Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་ཚང་གི་གནས་སྟངས་སྐོར་གྱི་ཁ་བརྡ།

Posted on 2011-08-22 By ཁ་བརྡ་ 4 Comments on གནས་ཚང་གི་གནས་སྟངས་སྐོར་གྱི་ཁ་བརྡ།

ཨ་ར་དཀར་པོ་ནས།

དེ་རིང་རྒད་པོས་གནས་ཚང་རྒྱ་གར་ཚང་གི་ད་ལྟའི་གནས་ཚུལ་སྐོར་ཞིག་དྲ་ཐོག་གི་གྲོགས་པོ་ཚོར་ཁ་བརྡ་ཞིག་བྱེད་ན་འདོད། འདི་ནི་ཁ་བརྡ་རང་ཡིན་པས་ཉན་འདོད་མེད་མཁན་ཚོ་དང་པོ་ནས་གཡོལ་རོགས། ཚང་མས་ཤེས་གསལ་ལྟར་ད་ལྟའི་ཆར་རྒྱ་གར་གྱི་རྒད་པོ་ཨ་ན་ཨ་ཛ་རེ་ཡི་ངོ་རྒོལ་ལ་རྒྱལ་ཁ་ཐོབ་གྲབས་འདུག ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་རེད། ལྟོས་དང་། གཞུང་གི་ལས་བྱེད་པ་དང་ཁྲིམས་རྩོད་པ། གློག་བརྙན་འཁྲབ་སྟོན་པ། སློབ་མ། ལས་བཟོ་བ། གྲོང་གསེབ་པ་སོགས་ཡོད་ཚད་ལང་ཡོང་གིན་འདུག དེའི་མ་ཚད་གྲོང་ཁྱེར་མུམ་བྷེ་རུ་ཌལ་པེ་བ་ལ་༼ཕྱི་ལོགས་ནས་ཡོང་བའི་གཞུང་གི་ལས་ཁུངས་ཆེ་ཁག་གི་ལས་བྱེད་ཚོར་ཉིན་གུང་ཁ་ལག་བཙོང་ནས་འཚོ་བ་སྐྱེལ་མཁན་རིགས་ལ་ཟེར་བ་འདྲ༽ལོ་བརྒྱ་དང་ཉི་ཤུ་ལྷག་རིང་སྐད་འབོད་བྱས་མ་མྱོང་མཁན་རེད་ཟེར་བ་དེ་ཚོ་ཡང་ད་རེས་ལངས་ཡོང་གིན་འདུག དཔོན་ངན་ལྐོག་ཟ་རུལ་སོང་བྱེད་མཁན་དེ་ཚོ་འུ་ཐུག་ཐབས་ཟད་ཆགས་འདུག ངོ་རྒོལ་བྱེད་སྟངས་ལའང་མི་འདྲ་བ་མང་པོ་འདུག ཁ་ཤས་ཀྱིས་ཟས་བཅད་ངོ་རྒོལ། ཁ་ཤས་ཆུའི་ནང་གན་རྐྱལ་དུ་ཉལ་ནས་ངོ་རྒོལ། ཁ་ཤས་ཀྱིས་རྐང་ལག་བཞི་བོ་སར་བཙུག་ནས་ཁྲོམ་སྐོར་བྱེད་པ་སོགས་སྣ་ཚོགས་མཐོང་རྒྱུ་འདུག སྐུ་ཞབས་ཨ་ན་ཁོང་རྒྱ་གར་ལོ་རྒྱུས་སྟེང་གི་གྷན་ངྷི་གཉིས་པ་ཆགས་རྒྱུ་རེད། ད་ལྟ་ཁོང་ལོ་བདུན་ཅུ་དོན་བཞི་རེད། ཁོང་གིས་ལོ་ཉི་ཤུ་རྩ་དྲུག་ནས་བཟུང་དཀའ་ལས་རྒྱབ་པ་རེད་འདུག། ཐོག་མར་རང་གི་གྲོང་གསེབ་ཆུང་ཆུང་དེ་ནས་འགོ་བཙུག ད་ལྟ་ཁོའི་གྲོང་གསེབ་དེ་ནང་ཐ་མག་དང་ཨ་རག་ཚོང་མཁན་དང་ཤོ་སོགས་རྒྱན་འཛུགས་རིགས་གང་ཡང་མཐོང་རྒྱུ་མེད་སྐད། ཕ་མས་ཆང་ས་རྒྱག་དགོས་པར་སྐུལ་མ་ཅི་ཙམ་བཏབ་ཀྱང་ཁོས་རང་གི་དམིགས་ཡུལ་དེའི་ཆེད་དུ་ཆང་ས་མི་རྒྱག་རྒྱུའི་དམ་བཅའ་བཞག ཁ་སང་ཁོའི་གཏམ་བཤད་ནང་གལ་སྲིད་དེ་དུས་ང་ཆང་ས་རྒྱབ་ཡོད་ན་སྐྱེ་དམན་དང་བུ་གུ་སོགས་ནང་མི་ཁ་ཤས་ཡོད་རྒྱུ་རེད། ད་ལྟོས་དང་། འདི་ཚང་མ་ངའི་ནང་མི་རེད། ང་ལ་ད་ཆ་ནང་མི་མང་པོ་འདི་འདྲ་ཆགས་པ་རེད་ཟེར། ཁོས་ད་དུང་མི་མང་ཚོར་ང་ཚོ་ཚང་མ་རྒྱལ་ཁབ་འདིའི་ནང་མི་ཡིན་པས་ངོ་རྒོལ་སྐབས་ཅ་དངོས་གཏོར་བཤིག་སོགས་རྩ་ནས་མི་བྱེད་པར་འཚེ་བ་མེད་པའི་ཐོག་ནས་བྱེད་དགོས་པ་དང་། དེ་བཞིན་ལས་ཀ་ཡོད་མཁན་ཚོས་ཞོར་ལ་རང་གི་ལས་ཀའང་འཐུས་ཤོར་མི་འགྲོ་བ་བྱེད་དགོས་སྐོར་སོགས་བཤད། དེ་དུས་ཁོ་ཚོའི་གྲོང་གསེབ་ནང་གི་དུ་ཆང་དང་བག་མེད་ཀྱི་རྩེད་མོ་དེ་རིགས་འགོག་ཆེད་དཀའ་ལས་ཡུན་རིང་རྒྱབ་ཀྱང་ཕན་ཐོགས་ཆེན་པོ་མ་བྱུང་ནས་ཁོ་རང་སེམས་ཤུགས་ཆག་ཅིང་ད་གྲོང་གསེབ་འདི་དང་གཏན་དུ་ཁ་གྱེས་དགོས་བསམ་ནས་གྲོང་གསེབ་ནས་ཐོན། ལམ་བར་དུ་དཔེ་ཁང་ཞིག་ནས་དེབ་ཅིག་ཉོས་ནས་ཀློག་སྐབས་དེབ་ནང་གི་མི་དེའི་སེམས་ཤུགས་དང་སྙིང་སྟོབས་ལ་ཁོ་རང་ཧང་སང་། འདི་དང་བསྡུར་ན་ངའི་དཀའ་ལས་རྒྱབ་པ་དེ་ཆི་གང་མ་རེད་སྙམ་ནས་སླར་ཡང་སེམས་ཤུགས་བསྐྱེད་དེ་གྲོང་གསེབ་ལ་སླར་ལོག དེ་ལྟར་དེ་རིང་ལ་ཐུག་གི་བར་གྱི་མི་ལོ་བཞི་བཅུ་ལྔ་བཅུའི་རིང་དཀའ་ལས་རྒྱབ་པ་རེད། ཉེ་བའི་ཆར་ཟས་བཅད་ངོ་རྒོལ་བསྟུད་མར་ཐེངས་བརྒྱད་བྱས། དེ་ནས་ད་རེས་ཟས་བཅད་ངོ་རྒོལ་བྱེད་དུ་ཡོང་སྐབས་ལམ་བར་ནས་ཁོ་དང་རོགས་པ་གཉིས་བཅས་འཇུས། གནས་ཚུལ་དེ་ཐོན་མ་ཐག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ཚང་མ་ནས་མི་མང་ཡར་ལང་བྱས་པར་བརྟེན་ཆུ་ཚོད་གཉིས་གསུམ་རྗེས་ནས་བཙོན་ཁང་ནས་གློད་རྩིས་བྱས་ཀྱང་ཁོ་དང་རོགས་པ་རྣམས་ཕྱི་ལ་ཐོན་རོགས་མ་བྱས་ནས་བདེ་འཇགས་ཉེན་རྟོགས་པ་སོགས་ཅི་བྱེད་འདི་བྱེད་མེད་པར་གྱུར། ཁོང་གི་རོགས་པ་ཕོ་སར་དེས་གསར་འགོད་པ་སོགས་ལ་འདི་སྐད། ཆུ་ཚོད་གཉིས་གོང་དུ་ང་ཚོ་འཇུ་བཟུང་གིས་ཉིན་གྲངས་དགུ་ལ་བཙོན་འཇུག་བྱེད་རྒྱུ་ཐག་བཅད་པ་རེད་ཟེར། ཆུ་ཚོད་གཉིས་ལས་མ་འགོར་བར་ད་བཙོན་ཁང་ནས་ཐོན་དགོས་ཟེར། ཁྲིམས་གང་དྲན་དྲན་འདི་འདྲ་ག་རེ་རེད་ཟེར། སྐུ་ཞབས་ཨ་ན་ལགས་ཀྱིས་དབྱིན་ཇི་བ་ཕྱིར་སྐྲོད་བྱས་ཀྱང་དེའི་ཚབ་ཏུ་ཟ་ཧམ་ཅན་གྱི་དཔོན་ངན་དག་གིས་བཟུང་ནས་ཡོད་པས། ང་ཚོ་ལ་དགོས་པའི་རང་བཙན་ངོ་མ་དེ་ད་དུང་རག་ཡོད་པ་མ་རེད། ལས་འགུལ་འདི་ནི་རང་དབང་གསར་བརྗེའི་ལས་འགུལ་ཆེ་ཤོས་གཉིས་པ་དེ་ཡིན། ངས་གཞུང་གི་ལྐོག་ཟ་རུལ་སུང་གི་སྒོ་མོ་འགག་པའི་ཁྲིམས་ལུགས་གསར་པའི་ཆ་རྐྱེན་རྣམས་ཁས་ལེན་ལག་བསྟར་མ་བྱུང་བར་དུ་ངོ་རྒོལ་མཚམས་མི་འཇོག་ཟེར། མི་མང་ཁྲོད་ནས་ཀྱང་གསར་འགོད་པར་རང་གི་ལག་ནས་དཔོན་ངན་དང་ལས་ཁུངས་ཀྱིས་དངུལ་ཇི་ལྟར་བླངས་པ་དང་དངུལ་མ་སྤྲད་ན་ལས་ཀ་མི་འགྲུབ་ཚུལ་འགྲེལ་བཤད་རྒྱག་མཁན་འཚང་ཁ་ཤིག་ཤིག་བྱེད། ད་རེས་ཀྱི་མི་མང་གི་ངོ་རྒོལ་འདི་ལས་གཞི་རྒྱ་ཆེ་བ་དང་འཚེ་བ་ཅུང་ཟད་ཙམ་ཡང་མ་འདྲེས་པ་འདི་འདྲ་ཞིག་རྒྱ་གར་རང་བཙན་ཐོབ་ནས་ད་བར་བྱུང་མ་མྱོང་སྐད། དེ་བཞིན་ས་ཁུལ་གཞན་ནས་ཡོང་བའི་ངོ་རྒོལ་བ་མང་པོས་དང་བླངས་ཐོག་གཡས་གཡོན་གྱི་ཁོར་ཡུག་དང་གཞུང་གིས་གཙང་མ་བཟོ་མ་ཐུབ་པར་ལུས་ཡོད་པའི་ས་ཆར་གཙང་མ་བཟོ་བཞིན་འདུག གསར་འགོད་པས་མི་ཞིག་ལ་དྲི་བ་གཏོང་སྐབས། ཁོས་འདི་སྐད། ང་ཚོས་སྐུ་ཞབས་ཨ་ན་ལགས་ཀྱི་རྗེས་སུ་འབྲངས་ནས་འཚེ་བ་མེད་པའི་ཐོག་ནས་ངོ་རྒོལ་དང་འབྲེལ་དང་བླང་གིས་ཁོར་ཡུག་གཙང་མ་བཟོ་བ་ཡིན། ཁོང་གར་ཕེབས་ན་ང་ཚོའང་དེར་སླེབས་པ་བྱེད་རྒྱུ་ཡིན་ཟེར། གསར་འགོད་པས་བཤད་ན་སྔོན་ཆད་གཞུང་གི་དཔོན་རིགས་ཚོས་ཁྱོད་་་་ཁྱོད་ཅེས་མཛུབ་མོ་བཙུག་ནས་སྐད་ཆ་བཤད་ཡུལ་ཨ་ན་ལགས་ད་ཆ་ཁོ་ཚོས་ཤྲི་ཨ་ན་༼དཔལ་ཨ་ན༽དང་ཨ་ན་རྗས་སོགས་ཟེར་དགོས་བྱུང་འདུག་ཅེས་ཟུར་ཟ་མང་དུ་བྱེད། དེ་བཞིན་ཉེ་ཆར་སྐུ་ཞབས་ཨ་ན་ལགས་ཀྱིས་དཔོན་པོ་ཚོས་ཐོག་མ་མི་མང་གི་ལག་ནས་འོས་ཤོག་སློང་སྐབས་ལག་ཟུང་ཐལ་མོ་སྦྱར་ནས་ང་རྗེས་མ་ཐོབ་ན་ཁྱོད་ཚོའི་ཆེད་དུ་ཅིག་ཅིག་བྱེད་ཀྱི་ཡིན་ཟེར་ནས་ཁས་ལེན་མང་པོ་བྱེད་ཀྱི་ཡོད། ད་དེ་རིང་མི་མང་གི་མདུན་ལ་ལང་མི་ཐུབ་པ་ག་རེ་རེད། ཁྱོད་ལ་དྲང་བདེན་ཡོད་ན་ངེས་པར་དུ་མི་མང་མདུན་དུ་ལངས་ནས་འགྲེལ་བཤག་རྒྱག་དགོས་ཞེས་གསུངས། ད་གཞུང་འུ་ཐུག་ནས་ཁོང་གི་ཆ་རྐྱེན་ལ་ཁས་ལེན་རྩིས་འདུག་ཀྱང་དཔོན་རིགས་ནང་ཁུལ་ལའང་རྙོག་དྲ་མང་པོ་གདའ། ཡ་རྒད་པོའི་ཁ་བརྡ་འདི་ནས་མཚམས་འཇོག མང་པོ་ཞིག་ཉོབ་ཡོད་ཚོད་ཡིན།

སྣ་ཚོགས།

Post navigation

Previous Post: སྦར་སིལ་དོན་གཅོད་ཐུབ་བསྟན་རྒྱ་མཚོ།
Next Post: ལ་དྭགས་བློ་བཟང་འཇམ་དཔལ་གྱི་གསུང་ལན།

Comments (4) on “གནས་ཚང་གི་གནས་སྟངས་སྐོར་གྱི་ཁ་བརྡ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-08-22 at 3:13 am

    ཨ་ར་དཀར་པོ་ལེགས།
    ཁྱེད་རྩོམ་བྲིས་སྔ་མ་ལ། གཤམ་གསལ་དེ་དག་བྲིས་པ་ཁྱེད་ཀྱིས་གཟིགས་མེད་ཚེ། དེ་དག་ཡང་སྐྱར་འདིར་ཕུལ་པ་ལགས།

    ང་བོད་གཙང་དུ་ཡོད་སྐབས་སུ་སྲོ་མོ་ཞེས་པའི་སྒྲ་ཐོས། དེ་མིན་ལ་དྭགས་སུ་སྲུ་མོ་ཞེས་པའི་སྒྲ་ཡང་གཏན་ནས་མེད་པ་ལྟ་བུ་ཡིན་འདུག ཡུལ་ལ་འཐོན་ཁུངས་ཆེར་མེད་པས། གྲོང་པ་གཅིག་གི་ནང་དུ། ཕོ་ཡིན་ན་ཕ་མས་མནའ་མ་ལེན་པ་དང་། བུ་ཚ་མེད་པ་བུ་མོ་རྐྱང་པ་ཡིན་ན། བུ་མོ་རྒན་པ་དེ་ལ་མག་པ་ལེན། ཨ་ཇོ་དང་ནུ་བོ་དག་འདོད་པ་མཐུན་ན། མནའ་མ་གཅིག་གིས་འཐུས་པར་བྱས་ཏེ། མཉམ་དུ་བསྡད། དེ་བཞིན་བུ་མོ་ཕྱོགས་ཀྱང་འདྲ། ལུགས་སྲོལ་འདི་བོད་ཡུལ་ཡོངས་ལ་སྔ་མ་གཅིག་པ་ཡིན་པར་སེམས། ཕྱིས་སུ་འཐོན་ཁུངས་ཆེ་བ་དང་། ས་ཞིང་ཆུང་ངུ་ཞིག་ལས་མེད་ཀྱང་། ཁྱིམ་གཅིག་གི་སྤུན་མཆེད་ཡོངས་ཀྱིས་བགོ་ཆ་རྒྱབ་དགོས་པའི་རྒྱ་གར་གཞུང་གི་ཁྲིམས་ལ་རྩི་དགོས། བུ་ཚ་རེ་རེས་མནའ་མ་ལེན་པ་དང་། མོ་ཡིན་ན་ཁྱིམ་གཞན་དུ་བག་མ་ལ་འགྲོ་བའམ་མག་པ་ལེན་པ་གང་རུང་བྱེད། ཕལ་ཆེར་ཚང་མ་རྒྱ་གར་གཞུང་གི་ཁྲིམས་ལྟར་སློབ་སྦྱོང་ཡོད་པ་དག་ལ་ལས་བྱེད་ཕོ་མོའི་དབྱེ་བ་མེད་པར་ལས་ཐོབ། ང་ལ་སྲིང་མོ་ང་རང་ལས་ལོ་་དྲུག་བདུན་རྒན་ཀྱང་། བུ་མོ་གཉིས་་གཞུང་གི་ལས་བྱེད་པ་ཡིན་པས། དེ་དག་གིས་རང་གི་མ་ལ་ལྟ་རྟོག་ལེགས་པར་བྱེད། ངའི་སྲིང་མོ་དང་ཁྱོ་གས་དང་པོ་བུ་ཚ་སྐྱེ་བ་ལ་དགའ། བུ་མོ་སྐྱེས་པ་ལ་དེ་ཙམ་མི་དགའ་ཡང་། དིང་སང་བུ་ཚ་དག་ལས་བུ་མོ་ཀུན་ཕན་ཐོགས་ཆེ་བ་འདུག དིང་དུས་ལ་དྭགས་པ་སློབ་སྦྱོང་ཡོད་པ་བུ་དང་བུ་མོ་གང་ཡིན་རུང་། དེ་དག་གིས་ཕྲུག་གུ་གཉིས་ལས་མང་དུ་སྐྱེ་རུ་མི་བཅུག། དེ་དག་སློབ་གྲྭ་ལ་གཏོང་བ་འགྲོ་སོང་ཆེ་བསམ། དེས་ན་གྲྭ་པ་བྱེད་མཁན་དཀོན། ལ་དྭགས་ཀྱི་མི་གྲངས་ད་ལྟ་ལས་ལོ་ངོ་ལྔ་བཅུ་དྲུག་ཅུ་སྔོན་དུ་ནང་པ་མང་ཡང་། ད་ལྟ་གཅིག་པ་འདུག་ཟེར། མ་འོངས་པ་ན་ཕྱི་པ་མང་དུ་འགྲོ་ངེས་ཞེས་ཟེར། མི་གཅིག་གིས་ཕྱི་པ་དེ་ཀུན་ལ་སློབ་སྦྱོང་བྱེད་པར་བསྐུལ་དགོས། སློབ་སྦྱོང་ཡོད་པའི་ཕྱི་པ་དག་གིས་སྐྱེ་སྒོ་བཀག་པ་འདུག་ཅེས་སྨྲ། མི་ཁ་ཤས་ཀྱིས་ལ་དྭགས་ལ་ནང་པའི་མི་གྲངས་ཉུང་བ་དང་། ཕྱི་པ་འཕེལ་བ་ལ་མ་འོངས་པ་ན་དཀའ་ངལ་འབྱུང་བ་ལ་སེམས་པར་བྱེད། སྐྱེ་སྒོ་བཀག་པ་མེད་པར་བྱེད་པ་ལ་འབད་པ་བྱེད་དོ།།

  2. ཨ་ར་དཀར་པོ says:
    2011-08-22 at 7:04 am

    རྒན་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱི་མཚན་སྙན་སྔ་ས་ནས་ཐོས་མྱོང་། སྐུ་ཉིད་ནས་དུས་དང་རྣམ་པ་ཀུན་ཏུ་བོད་མི་རིགས་ཀྱི་སྐད་ཡིད་ཐད་ཕུགས་རྒྱང་རིང་པོའི་དགོངས་བཞེས་ཀྱིས་སྐུ་ལས་བསྐྱོན་བཞིན་པར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་བཞིན་འདིར་དགོངས་ཚུལ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ། གུས་པས་ཀྱང་ཀླུ་སྨྱོན་གྱི་རྩོག་ཡིག་སྙན་ངག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་སྤྲིན་གྱི་མེ་ཏོག་ཅེས་པའི་མཇུག་གི་མཆན་ཨང་༩༠དེ་ཁྱེད་ལ་ཕུལ་བ་ལགས་ཀྱང་གཟིགས་ཡོད་མེད་ཆ་མ་འཚལ།

  3. ཨ་རིག་འགྱུར་མེད། says:
    2011-08-22 at 7:46 am

    ཤིན་ཏུ་བཀུར་བར་འོས་པའི་ཨ་ར་དཀར་པོ་ལགས། དེང་སྐབས་ང་མི་ན་ལིར་ཡོད་ཅིང་འདི་ནས་ཉིན་ལྟར་རྒྱ་གར་གྱི་གསར་ཤོག་ཁག་དང་སང་ལམ་གཡས་གཡོན་དང་ཟ་ཁང་ཕལ་མོ་ཆེའི་ནང་དུ་རྒད་པོ་ཨ་ནའི་སྐོར་གྱི་གནས་ཚུལ་ལ་ལྟ་ཀློག་བྱེད་ཀྱིན་འདུག
    ང་རང་གིས་ཀྱང་དབྱིན་ཡིག་ཤེས་མིན་ལ་མ་ལྟོས་པར་ཁ་ཉིན་ནས་བཟུང་ཨ་ནའི་སྐོར་གྱི་གསར་འགྱུར་མང་ཙམ་བཀླགས་ཀྱང་། དབྱིན་ཡིག་གི་ཤེས་ཚད་སྐྱོ་དྲགས་པའི་དབང་གིས་གནས་ཚུལ་རབ་རིབ་ཅིག་ལས་མ་ཤེས་པར། ད་ངྷ་སར་ཡོད་པའི་ལས་གྲོགས་གསར་འགོད་པ་ཞིག་གམ། སློབ་གྲོགས་དབྱིན་ཡིག་ཡག་པོ་ཡོད་པ་འགའ་དེང་སྐབས་ལས་བྱེད་ཡིན་པས་ཁོང་ཚོའི་ཤེས་རྒྱུ་རེད། ཁ་པར་བཏང་སྟེ་གཅིག་འདྲི་དགོས་པ་མིན་འགྲོ་བསམ་ནས་བསྡད་ཡོད་པའི་སྐབས་འདིར། སྐུ་ཉིད་ཀྱི་རྩོམ་ཡིག་འདིར་མཇལ་རྒྱུ་བྱུང་བས་འདི་ནི་ང་ལ་མཚོན་ན་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟ་བུའི་དགའ་ཚོར་བྱུང་།
    ངས་རེ་བ་ཆེ་ཤོས་འདི་དང་འདི་ལྟ་བུའི་ཕྱིའི་གལ་ཆེའི་གསར་གནས་མང་ཙམ་བསྒྱུར་ཐུབ་རྒྱུ་ན། དངོས་གནས་ང་ལྟ་བུའི་མིག་ལོང་བ་དག་ལ་ཕན་གྱིན་འདུག ལྷག་པར་ད་ལྟ་རྒྱ་གར་གཞུང་གི་མཐོ་རིམ་མི་སྣས་ཨ་ན་དང་སྐད་ཆ་བཤད་རྒྱུ་ཡིན་ཟེར་གྱིན་འདུག་སྟབས། གལ་སྲིང་ཨ་ན་དང་གཞུང་གི་མི་སྣས་སྐད་ཆ་བཤད་རྒྱུ་བྱུང་ཚེ། དེ་བས་ཀྱང་དོན་དག་མང་དག་ཅིག་ངེས་པར་དུ་ཤེས་འདུན་འདུག་པས་སྐུ་ངལ་ལ་མི་འཛེམ་རྒྱུ་ནི་རེ་བ་ཆེ་ཤོས་ཡིན།
    ངོ་མ་བཀྲ་དྲིན་ཆེ། ཁྱེད་སྐུ་ཚེ་བརྟན།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2011-08-22 at 5:03 pm

    ཨ་ར་དཀར་པོ་ལགས། ཉིན་འགའི་སྔོན་ཏག་ཏག་ལ། བདག་གི་གྲོགས་པོ་ཧིན་རྡུའི་སྐད་ཡིག་ལ་ཐོགས་པ་མེད་པ་ཞིག་གིས་རྒད་པོ་འདིའི་སྐོར་ནས་ང་ལ་གསུངས་སོང་། ཁོས་བཤད་ན་ཁོང་གི་མཚན་ལ་མི་མང་གིས་ད་ལྟ་ནས་འགན་རྡེའུ་གཉིས་པ་ཞེས་འབོད་ཀྱི་འདུག་ཟེར། ཁོ་རང་གིས་དེ་ལྟར་བོས་པ་ནི་ད་ལྟ་སྔ་དྲགས་པ་རེད་ཟེར། ངས་བསམ་ན་ནི་གནས་ཚང་འདི་བ་ཚང་ལ་དངོས་ནས་འཚེ་མེད་ཞི་བའི་སྟོན་པ་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་གི་འདུག་ལ། འཚེ་མེད་ཞི་བའི་མི་མང་ཡང་དེ་ལྟར་བྱུང་གི་འདུག་པ་དེ་ནི་དངོས་ནས་ཡིད་སྨོན་བྱེད་ཡུལ་ཞིག་རེད། ཁོང་ཚོས་རང་དབང་གི་ཁྲོད་དུ་དྲང་བདེན་གྱི་རྒྱལ་ཁབ་ཞིག་བསྐྲུན་པར་རེ་བ་བྱེད་ཀྱི་ཡོད་པ་དེ་ཡིན། ང་ཚོས་དངོས་ནས་དེ་གཉིས་ཀྱི་གང་ཡང་མེད་པའི་གཞིས་ལུས་མི་མང་གི་གནས་སྟངས་ལ་བསམ་དུས། སེམས་བསམ་པའི་གཏིང་ནས་སྐྱོ་ནི་ཞིག་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme