Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།

Posted on 2013-01-202013-01-20 By ཁ་བརྡ་ 33 Comments on གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ཉེར་བཞི་བ་འཚོགས་བཞིན་པ་དང་སྟབས་བསྟུན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། ཞི་ཆེན་རབ་འབྱམས་རིན་པོ་ཆེ། སྨན་གླིང་མཁན་རྩེ། རྣམ་གྲོལ་གླིང་ཇོ་ཀོང་རིན་པོ་ཆེ་སོགས་དབུ་བཞུགས་ཀྱིས་མཁན་བླ་འདུས་ཚོགས་བརྒྱད་སྟོང་ལྷག་དང་། ཧིན་རྡུའི་ཆོས་ལུགས་ཀྱི་སྐུ་ཚབ་དང་། ཡེ་ཤུ་ཆོས་ལུགས་ཀྱི་སྐུ་ཚབ། ཁ་ཆེ་ཆོས་ལུགས་ཀྱི་སྐུ་ཚབ། ཐེག་དམན་ཆོས་ལུགས་ཀྱི་སྐུ་ཚབ་སོགས་མཉམ་བཞུགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཆོས་ལུགས་སོ་སོའི་སྨོན་ལམ་ཞལ་འདོན་གནང་བ་དང་། འདུས་མང་དབུས་སུ་བོད་ནང་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་༩༧ གྱིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མངོན་མཐོ་ལྷ་མིའི་རྟེན་བཟང་རིམ་པར་བརྒྱུད་རྫོགས་བྱང་གི་གོ་འཕང་མྱུར་དུ་ཐོབ་པ་དང་། དཔའ་བོ་དཔའ་མོ་དེ་དག་གི་ཉེ་འབྲེལ་ལྟོས་བཅས་ཀུན་ཡང་མྱ་ངན་སྡུག་བསྔལ་གྱི་མུན་པ་རབ་ཏུ་ཞི་ནས་ཆོས་མཐུན་བསམ་དོན་ཡིད་བཞིན་འགྲུབ་པའི་བསྔོ་སྨོན་སྐྱབས་འཇུག་གནང་ཡོད་པ་རེད།
མཇུག་མཐར་རྡོར་གདན་ཆོས་ལུགས་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཁཱན་མཆོག་གིས། ཆོས་ལུགས་ཚང་མས་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་། གཞན་ཕན་སྙིང་རྗེ་ལ་བརྩི་བཀུར་དང་ཉམས་ལེན་བྱེད་ཀྱིན་ཡོད་པ་རེད། རྒྱ་མི་རིགས་ཀྱི་ནང་དུའང་ཆོས་ལུགས་འདྲ་མིན་བྱེད་མཁན་ཡོད་པ་རེད། བོད་ནང་ལ་ཆོས་དད་རང་དབང་མེད་པ་སོགས་ཀྱིས་དཀའ་ངལ་མང་པོ་སྤྲད་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཐོག་ལ་མནར་གཅོད་དང་དྲག་གནོན་བྱས་པས་རྐྱེན་གྱིས་མི་གྲངས་༩༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། རྒྱ་ནག་གཞུང་གི་དྲག་པོའི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་ལ་ངོ་རྒོལ་ཡོད། དེ་རིང་འདིར་སྨོན་ལམ་བརྒྱབ་པ་བཞིན་རྒྱ་ནག་གཞུང་གི་དཔོན་རིགས་ཁག་གི་བསམ་བློ་ལ་འགྱུར་བ་སོང་སྟེ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གུ་ཡངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་སོགས་གསུང་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཞི་བདེའི་དེད་དཔོན།
Next Post: དེང་སང་གི་རྨི་ལམ།

Comments (33) on “གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།”

  1. རྒྱལ་ཁམས་ says:
    2013-01-20 at 11:16 pm

    རྨོག་རུ་ལགས་་་་་་ མིང་ཙམ་ཡང་མི་ཤེས་པ་འདི་ད་དུང་གནས་ཚུལ་ཁོ་གཏོང་བ་་་ ཝ་ཡེ་་་་་ རྨོངས་རུལ་བ་་་་
    གུས་ཞབས་ཀྱི་སྟོངས་པ་ཁྱེད་ལགས་་ ༧ སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བྲི་དགོས་པ་ལས་་་
    ཁྱེད་ནས་རྩེ་སྤྲུལ་རིན་པོ་ཆེ་ཞེས་དང་་་་་ ཡང་་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ལ་་་་ ཞི་ཆེན་ཞེས་དང་་་་་་
    སྨིན་གླིང་མཁན་ཆེན་ཞེས་པ་ལ་་་་་ སྨན་གླིང་མཁན་རྩེ་ཞེས་དང་་་་་་ གྱང་ཁང་ཞེས་པ་ལ་་་་ ཇོ་ཁང་ཞེས་་་་
    མིང་ནོར་བ་ཤ་དག་བྲིས་འདུག་ན་་་་ ངེས་ཁྱེད་གསར་འགྱུརའཁོ་གཏོང་པ་ཡིན་མི་གཤེས་ལ་་་་
    ངོ་མ་ཡིན་ན་ནི་ལོ་རྒྱུས་དག་ལ་རྟོགས་ཙམ་བྱང་བ་ཡོད་ན་ལེགས་པོ་ཡོང་ས་རེད་་་་་
    དེ་མིན་གནས་ཚུལ་ཕལ་ཆེར་རྫུན་དུ་འགྱུར་བའི་ཉེན་ཁ་ཆེན་པོ་རེད་འདུག་ག་་་་་

  2. ཉི་འོད་གྲོངས says:
    2013-01-21 at 1:15 am

    ང་ལྟས་ན་ད་བོད་ནང་གི་མི་རྣམས་ལ་བེད་སྤྱོད་ཞེ་དྲག་མ་གཏང་ན་ཡག་འདུག། དུང་སེམས་་མཉམ་བསྐྱེད་་ཞེས་པ་དེ་ཡག་་པོ་རེད་མི་འདུག། དེའི་ཆེད་དུ་སྨོན་ལམ་འདེབ་ཟེར་བ་དེ་ཡག་པོ་རེད་མི་འདུག། དོན་དུ་བོད་དུ་ཞུགས་མཁན་རྣམས་ལ་ཆུ་ལ་མ་གཡུགས་རོགས་ཞུ།

  3. མདོ་ཁམས་པ། says:
    2013-01-21 at 2:37 am

    དེང་སང་བཀུར་འོས་སྤྱི་འཐུས་རྣམ་པས་དཀའ་ལས་མང་པོ་བསྐྱོན་གྱིན་འདུག བཀའ་དྲིན་ཆེ། རྒྱལ་ཁམས་པ་ཟེར་བའི་གུས་མེད་ཀྱི་ཉོག་གཏམ་རིགས་སྣང་བར་འགྲོ་མ་སོང་། མོག་རུ་ལགས། སྔ་ཕྱིར་གནས་ཚུལ་མཁོ་གཏོང་གནང་བར་ཐུགས་རྗེ་ཆེ། མུ་མཐུད་དེ་གནས་ཚུལ་འགོད་རོགས། བོད་གཞིས་བྱེས་གཉིས་ཀྱིས་ཉན་ནས་སྒུག་ཏེ་བསྡད་ཡོད། ཁ་དྲོ།

  4. མེ་ཏོག་དཀར་པོ says:
    2013-01-21 at 3:49 am

    སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། རྡོར་གདན་རྒྱལ་སྤྱིའི་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། སྨིན་གླིང་མཁན་ཆེན། རྣམ་གྲོལ་གླིང་དབུ་འཛིན་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ།

  5. ཨོ་རྒྱན་ཉི་མ། says:
    2013-01-21 at 4:45 am

    དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་དྲི་མེད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ་སོགས་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་དག་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་རྒྱས་ཤིང་། ཕུང་གསུམ་པ་མིང་ཙམ་ཡང་མེད་པར་ཤོག

  6. རྨོག་རུ་བསྟན་པ། says:
    2013-01-21 at 5:15 am

    སྔ་འགྱུར་རྙིང་མའི་རིན་པོ་ཆེ་དག་གི་མཚན་གྱི་དག་ཆར་འགོད་ནོར་ཤོར་བར་དགོངས་སེལ་ཞུ། ངེད་ཀྱིས་བརྩད་གཅོད་གང་ཡང་མ་བྱས་པར་འོལ་ཚོད་ཀྱིས་བཀོད་པ་མིན་པར་རྡོར་གདན་རྒྱལ་སྤྱིའི་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་ཞབས་ཞུ་བ་ངག་དབང་ལགས་སུ་ཁ་པར་ནང་གཟབ་ནན་གྱིས་སྐད་ཆ་་དྲིས་ཁུལ་ཡིན་མོད་རྒྱུས་ལོན་གྱིས་མ་འདང་བའི་རྐྱེན་གྱིས་ཁོང་རྣམ་པའི་མཚན་འགོད་ནོར་ཐད་རང་ཉིད་ཀྱང་ཧ་ཅང་བློ་མ་བདེ་བ་བྱུང་། རང་ཉིད་ཀྱི་འབྲི་ནོར་ཐེངས་གཅིག་འདིས་ཁོང་རྣམ་པའི་མཚན་དེ་ཕྱིན་ཆད་མི་བརྗེད་པའི་ངེས་ཤེས་གསལ་པོ་བྱུང་སོང་བས་གོང་དུ་ངོ་སྤྲོད་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  7. པདྨ says:
    2013-01-21 at 6:17 am

    ཨོ་ཉི་ལས་ངན་པོས་གང་ཞིག་ངན་དང་བཟང་གི་ཁྱད་པར་འགྱེད་ཀྱིན་མི་འདུག་གམ། དཔལ་ཡུལ་དགོན་པའི་ཞབས་འདྲེན་ཁྱོད་ཀྱིས་ཡུག་མོ་དང་ཡུག་ཕྲུག་བདག་པོ་རྒྱོབས། དེ་ཙམ་རེད། ཕྱི་ཚེས་ ༢༠ ཉིན་རྡོར་གདན་མཆོད་རྟེན་ཆེན་མོའི་ནང་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༢༤ པ་འཚོགས་སྐབས་དང་བསྟུན། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། ༧སྐྱབས་རྗེསྨན་གླིང་མཁན་ཆེན།༧སྐྱབས་རྗེ་གྱང་ཁང་རིན་པོ་ཆེ། ༧སྐྱབས་རྗེ་དིལ་མཁྱེན་དང་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་སོགས་མཁན་སྤྲུལ་ལྔ་བརྒྱ་ལྷག་གི་དབུ་བཞུཊ་ཐོག་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་ ༨༠༠༠༠ བརྒལ་བས། ད་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གསུངས་ཡོད་པར་དངོས་ཡོད་གནས་ཚུལ་རེད། རྨོག་རུ་བསྟན་པས་མཁོ་སྤྲོད་གནང་བར་ཞལ་བྲོ། །

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-21 at 7:42 am

    རྙིང་མའི་མགོན་པོ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་། སློབ་དཔོན་ཞི་བ་འཚོ་མཁན་ཆེན་བྱང་ཆུབ་སེམས་པ་དང་། སློབ་དཔོན་པདྨའི་ངང་ཚུལ་དང་། སློབ་དཔོན་དྲི་མེད་གཤེས་གཉེན་དང་། རོང་ཟོམ་པཎྜི་ཏ་དང་། ཀློང་ཆེན་རབ་འབྱམས་པ་དང་། རྙིང་མ་པ་ལ་རིག་གཞུང་གྱི་བཤད་སྒྲུབ་ཀྱི་གཞུང་རྩོམ་པ་སོགས་ཀྱི་མཛད་པས་རྙིང་མའི་བསྟན་པ་སླར་གསོ་བར་མཛད་པའི་ཤིང་རྟའི་སྲོལ་འབྱེད་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། དིལ་གོ་མཁྱེན་བརྩེ་རིན་པོ་ཆེ་དང་། འཕགས་ནོར་རིན་པོ་ཆེ་དང་། མཁན་པོ་དཔལ་ལྡན་ཤེས་རབ་ལ་སོགས་པ་རྣམས་ཀྱང་སྨོན་ལམ་ཆེན་མོའི་འདུས་ཚོགས་འདིར་བྱོན་ཏེ། ཛམ་གླིང་ཡངས་པའི་སའི་གོ་ལར་ནད་མེད་མུ་གེ་མེད་པར་ཞི་བདེ་དཔལ་ལ་སྤྱོད་པ་དང་། ལྷག་པར་བོད་གངས་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་སློབ་དཔོན་ཞི་བ་འཚོས་བཙུགས་པ་བཞིན་དུ་དར་རྒྱས་འབྱུང་བར་གྱུར་ཅིག ཅེས་སྨོན་ལམ་འདེབས་སོ།།

  9. བདེ་བ་ནས། says:
    2013-01-21 at 9:57 am

    ཨོ་རྒྱན་ཉི་མ་ལགས། འདིར་ཕུང་གསུམ་པ་སུ་ཞིག་ཕེབས་འདུག་དེ་གསལ་པོ་བྱེད་ནས་གསུངས་རོགས། དེ་མིན་མིང་འབོད་མ་ཐུབ་པར་ཕུང་གསུམ་གཅིག་པུ་ལབ་ནས་ཆོག་ཤེས་དང་འདྲ་བའི་དེབ་ཧྲུག་བརྒྱ་ཕྲག་བྲིས་ཀྱང་བར་སྣང་སྟོང་པ་ནས་ཁྱོད་ལ་ཁ་ཡ་བྱེད་མཁན་མེད་པ་ཤེས་པར་བྱོས་ཤིག སྔ་འགྱུར་བའི་བསྟན་པ་དར་ཞིང་རྒྱས་པ་དང་འདིར་ཕེབས་ཀྱི་༧སྐྱབས་རྗེ་རྣམ་པའི་དགོངས་བཞེད་འགྲུབ་པར་ཤོག

  10. བདེ་བ་ནས། says:
    2013-01-21 at 9:58 am

    ཨོ་རྒྱན་ཉི་མ་ཞེས་བཅོས་རོགས།

  11. བདེ་བ་ནས། says:
    2013-01-21 at 11:37 am

    ད་ནི་ཨོ་ཉི་སྤྲུལ་ལོག་གྲྭ་ལོག་ཁྱོད།།
    མིག་གཉིས་ཡོད་བཞིན་མ་མཐོང་མདོག་མ་བྱེད།།
    རྣ་གཉིས་ཡོད་བཞིན་མ་གོ་མདོག་མ་བྱེད།།
    དྲིས་པའི་གཏམ་ལ་གཏམ་ལན་མགྱོགས་སེ་སྟེར།།

  12. སྣང་བྲལ་རྡོ་རྗེ། says:
    2013-01-21 at 12:05 pm

    པད་མ་ལགས་ཁྱོད་ཀྱིས་དགེ་འདུན་པ་ཁྲི་བརྒྱད་ཡོད་པར་བཤད་པ་དེ་ངོ་མ་ཡིན་ན་དེ་འདྲའི་གྲ་བ་མང་པོ་ཞིག་གང་ནས་ཡོངས་པ་ཡིན་ནམ་གསལ་བཤད་བྱེད་རོགས། སྔ་འགྱུར་རྙིང་མའི་བསྟན་པ་ཡིན་རིང་དུ་གནས་གྱུར་ཅིག

  13. བན་དེ་བ། says:
    2013-01-21 at 12:42 pm

    དྲི་མ་མེད་པའི་བསྟན་པ་རྒྱས་གྱུར་ཅིག
    དྲི་མ་ཅན་གྱི་བསྟན་པ།
    ཕུང་གསུམ་པ་དེ་ཚོའི་མཚན་གཞི་འཇོག་རན་འདུག

  14. མེ་ཏོག་དཀར་པོ says:
    2013-01-21 at 7:36 pm

    དགེ་བསྙེན་ཕ་མ་དགེ་སློང་དང་། །
    དགེ་ཚུལ་ཕ་མ་བཅས་པ་ཡི། །
    བརྒྱ་ཕྲག་བརྒྱད་ཅུ་འདུས་པའི་ཚོགས། །
    བྱང་ཆུབ་ཤིང་དྲུང་བཞུགས་པ་དེའི། །
    ཞབས་ཀྱི་རྡུལ་ལས་སྤར་མོ་གང་། །
    ཨོ་རྒྱན་ཉི་མའི་ཁ་ལ་ཐོབས། །
    དབང་པོ་གསལ་ཞིང་རྒྱས་པར་ཤོག །
    དད་པ་དག་སྣང་སྐྱེ་བར་ཤོག །
    ལོག་སྨྲའི་ལྕེ་དེ་དིག་པར་ཤོག །
    སྨྲ་བའི་ལྗགས་ལྕེ་ཡངས་པར་ཤོག །
    གཞན་སྟོན་ཆོག་ཤེས་མ་ཡིན་པར། །
    རང་རྒྱུད་ཆོག་ཤེས་སྐྱེ་བར་ཤོག །

  15. མེ་ཏོག་དཀར་པོ says:
    2013-01-21 at 7:42 pm

    རྒན་འཇུ་ལེ། འཕགས་ནོར་རིན་པོ་ཆེ་གསུངས་པ་དེ་འདྲ་བླ་མ་ཞིག་རྙིང་མའི་ནང་མ་གོ ཕལ་ཆེར་པད་ནོར་རིན་པོ་ཆེ་ཡོན་སྲིད། ཁྱེད་ལྟ་བུ་མཁས་པ་སྐུ་བགྲེས་ཞིག་གིས་དེ་འདྲའི་གོ་མཐོང་ཆུང་བའི་རྣམ་པར་ཡིད་ཕམ།
    དེ་ནི་ཕལ་ཆེར་དགེ་ལུགས་པའི་གཤིས་ལ་འདྲ་རེད། རང་གི་ཾཁོར་ཡུག་དེ་ལས་གཞན་ལ་སྣང་ཆུང་ངམ་དོ་སྣང་མེད་པས་རེད་སྙམ།
    དཔེར་ན་གཞན་ཞིག་གིས་མཇེ་གཙོང་ཁ་ལའི་ལུག་གི་མགོན་པ་ཆེ་ཤོས། འདྲེ་སྤུང། དགའ་སྡང་། སེ་རག་བཅས་བྲིས་ན་ག་འདྲ་འདུག་

  16. གནམ says:
    2013-01-21 at 8:13 pm

    ཚོགས་འགྱེད་ས་ཞིག་ན་གྲྭ་བ་དེ་འདྲ་མང་པོ་ཡོད་པ་ལ་ཧ་ལས་བ་དང་ཧོང་འཐོར་དགོས་བ་དེ་འདྲ་མ་རེད། སྣང་བྲལ་ལགས། སྟེང་རྡོ་རྗེ་གདན་དང་འོག་དམྱལ་བ་རྡོ་རྗེ་གདན་ནི་ཤི་དུས་གསོན་དུས་གཉིས་ཀར་ལམ་དེ་རྒྱུད་ནས་འགྲོ་དགོས་པ་རེད། ཡག་གི་མོ། ད་ལོ་འགྲོ་མ་ཐུབ་ཐལ། མང་པོ་སོང་བ་ཡིན། བཀའ་ཆོས་རེ་ཞུས་ཡིན་འདྲ། ཐོབ་མེད་ས་ཡོད། དགའ་མ་འདྲེ་མོ་ཞིག་ལ་ཐུག་ནས། སེམས་རྩེ་གཅིག་དུ་བསྡུ་མ་ཐུབ་ཐལ།

  17. གནམ says:
    2013-01-21 at 11:32 pm

    སྟེང་འཕགས་མཆོག་རྡོ་རྗེ་གདན།
    འོག་དམྱལ་བ་རྡོ་རྗེ་གདན།
    ་་་་་ ་་་་་
    གནས་འགངས་ཆེན་འདི་འདྲ་ཡོད་དང་ན།
    ང་ཤི་དུས་གསོན་དུས་འགྲོ་ལོས་དགོས།།

  18. རྒྱལ་ཁམས་ says:
    2013-01-21 at 11:43 pm

    ཨ་ཁུ་ལ་དགས་ལགས་སུ་་་་ འཕགས་ནོར་རིན་པོ་ཆེ་དེ་སུ་རེད་ལགས་་་་་ སྐྱེས་ཆེན་དམ་པ་ཞིག་གི་མཚན་རེད་དམ་་་་
    ཨོ་འཕགས་ནོར་ཡན་ལག་བདུན་ཞེས་པའི་ ནོར་བདུན་པོ་དེ་རེད་ མ་ཟད་སློབ་དཔོན་རིན་པོ་ཆེ་་་་ སེམས་ཅན་ཐམས་ཅད་ལ་མགོན་གྱི་རེད་ཨོ་་་ བཙུན་ཆུང་སྦྱིས་པ་ཁྱོད་་་་ རྙིང་མ་ཕར་ཞག་བོད་གངས་ཅན་པ་ཡོད་དོ་བཅོག་ལ་་་་ ཉིད་ཀྱི་གསུངས་ལས་་་ བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་ལོང་ཞེས་དང་་་ མ་གཞི་གུ་རུ་རིན་པོ་ཆེ་ནི་འཕགས་པའི་ཡུལ་གྱི་སློབ་དཔོན་ལས་
    བོད་ནས་འཁྲུངས་དེ་འདྲ་མ་རེད་་་

  19. སྣང་བྲལ་རྡོ་རྗེ། says:
    2013-01-22 at 12:34 am

    གནམ་ཟེར་བ་འདིས་གྲ་ཆོས་གྱོན་ནས་གྲ་བ་ཡིན་འདོག་གིས་སྐུ་འགྱེད་ལེན་དུ་སོང་འདུག་ག

  20. ཨ་ཕྱི་ཆོས་སྒྲོན says:
    2013-01-22 at 2:11 am

    དཔའ་བོ་དཔའ་མོས་ཆེད་དུ་བསྔོ་སྨོན་གནང་བར་ཆིག་སྒྲིག་རེད། ཐུན་སྒྲིལ་རེད། རང་སྲེག་ལ་རྒྱབ་སྐྱོར་ཡོད་པ་རེད། མཆན༽ སྤྲུལ་སྐུ་ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༡ གི་ཆུ་ཚོད་ ༤ སྐར་མ་ ༤༥
    དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་དྲི་མེད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ་སོགས་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་དག་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་རྒྱས་ཤིང་། ཕུང་གསུམ་པ་མིང་ཙམ་ཡང་མེད་པར་ཤོག

  21. བདེ་བ་ནས། says:
    2013-01-22 at 2:34 am

    སྤྲུལ་མིན་སྤྲུལ་རྫུས་གྲྭ་ལོག་ཨོ་ཉི་ཁྱོད།།
    རྡ་སའི་གསང་ལམ་ཟུར་འགྲོས་བྱེད་པར་ཁོམ།།
    ཆུང་མའི་རུམ་དུ་སྐྱིད་ཉལ་བྱེད་པར་ཁོམ།།
    ཟུར་ཟའི་རྩོམ་རྙོག་དེབ་ཧྲུལ་བསྒྲིགས་པར་ཁོམ།།

    དད་ལྡན་བརྒྱ་ཕྲག་མགོ་སྐོར་བཏང་བར་ཁོམ།།
    སྔ་འགྱུར་ཚང་ལ་ནང་དཀྲུག་བྱེད་པར་ཁོམ།།
    ཕུང་གསུམ་ཚིག་གི་ཕྲེང་བ་བགྲང་བར་ཁོམ།།
    ཤར་ནུབ་ཀུན་ལ་ཁྱི་བཞིན་ཉུལ་བར་ཁོམ།།

    ཁོམ་པ་དགུ་ཡི་ནམ་ཟླ་རིང་མོའི་ནང་།།
    དྲིས་པའི་ཚིག་ལ་ཡ་ལན་་མེད་པ་དེ།།
    བདེན་པས་དབུར་མཐར་ཐུག་པའི་རྟགས་མཚན་རེད།།
    ད་ནི་ཟུར་ཟའི་རྩོམ་དེབ་ཕྱིར་བསྡུ་བྱོས།།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-01-22 at 2:50 am

    ཛམ་གླིང་ཞི་བདེ་རྟག་བརྟན་ཤོག །

  23. དྲྭ་འབུ་བརྡུང་མཁན། says:
    2013-01-22 at 11:34 am

    སྟོང་གསུམ་འགྲོ་བ་ཀུན་གྱི་མགོན་སྐྱབས་དང་དཔུན་གཉེན། ཕྱོགས་ཀྱི་ཞིང་རབས་འབྱམས་རྒྱལ་བ་སྲས་དང་བཅས་པར་ཐམས་ཅད་ཀྱིས་རྣམ་སྤྲུལ་མ་ནོར་བ་མ་འཁྲུལ་བ་ཆེན་པོ་་་་་འཛམ་གླིང་འདི་ན་མེད་དུ་མི་རུང་བས་སྐྱེས་བུ་ཆེན་པོ་་་་སྐྱེས་བུ་ཆེན་་་་་རིན་ཆེན་་རྡོ་རྗེ་འཆང་ཆེན་པོ་་་་ཨ་ཡོད་ནང་གི་ད་ཡོད་སྒོ་ང་ནང་གིས་གསེར་རིལ་་་ཟེར་ནས་འབྲི་དགོས་པ་རེད་ད་་་་ཧེ་ཧེ་

  24. དྲྭ་འབུ་བརྡུང་མཁན། says:
    2013-01-22 at 11:38 am

    ཨོ་རྒྱན་ཉི་མའི་གསུངས་པ་ལ་མངོན་པ་བསྟོད་དོ་་་་་་་་་་་་་་་་་་་་་་ངོ་མ་ཕུང་གསུང་པ་མང་དྲག་ནད་མགོ་ཡོམ་འཁོར་གྱི་འདུག་ད་ནི་་་་་་་་་་་་་་་་་་་

  25. པདྨ says:
    2013-01-22 at 12:39 pm

    དགེ་འདུན་པ་འབུམ་ཕྲག་ཕེབས་ཡོད་ས་རེད། སྐབས་འདིར་སྟོང་ཕྲག་བརྒྱད་ཅུ་འཚོགས་ཞུགས་གནང་ཡོད་པ་འདྲ། སྐུ་འགྱེད་བཞེས་མཁན་གྱི་གྲྭ་གྲངས་རེད། ཡིད་མ་ཆེས་ན་སྔ་འགྱུར་རྡོ་གདན་སྨོན་ལམ་གོ་སྒྲིག་ཚོགས་པས་གསུང་གི་འདུག དགའ་འོས་པ་ཞིག་མ་ཡིན་ནམ། ཡིན་ན་ཡང་རང་སྲེག་ཆེད་དུ་འབོད་སྐུལ་བྱས་པ་མ་ཡིན་པར་སྙིང་རྗེས་ཆོས་སྦྱིན་ཡིན་པར་འདུག་པས་ཤེས་པར་མཛོད་ཅིག་གུ། ཨོ་ཉི་དང་པདྨ་ཤེས་རབ་དང་རྡོ་གྲུབ། བྱ་བྲལ་སངས་རྒྱས་རྡོ་རྗེ། རྫོགས་ཆེན་རིན་པོ་ཆེ་སོགས་འགའ་ཞིག་ཐུགས་ཁོམ་མ་བྱུང་བ་ཡིན་པ་འདུག་པས་འདིར་ཕེབས་མེད་པ་རེད། །

  26. སྣང་བྲལ་རྡོ་རྗེ། says:
    2013-01-22 at 12:58 pm

    ཨོ་ཉི་དང་པདྨ་ཤེས་རབ་དང་རྡོ་གྲུབ། བྱ་བྲལ་སངས་རྒྱས་རྡོ་རྗེ། རྫོགས་ཆེན་རིན་པོ་ཆེ་སོགས་འགའ་ཞིག་སྐུ་མཚམས་ལ་བཞུགས་ཡོད་ནི་མིན་འགྲོ།

  27. རྒྱལ་ཁམས་ says:
    2013-01-22 at 11:59 pm

    ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག།
    དད་མེད་ལོག་ལྟ་ཅན་དག་ཤི་བར་ཤོག།
    ཤི་ནས་ལུས་རྟེན་བཟང་པོ་འཐོབ་པར་ཤོག།

  28. ཨ་ཕྱི་ཆོས་སྒྲོན says:
    2013-01-23 at 2:14 am

    མཁན་ཆེན་པདྨ་ཤེས་རབ་ནི་སྔ་འགྱུར་རྡོ་གདན་སྨོན་ལམ་ལ་ཕེབས་ཡོད་པར་ཨེ་ཤའི་གསར་འགྱུར་དང་ཧོར་བྷའི་དཔར་བཤུས་ལས་མཐོང་གི་འདུག མ་ཚད་སི་ཏུ་ཀརྨ་ནག་རིས་ཀྱིས་ཕྱག་འཚལ་ས་ཡང་མི་འདུག་གམ།

  29. བན་དེ་བ། says:
    2013-01-23 at 2:54 am

    འདི་ན་ཨ་ཕྱི་རྐུབ་རལ་དེ་ཡང་ཕྲུག་གུ་གཡའ་གཡོན་ནས་སྐྱོར་ཁྱོ་ག་མདུན་ནས་བསུས་ཏེ་གྲྭ་ཆས་སྣུམ་ཞགས་འཁྱིལ་བ་ཞིག་གོན་ནས་མཐོ་ས་ཞིག་ལ་སྐུ་འགྱེད་ལེན་ཀར་བསྡད་ཡོད་མདོག་ཁ་བོ་རེད། ཡང་ནང་དུ་སླེབས་དུས་གོས་ཐུང་གྱོན་ནས་ཞབས་བྲོར་རོལ་གི་ཡོད་པ་ཐག་གིས་ཆོད། ཧཧཧཧཧཧཧཧད་ལྟད་མོ་འདུག

  30. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-23 at 4:14 am

    མེ་ཏོག་དཀར་པོ་མཆོག འཇུ་ལེགས། པད་ནོར་རིན་པོ་ཆེ་ལ་འཕགས་ནོར་རིན་པོ་ཆེ། ཞེས་མ་དག་སྒྲ་མི་གསལ་བ་བརྗོད་སྟངས་ཐོས་པ་ལས་བྱུང་། ནོར་བ་ལ་བཟོད་གསོལ། ཁྱེད་ཀྱིས་སྔོན་འཇུག་མ་འཐོན་ཡང་རྗེས་འཇུག་རྣམས་འཐོན་པར་བྱེད་པའི་རེ་བ་ཡོད། མི་གཅིག་གཉིས་ཀྱི་བྱེད་སྟངས་དེ་སྤྱི་ཡོངས་ལ་གཡོགས་པ་ལ་ཡ་རབས་ཀྱི་སྐྱེས་བུ་སུ་ཡང་མི་དགའ།
    ད་དུང་བདག་གིས་རྙིང་མའི་རྩ་ཆེན་གྱི་བླ་མ་བེེ་རོ་ཅ་ན་དང་། མཁས་བཙུན་བཟང་པོ་དང་། བཀའ་འགྱུར་རིན་པོ་ཆེ་ལ་སོགས་པའི་མཚན་འབྲི་བར་བརྗེད་འདུག དེ་དག་ལ་སོགས་པ་རྙིང་མ་རྒྱུད་པའི་བླ་མ་སྐྱེས་ཆེས་དམ་པ་རྣམས་ཀྱང་། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཆེན་མོར་བྱོན་ཏེ། ཛམ་གླིང་སྤྱི་དང་། ལྷག་པར་དུ་ནུབ་ཕྱོགས་ཨུཌྜཱི་ཡ་ནའི་ཕྱི་རོལ་ཐ་མལ་པས་མཐོང་སྣང་གི་ཡུལ་དེར་དམག་འཁྲུག་མུ་གེ་མྱུར་དུ་ཞི་ནས་སྐྱེས་ཕོ་མོ་བུ་ཕྲུག་རྣམས་བདེ་བར་བྱིན་རླབས་སྐྱབས་འཇུག་གི་ཕྱིར་དུ་རྒྱང་འབོད་ཀྱི་གསོལ་བ་འདེབས་སོ།།

  31. བདེ་བ་ནས། says:
    2013-01-24 at 4:50 am

    ཨོ་ཉི་འདིར་འགྲོ་རྒྱུའི་ཐོབ་ཐང་མེད་པ་རེད། ཁོ་རང་རྡ་སའི་སྲང་ལམ་ན་ཁྱི་འཁྱམ་བཞིན་སྔ་འགྱུར་རིང་ལུགས་སྐྱེས་ཆེན་སྤྲུལ་སྐུ་ཚོར་ཟུར་ཟ་རེ་བྱེད་རྒྱུ་མ་གཏོགས་ཡོད་མ་རེད།

  32. རྒྱལ་ཁམས་ says:
    2013-01-24 at 3:32 pm

    རྒན་ལ་དྭགས་ལགས་་་ ཨོ་ཊི་ཡ་ནར་ རམ་ཨོ་རྒྱན་གྱི་ཡུལ་ན་ནི ཕོ་ཐམས་ཅད་དཔའ་དང་ མོ་ཐམས་ཅད་དཔའ་མོའི་
    རང་བཞིན་མ་རྟོགས་་་་ ལས་མ་དག་པའི་གདུལ་བྱ་ཁྱེད་དང་ང་ལྟ་བུ་ཞིག་ཡོད་ས་མ་རེད་ལགས་་་་་
    སྤྱིར་སངས་རྒྱས་དང་སེམས་ཅན་ལ་ཁྱད་པར་ཡོད་ན་ དེ་དག་གི་གནས་ལ་ཡང་ཁྱད་པར་ཡོད་རྒྱུ་རེད་བ་ལགས་་་
    དེ་དག་ལས་དག་པའམ་སྒྲིབ་པ་སྤངས་པའི་སྐྱེས་བུ་ལྟ་བུ་དང་་་་་ ཡང་ལས་མ་དག་པའང་སྡིག་སྒྲིབ་སྤོང་བཞིན་པའི་
    ལས་ཅན་ང་དང་ང་འདྲ་བ་ནི་ཨོ་ཊི་ཡ་ནར་ཡང་ངོ་ཤེས་དཀའ་འོང་་་་་་་

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-25 at 10:15 am

    རྒྱལ་ཁམས་ལེགས།
    ཁྱེད་ཀྱིས་བཤད་པ་དེ་བདེན། དེའི་ཕྱིར་ངས། ༼ཕྱི་རོལ་ཐ་མལ་པས་མཐོང་སྣང་གི་ཡུལ་དེར།༽ ཞེས་བྲིས་པ་ལ་དགོས་པ་ཡོད་དགོས།
    སྐྱེ་བོ་ལས་དག་པས་མཐོང་བའི་ཨུཌྜིཡ་ན་ན། ཕོ་ཐམས་ཅད་དཔའ་བོ་དང་། མོ་ཐམས་ཅད་དཔའ་མོའི་
    རང་བཞིན་མ་གཏོགས་མེད་པ་ལ་དགག་པ་མེད། ངས་ནི་སྐྱེ་བོ་ཐ་མལ་པས་མཐོང་བའི་་ཨུཌྜིཡ་ནའི་ཡུལ་ན། སྔོན་གྱི་དགོན་བཤུལ་དང་། མཆོད་རྟེན་ལ་སོགས་པའི་བཤུལ་ཡོད་ས་དེར་དིང་སང་མུ་སུལ་མན་གྱི་ཏ་ལི་བན་ཞེས་པས་འཛིན། བུ་མོ་རྣམས་སློབ་གྲྭར་འགྲོ་མི་ཆོག་པ་རྣམས་ལ་ཞི་བདེ་འབྱུང་བར་སྨོན་ལམ་མཛོད་ཅིག་ཅེས་གསོལ་བ་འདེབས་མཁྱེན་པར་མཛོད། ཅེས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme