གོམ་སྲོལ་དང་བསྡུར་ནས་བཤད་པ་ཡིན་ན། མ་འདྲ་ས་མང་བོ་ཞིག་ཡོད་ངེས་ཡིན་ལ། དེ་དག་ནི་ག་ལེར་ང་རང་གི་འཚོ་བ་དངོས་ཀྱི་ཞ་དང་ཞོར་ནས་འོང་གི་རེད།

མུ་འགོད།

སྣ་ཚོགས།

Post navigation

Previous Post: ངའི་རྒྱལ་ཁབ་ཇི་ལྟར་བསྐྱལ་བའི་རྒྱུད་རིམ།
Next Post: བློ་བཟང་སེང་གེ་མཆོག་ལ་ཆེད་ཞུ།

Comments (5) on “གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།”

  1. ཀླུ་སྨྱོན། says:
    2011-06-01 at 9:57 pm

    དཀའ་ངལ་དང་བྲེལ་ཟིང་ཆེ་བའི་འཚོ་བའི་ཀློང་ནས་ཁྱོས་ནམ་ཡང་རྩོམ་འབྲི་མཚམས་མི་འཇོག་པ་འདི་ངོ་མ་ཡིད་སྨོན་འཆོར་དགོས་པ་ཞིག་རེད། ངས་ནི་ཆམ་པ་ཞིག་ཕོག་ན་ཡང་དེ་ལ་ཁག་བཞག་ཟླ་ངོ་རེར་རྩོམ་འབྲི་གིན་མེད།

  2. རྨ་ཆུ་སྐལ་བཟང་། says:
    2011-06-02 at 2:44 am

    དངོས་གནས་རང་གི་མཛའ་མོ་ལ་ཨ་མ་ཡག་པོ་ཞིག་ཡོད་ཟིག་་ནུབ་ཕྱོགས་བ་ཚོའི་ནང་ན་མ་བུའི་འབྲེལ་ལམ་དེ་འདྲ་ཡོད་ས་ཧ་ཅང་དཀོན་གིས། རང་ལའང་ལུས་ཀའི་ཚོད་གི་གླ་ཆ་དངོས་གནས་མི་མང་གི།

  3. རྩམ་དགའ། says:
    2011-06-02 at 2:46 am

    བློ་མཐུན་གྲོགས་པོ་ལགས་ནས་་་་ཉིན་རེའི་འཚོ་བར་སྐྱེལ་སྟངས་བཅས་གླེང་ཡོང་དུས། ངོ་མས་ང་རང་ལ་སྤོབས་པ་དང་སེམས་ཤུགས་ཕར་མ་ཞིག་སྐྱེས་ཡོང་གིན་འདུག ངེད་གཉིས་འཚོ་བར་སྐྱེལ་སྟངས་ལ་མཐུན་ས་མང་བོ་ཞིག་འདུག་ལ་མིན་མཐུན་ས་ཡང་ཧ་ཅང་མང་བོ་འདུག གང་ལྟར་ཡང་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་མང་ཆེ་བའི་འཚོ་བར་སྐྱེལ་ཚུལ་འདི་ག་རང་རེད། ལྷག་པར་དུ་བོད་ནས་ཡོང་བ་ཞིག་ཡིན་ན་ཕལ་ཆེར་བའི་འཚོ་བ་འདི་འདྲའི་སྒང་ནས་སྐྱེལ་བཞིན་ཡོད།

  4. གཞིས་བོད། says:
    2011-06-02 at 11:53 pm

    ཁྱོད་ཀྱིས་ཟླ་གཅིག་གི་དུ་བའི་རིན་པ་སྒོར་བརྒྱད་ཅུ་ཡིན་པའི་དབང་དུ་བཏང་ན། ཨ་སྒོར་རེ་ལ་རྒྱ་ནག་སྒོར་མོ་༦.༤ལྷག་རེད། དེ་ལྟར་ན་ལོ་རེ་ལ་རྒྱ་ནག་སྒོར་མོ་དྲུག་སྟོང་ཆིག་བརྒྱ་ཞེ་བཞི་༦༡༤༤ལྷག་རེད དེས་བོད་ནང་གི་རོང་འབྲོག་མང་ཚོགས་གཅིག་གི་ལོ་རེའི་སྨན་ཡོན། ཕྱི་བསྐྱོད། ལྗོངས་རྒྱུ་རྣམས་མ་བརྩིས་པའི་ཟས་གོས་གཉིས་ཀྱི་འཚོ་བ་སྐྱིད་པོ་རོལ་ཐུབ་ནི་རེད།

  5. བརྩོན་རྒྱམ། says:
    2011-06-03 at 2:24 am

    ང་ཚོ་བོད་མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་ཉིན་རིས་འཚོ་བ་སྐྱེལ་རྒྱུ་དེ་རང་བཞིན་རེད་ཡིན་ཡང་ད་དུང་བོད་མི་ཞིག་ཡིན་པས་ཆ་ནས་བོད་ཀྱི་ལས་དབང་དེ་བོད་མི་ཚང་མའི་ཁྲག་སྟེང་དུ་བབ་པའི་ལས་འགན་ཞིག་ཡིན་པ་ངོ་ཤེས་ཀྱི་ཡོད་པ་དེ་ངོ་མ་རིན་ཐང་མེད་པ་ཞིག་རེད། གོང་དུ་རྩོམ་ཡིག་ཞིག་བྲིས་པ་དེ་ནང་དུ་ལྟས་ན་ཉིང་རིས་འཚོ་བ་དང་བྲལ་མི་ཐུབ་པའི་གནས་སྟངས་འདིས་དབང་དུ་བཏང་ན་ཧ་ཀྱང་རླབས་ཆེན་ཞིག་རེད་སྤྱིར་བཤད་ན་རང་བཞིན་འདྲ་བོ་རེད། བོད་མི་སུ་ཞིག་ཡིན་རུང་འདི་ལྟ་བུའི་བརྩོན་པ་བྱེད་གལ་ཆེན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme