Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་སྐོར་གྱི་མཐོང་ཐོས་འགའ།

Posted on 2014-04-082014-04-08 By ཁ་བརྡ་ No Comments on གནས་སྐོར་གྱི་མཐོང་ཐོས་འགའ།

རིགས་སློབ། མཚོ་སྒོ་འཇམ་དབྱངས།

དེ་རིང་ནི་སྤྱི་ལོ་གསར་པའི་ཚེས་བཞི་ཡིན་ལ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གྲུབ་པའི་རྗེས་ཀྱི་ཉིན་གཉིས་པ་དེ་ཡང་ཡིན།
སྤྱིར་བོད་མི་གཙོ་བོར་གྱུར་པའི་ནང་པའི་རྒྱལ་ཁབ་ཁག་གིས་གནས་མཆོག་རྡོར་གདན་གཙོས། རྒྱ་གར་གྱི་གནས་ཆེན་ཁག་ཏུ་མཇལ་སྐོར་དུ་བསྐྱོད་རྒྱུ་ནི་རྣམ་འདྲེན་བཞི་པ་གཽ་ཏམ་བུ་དྷ་དབུས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་འདི་དག་མཇལ་ཏེ། དོན་ཆེན་པོ་གཉིས་འགྲུབ་པའི་ཆེད་དུ་ཡིན་པ་བཤད་མི་དགོས་པ་ཞིག་ཡིན།
དང་པོ་ནི་ང་ཚོས་དུས་རྒྱུན་འཚོ་བའི་ནང་ལས་ཀ་གང་བྱས་དགེ་བ་ལས་མི་དགེ་བ་ཆེས་ཆེ་བས་བསླད་དེ། སྡིག་སྒྲིབ་ཀྱི་ནུས་པ་གོང་འཕེལ་དུ་ཕྱིན་པ་དང་སྔར་བསགས་ཀྱི་བསོད་ནམས་ཉམས་པ་རྣམས་སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པའི་གནས་མཆོག་དེ་དག་ལ་མཆོད་ཅིང་སྐོར་བ་བྱེད་པ་ཙམ་གྱིས་བསོད་ནམས་གོང་དུ་འཕེལ་ཏེ་སྡིག་སྒྲིབ་ཀྱི་ནུས་པ། ཇེ་ཆུང་དུ་ཕྱིན་ཏེ་སངས་རྒྱས་ཀྱི་རྒྱུར་འགྱུར་བ་དང། གཉིས་ནས། གནས་ཆེན་དེ་དག་མཇལ་སྐོར་དུ་ཕྱིན་པའི་མཐུ་ལས་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་ཀྱི་ནུས་པ་འཇུག་སྟེ་ཚེ་འདིའི་ཕྱི་ནང་གི་བར་ཆད་ཞི་བ་དང། ཚེ་ཕྱི་མར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་ཏེ་ཚེ་རབས་དུ་མར་སངས་རྒྱས་ཀྱིས་རྗེས་སུ་གཟུང་བའི་ཆེད་དུའང་ཡིན།

གུས་པར་མཚོན་ན་གནས་མཆོག་དེ་དག་ལ་མཇལ་སྐོར་དུ་བསྐྱོད་རྒྱུའི་གོ་སྐབས་ནི་ངོ་མ་ཉིན་མོའི་སྐར་མ་དང་ཚེ་འདིར་ཐེངས་གཅིག་ཙམ་རེད་ཅེས་བཤད་ནའང་འུད་ཤོབ་ཏུ་འགྲོ་བར་མི་སེམས། ཡིན་ཡང་ད་ཆ་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་ལྔའི་ཡ་རྒྱལ་ཕར་ཕྱིན་ཐོག་བསླབ་པ་མཐར་སོན་པ་དང་། སློབ་གྲྭའི་ཡིག་ཚང་ངོས་ནས་འགྲོ་གྲོན་བཏང་སྟེ་རྒྱ་གར་གྱི་གནས་ཆེན་ཁག་གིས་གཙོས། བལ་ཡུལ་གྱི་གནས་ཆེན་ཁག་ཏུ་སྐྱོད་པའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་ལྟར། བདག་གིས་ཀྱང་སྐལ་བཟང་གི་གོ་སྐབས་དེ་དམ་འཛིན་ཐོག་འཛིན་གྲོགས་དང་ལྷན་དུ་གནས་མཆོག་དེ་དག་ལ་མཇལ་སྐོར་དུ་བསྐྱོད་པ་ཡིན།
སྤྱིར་ཕྱི་ཕྱོགས་སུ་མི་མང་པོ་དང་མཉམ་དུ་འགྲུལ་སྐྱོད་བྱ་རྒྱུ་དེ་གང་ཟག་སོ་སོའི་ཁམས་དང་དགོས་པའི་དབང་གིས་ཡིན་ལ་དོན་སྙིང་ཡང་མི་འདྲ་བ་མང་དག་ཅིག་ཡོད་ངེས་རེད། ང་དང་འཛིན་གྲོགས་རྣམས་ཀྱི་སྐབས་དེའི་འགྲུལ་སྐྱོད་ནི་ངོ་མ་སྤྲོ་སྣང་དང་དོན་སྙིང་ལྡན་པའི་འགྲུལ་སྐྱོད་དང་པོ་དེ་ཡང་ཡིན་ལ་མཐའ་མ་ལའང་བརྩི་ཆོག་པ་ཞིག་ཡིན།

ནམ་རྒྱུན་སློབ་གྲྭའི་སྒོ་ར་ཆུང་ཆུང་དེའི་ནང་སོ་སོའི་འཛིན་གྲོགས་གཅིག་པ་ལས་གཞན་ལ་ཆ་རྒྱུས་དེ་ཙམ་མེད་པའི་མི་ཞིག་ཕྱི་ཕྱོགས་སུ་དངོས་སུ་བསྐྱོད་དེ་དཀར་ཆ་དོད་པའི་ཐོག་བརྩེགས་ཁང་ཆེན་གྱི་སྒྱུ་རྩལ་གྱི་བཀོད་པ་དང་། ཕྱིའི་ཁོར་ཡུག་གི་རྣམ་པ་རྣམས་འདྲེན་བྱེད་དབང་པོའི་ལོངས་སྤྱོད་ཀྱི་བདུད་རྩིར་གྱུར་དུས་ངོ་མ་སེམས་ནང་དགའ་སྐྱོ་འདྲེས་མའི་ཚོར་བས་ཡོངས་སུ་གཏམས་ཏེ་ཕྱི་ཕྱོགས་ཀྱི་འཇིག་རྟེན་ཟེར་བ་འདི་རང་ཉིད་ཀྱི་བསམ་ཚོད་ལས་འདས་པ་ཞིག་ཡིན་པ། དུས་དེ་ནས་གསལ་པོར་ཤེས་རྟོགས་བྱུང་ལ། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་དག་ཅི་ཕྱིར་འཛམ་གླིང་གི་ས་ཕྱོགས་གང་སར་ཡུལ་སྐོར་དུ་སྐྱོད་དགོས་པ་དེ་ཡང་སེམས་ཀྱི་གནད་དོན་ཙམ་མིན་པར་ཕྱི་ཕྱོགས་ཀྱི་ཡུལ་མིའི་གོམས་གཤིས་དང་ཡུལ་ལྗོངས་ཀྱི་བཀོད་པ་སོགས་ལ་ཚོར་སྡུར་བྱས་ཏེ། རང་ཉིད་ཀྱི་མཐོང་རྒྱ་དང་ཐོས་རྒྱ་སོགས་གོང་འཕེལ་དུ་གཏོང་གི་ཡོད་པ་དེར་ངེས་ཤེས་བྱུང་།

མདོར་ན་རང་ཉིད་ལ་དུས་ཚོད་དང་གྲོན་དངུལ་འདང་ངེས་ཤིག་ཡོད་ཚེ་ཕྱི་ཕྱོགས་སུ་གནས་མཇལ་དང་སྤྲོ་གསེང་ལ་སྐྱོད་རྒྱུ་ནི་ངོ་མ་སྤྲོ་སྣང་དང་། དགེ་རྒན་གྱིས་བཤད་འཁྲིད་དང་དཔེ་དེབ་བལྟ་ཀློག་ལས་འདས་པའི་སློབ་སྦྱོང་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་རྟོགས་བྱེད་ཐུབ། རྡོར་གདན་གཙོས་རྒྱ་གར་གྱི་གནས་ཆེན་དེ་དག་གཞུང་གི་གནའ་རྫས་གཅེས་ཉར་ཁང་གི་བལྟ་སྐྱོང་འོག་ལ་ཡོད་པས་རིམ་པས་བཅོས་སྒྱུར་བྱེད་ཀྱིན་འདུག་པས། དུས་རབས་གསུམ་པ་དང་བཞི་པ་ཡས་མས་ཀྱི་སྒྱུ་རྩལ་གྱི་བཀོད་པ་རེད་ཟེར་དུས་ངོ་མ་སེམས་ནང་བརྗོད་དུ་མེད་པའི་དོགས་ཆར་དང་། འདི་འདྲ་ཨེ་ཡིན་སྙམ་པའི་དྲི་བ་མང་དག་ཅིག་བདག་གི་སྣང་བར་ངམ་ངམ་ངང་གིས་ཡོང་གི་འདུག
འདིའི་ནང་ནས་ཀྱང་རྒྱ་གར་མོ་བྷེའེ་(Mumbia)གྲོང་ཁྱེར་ནང་ཆགས་པའི་གྲུབ་ཆེན་བརྒྱད་ཅུའི་གྲུབ་ཁང་དང་མ་ཧཱ་ར་ཤི་ཌའི་(Maharashtra)ནང་ཡོད་པའི་ཨ་ཇེན་ཏཱ་དང་ཨི་ལོ་རཱའི་( Ajanta Ellora)གྲུབ་ཁང་དེ་དག་དུས་རབས་གཉིས་པའི་ནང་སྐྱེས་བུ་དམ་པ་རྣམས་ཀྱི་བྱུས་བཀོད་ལས་བྱུང་བའི་སྒྱུ་རྩལ་གྱི་ལག་རྗེས་གསོན་པོ་ཞིག་ཡིན་ལ། གྲུབ་ཁང་དེ་དག་གི་ནང་ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་རྣམ་པ་འབུར་དུ་ཐོན་པའི་རྡོ་བརྐོས་ཀྱི་སྐུ་བརྙན་གྱི་རིགས་མང་དག་ཅིག་མཇལ་རྒྱུ་ཡོད་པ་དེ་དག་དུས་སྐབས་དེའི་སྐབས་ཀྱིས་མིས་བཟོ་སྐྲུན་བྱས་པའི་སྒྱུ་རྩལ་རེད་ཟེར་ན། ངོ་མ་བློ་ཡུལ་དུ་ཤོང་དཀའ་ལ་དེ་བས་ཀྱང་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་གྱུར། མ་ཟད་དུས་སྐབས་དེའི་ནང་ཆོས་ལུགས་གྲུབ་མཐའི་རྩོད་རྙོག་ལས་བྱུང་བའི་ཉམས་ཆག་གི་འཇུག་འབྲས་དེ་དག་མཐོང་དུས་སེམས་ན་ཟུག་གིས་མཆི་མས་བརླན་ཞིང་འཕང་སེམས་ཀྱི་གཡོ་འགུལ་ཡང་ཚད་མེད་ཐེབས་བྱུང་།

རྒྱ་གར་ནང་གི་གནས་ཆེན་ཁག་ལེགས་པར་གྲུབ་པ་དང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་སྐུ་བལྟམས་པའི་ཡུལ་བཀྲ་ཤིས་ལུམ་བུའི་ཚལ་(དེང་སང་ལུམ་བི་ནི་)མཇལ་རྒྱུ་བྱུང་ལ། དེ་ནི་བལ་ཡུལ་ནང་གི་གནས་མཇལ་གྱི་ཐོག་མའང་ཡིན།
སྤྱིར་འཛམ་གླིང་གི་ལོ་རྒྱུས་ནང་རྒྱ་གར་ནི་རྒྱ་ནག་གཙོ་བོར་གྱུར་པའི་དེང་གི་ནང་པའི་ཡུལ་གྲུ་ཀུན་གྱི་ནང་ཆོས་ཀྱི་འབྱུང་རྩ་ཡིན་ལ། བལ་ཡུལ་ནང་དུའང་དར་ཁྱབ་བྱུང་བ་དང་ཕྱིས་སུ་རིམ་པས་ཉམས་རྒུད་བྱུང་སྟེ། དུས་རབས་བདུན་པའི་ནང་སློབ་དཔོན་རིན་པོ་ཆེ་བོད་ལ་ཕེབས་པ་དང་ལམ་ཞོར་དུ་བལ་ཡུལ་གྱི་ས་ཕྱོགས་མང་པོར་ཞབས་ཀྱིས་བཅགས་སྟེ་དེའི་གདུལ་བྱ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་བཀའ་བསྩལ་པ་དང་དུས་ཚུངས་སུ། བལ་ཡུལ་གྱི་ས་ཕྱོགས་མང་པོར་སློབ་དཔོན་རིན་པོ་ཆེ་རང་ཉིད་ཀྱིས་སྒོམ་སྒྲུབ་གནང་སའི་ས་ཆ་རྣམས་ད་ཆ་བལ་ཡུལ་ནང་གི་རྩ་ཆེའི་གནས་མཆོག་ཏུ་གྱུར་ཏེ། མི་རིགས་འདྲ་མིན་གྱི་དད་ལྡན་མང་པོ་མཇལ་སྐོར་དུ་ཡོང་བ་དང་དེའི་གཡས་ཡོན་གྱི་དགོན་པ་དག་ལ་སེམས་ནུས་ཡོད་རྒུས་ཕྱག་མཆོད་འབུལ་བྱེད་པ་མཐོང་དུས་ངོ་མ་སེམས་ནང་དགའ་གུས་ཡིད་རངས་ཀྱི་སྤྲོ་བ་གོང་དུ་བརྟས། ཡིན་ཡང་གནས་མཆོག་དེ་དག་གི་གནས་བབ་དང་འཛིན་སྐྱོང་གང་འདྲ་ཡོད་མེད་རང་ཉིད་ཀྱི་ངོས་ནས་ཉུལ་ཞིབ་བྱས་པ་རྒྱུད་དེ་དག་གི་གནས་བབ་རྒྱ་གར་དང་བསྡུར་ན་ཧ་ཅང་ཞན་པོ་འདུག

སྤྱིར་མི་རིགས་གང་ཞིག་ཡིན་ཡང་སོ་སོའི་འཚོ་གནས་ཀྱི་དགོས་མཁོ་བབ་བསྟུན་ཡོང་ཆེད་རིག་གནས་ངང་ཚུལ་དང་། བསམ་བློའི་འཁྱེར་སོ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ལྟར་བལ་ཡུལ་གྱི་མི་མང་རྣམས་ལ་ཡང་དེ་ལྟར་ཡོད་པ་སྨྲོས་མེད་རེད། ཡིན་ཡང་བལ་ཡུལ་གྱི་གནས་མཆོག་དེ་དག་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ཁྱིམ་ཚང་སྒེར་པའམ་ཡང་ན་ཚོགས་པ་རེ་འགས་བདག་ཏུ་བཟུང་བ་མ་ཟད་གཞུང་ཕྱོགས་ནས་ཆོས་ལུགས་ལ་འཛིན་པའི་ལྟ་སྐྱོང་དང་། ཡུལ་མིའི་ཆོས་ལུགས་ཀྱི་གནས་བབ་ཞན་པོ་ཡོད་པ་དེ་ནས་གསལ་པོར་རྟོགས་ཐུབ། དཔེར་ན། ནང་མིའི་ཆོས་ལུགས་ཧིན་དྷུ་ཡིན་ཡང་ཕྱི་ཕྱོགས་སུ་ནང་པ་ཡིན་ཁུལ་གྱིས་གནས་མཆོག་དེ་དག་ལ་བདག་སྐྱོང་བྱེད་པ་ལྟ་བུ་རེད།
མདོར་ན་བལ་ཡུལ་ནང་གི་གནས་མཆོག་དེ་དག་ཕྱིའི་རྣམ་པའི་ཐོག་ནས་བོད་པའི་ནང་ཆོས་དང་། འབྲེལ་འདྲིས་ཆེ་ཡང་དོན་དངོས་ཐོག་ཧིན་དུའི་ཆོས་ལུགས་ཀྱི་འཚོ་བའི་གོམས་གཤིས་དང་ཡོངས་སུ་འདྲེས་ཏེ་ཁྱིམ་ཚང་དང་ཚོགས་པ་དེ་དག་གི་འཚོ་བའི་གཞི་མར་གྱུར་ཏེ་དད་ལྡན་གྱི་གནས་མཇལ་བ་མང་པོའི་སེམས་སུ་ན་ཟུག་གི་གཟེར་ཁ་སྟེར་བ་མ་ཟད་བརྗེད་པར་དཀའ་བའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་དུ་འཇུག་གི་ཡོད།

སྣ་ཚོགས།

Post navigation

Previous Post: གསར་འགོད་བྱེད་སྟངས་རགས་བསྡུས་ཤིག
Next Post: སྲིད་པའི་གངས་རི་འགྱིང་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme