Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་།

Posted on 2020-06-29 By ཁ་བརྡ No Comments on གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་གྱི་བཀླགས་བྱང་།

བློ་བཟང་རིན་ཆེན།
 
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་འགན་ཁུར་འཕར་མ་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

སྔོན་གླེང་།

དེ་རིང་རེས་གཟའ་ཟླ་བའི་གུང་སེང་ལ་སྔར་བཞིན་ཞོགས་ཉལ་ཡིད་ཚིམ་པ་ཞིག་བྱས་ཏེ། གྲོགས་པོ་རྡོ་རྗེ་དང་མི་འགྱུར་གཉིས་དང་ལྷན་དུ་ཞོགས་ཟས་ལོངས་སྤྱོད་བྱས། ཉིན་གུང་ཁང་ཚན་ལ་སོང་སྟེ་ཉིན་གུང་ཟ་མ་གང་ལེགས་བཟས་པ་ཡིན། ཞོར་དུ་འདས་པའི་བྱ་བཞག་མང་པོ་ཞིག་ལ་དྲན་གསོ་བྱས་ཤིང་གད་མོ་བགད་ནས་རྒྱུ་མའང་གཟེར་བྱུང་། དེ་ནས་གྲོགས་པོ་ཚོ་སོ་སོའི་ཤག་ལ་སོང་སྟེ་ཅི་དགའ་ཅི་འདོད་ཀྱི་རང་དབང་ཉམས་སུ་མྱོང་བཞིན་གདའ། ང་ནི་ཅུང་ཙམ་གཉིད་ཁུག་དགོས་བསམས་ཀྱང་ཞོགས་པར་ཉལ་རྒྱུ་མང་དྲགས་པས་གཉིད་མ་ཁུག དེ་ནས་ <<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་སྔར་གྱི་འཕྲོ་ནས་བཀླགས་ཏེ་བཀླགས་བྱང་འདི་འབྲི་འགོ་བརྩམས། ལེའུ་འདིའི་ནང་ང་ཚོས་གཞན་ཐམས་ཅད་ལ་སེམས་ཁུར་བྱེད་པའི་སྤྱི་སེམས་བརྟན་པོ་ཞིག་བཟུང་ནས་སློབ་གསོ་དང་། གསར་འགྱུར་བརྒྱུད་ལམ། རང་བྱུང་ཁོར་ཡུག སྲིད་དོན་རིག་པ། དཔལ་འབྱོར་རིག་པ་སོགས་ལ་དཔྱད་ཞིབ་དང་དོ་ཁུལ་ནན་ཏན་གནང་དགོས་པས་འབོད་སྐུལ་གནང་བ་རྣམས་ཚན་པ་གསུམ་ལ་བགོས་ནས་འཆད་པར་བྱ།

སློབ་གསོ་དང་བརྒྱུད་ལམ།

སློབ་གསོ་ཡང་དག་པ་ཞིག་ཐོབ་མིན་ནི་མི་ཚེ་ལེགས་ལམ་དུ་འགྲོ་མིན་གྱི་གནད་འགག་ཅིག་ཡིན་དུས། ང་ཚོར་སློབ་གསོ་ཡང་དག་པ་ཞིག་ཐོབ་རྒྱུ་ནི་ཆེས་ཤིན་ཏུ་གལ་ཆེན་ཡིན་པ་སྨོས་ཅི་དགོས། མ་ཟད་བྱིས་པ་ཚོ་ནི་རྒྱལ་ཁབ་གང་ཞིག་ཡིན་ཡང་། མ་འོངས་རེ་ལྟོས་བྱེད་སའི་གཙོ་བོ་ཡིན་པ་གོར་མ་ཆག དེར་བརྟེན་འགན་ཁུར་ལྡན་པའི་སྒོ་ནས་ཁོ་ཚོར་སློབ་གསོ་སྤྲོད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་གསུངས་ཡོད།

སློབ་གསོ་ཞེེས་པ་ནི་ཤེས་ཡོན་བརྒྱུད་སྤྲོད་བྱེད་པའི་གནད་དོན་ཙམ་མ་ཡིན་པར། ཕྲུ་གུ་ཚོ་ལ་གཞན་གྱི་ཐོབ་ཐང་དང་དགོས་མཁོའི་ཕྱོགས་སུ་མིག་རྒྱ་བསྐྱེད་དུ་འཇུག་རྒྱུ་ནི་ཤེས་ཡོན་སློབ་གསོའི་ཆ་ཤས་གལ་ཆེན་ཞིག་ཡིན། མ་ཟད་ཕྲུ་གུ་ཚོའི་བྱ་སྤྱོད་ལ་ཀུན་ཁྱབ་ཀྱི་ནུས་པ་ཞིག་ཡོད་པ་གསལ་སྟོན་དགོས་ཤིང་། གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་ཤེས་རྨང་གཞིར་བཞག་ནས་ཤེས་ཡོན་གྱི་གོ་རྟོགས་མཐོ་རུ་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་ཁོ་ཚོ་དགེ་སྤྱོད་དང་ཤེས་ཡོན་གོང་འཕེལ་དུ་སོང་ནས་འགྲོ་བ་མིའི་རིགས་ལ་ཕན་ཡོན་རླབས་ཆེན་རེ་བསྒྲུབ་ཐུབ་པར་གདམས་ཡོད།

གཞན་ཕན་དང་སྤྱི་སེམས་སོགས་ནི་ཚིག་གི་ངོ་གདོང་ཙམ་ལས་སྦྱོང་མི་ཐུབ་པར། ཕ་མ་དང་དགེ་རྒན་གྱི་སྤྱོད་ལམ་གྱི་ཐོག་ནས་སྦྱོང་བ་དེ་གལ་ཆེན་དུ་གྱུར་ཞིང་། ཁྱིམ་ཚང་གི་ཁོར་ཡུག་ནི་ཕྲུ་གུ་ཚོར་སློབ་གསོ་སྤྲོད་སའི་ལྟེ་བ་ལྟ་བུར་གྱུར་ཡོད། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་ཟེར་བ་བཞིན། ཕ་མས་ཕྲུ་གུ་སྣང་མེད་དུ་བཏང་བ་དང་། ཁྱིམ་ཚང་གི་ཁོར་ཡུག་ལ་བྱམས་བརྩེ་དང་སྙིང་རྗེས་སྟོང་པ་ཡིན་ན། དེའི་མཇུག་འབྲས་སུ་ཕྲུ་གུ་ལ་བདེ་འཇགས་མེད་ཅིང་རེ་བ་ཟད་པའི་ཚོར་སྣང་ཆེན་པོ་འབྱུང་། དེ་ལས་ལྡོག་སྟེ་ཕྲུ་གུ་ལ་རྒྱུན་ལྡན་དུ་ལྟ་རྟོགས་དང་བྱམས་བརྩེས་བསྐྱངས་ན། ཁོ་ཚོར་བདེ་སྐྱིད་ཆེ་ཞིང་། སོ་སོའི་ནུས་པ་ལ་གདེང་ཚོད་འབྱུང་ངེས། ད་དུང་ཁོ་ཚོའི་འཕྲོད་བསྟེན་ལེགས་ཤིང་། རང་ཉིད་གཅིག་པུ་མིན་པར་གཞན་ལའང་སེམས་ཁུར་བྱེད་ཐུབ་ཅེས་གསུངས་ཡོད། མདོར་ན་ཁྱིམ་ཚང་སློབ་གསོ་ནི་ཕྲུ་གུའི་འཚར་ལོངས་ལ་འབྲེལ་བ་དམ་པོར་ཡོད་པས་དེ་སྐོར་ནས་ནན་བཤད་དང་། ཞར་ལ་དགེ་རྒན་གྱི་འགན་ཁུར་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་འགན་འཁྲི་དང་ཤུགས་རྐྱེན་སོགས་འཕྲོས་བཤད་གནང་བ་རྣམས་ཚིག་མངས་སུ་དོགས་ནས་མ་སྤྲོས་སོ།།

རང་བྱུང་གི་འཛམ་གླིང་།

རང་བྱུང་གི་ཁོར་ཡུག་ནི་འུ་ཅག་གི་གསོན་གནས་ལ་འབྲེལ་བ་དམ་པོ་ཡོད་པའི་གཞི་ཁྱིམ་དྲོན་མོ་དེ་ཡིན། དེའི་ཕྱིར་རང་ཉིད་ཀྱི་གཞི་ཁྱིམ་དྲོན་མོ་ལ་བདག་སྐྱོང་དང་གཅེས་སྤྲས་བྱེད་པའི་འོས་དགན་ནི། འུ་ཅག་མི་བུ་རེ་རེའི་ཕྲག་ཐོག་ཏུ་ལྷུན་ཆགས་སུ་གྲུབ་ཡོད། དེང་དུས་མི་འབོར་ཇེ་མང་དང་ཚན་རིག་གི་ནུས་སྟོབས་ཆེ་རུ་སོང་བར་བརྟེན། རང་བྱུང་གི་ཁོར་ཡུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཏེ་ས་འགུལ། ཆུ་ལོག རླུང་ཐན་སོགས་བྱུང་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་འདི་རེད། དེ་ནི་ཕྱོགས་གཞན་ནས་བརྗོད་ན་ནོར་འཛིན་ལྷ་མོས་འུ་ཅག་གི་ར་ལང་ཆ་ལང་གི་ཀུན་སྤྱོད་ལ་ཡ་ལན་ཞིག་སྤྲད་པའམ། ཡང་ན་ཁོ་མོའི་བཟོད་བསྲན་ལ་ཚད་བཀག་ཡོད་པའི་ཉེན་བརྡ་ཞིག་བསྟན་པ་རེད་ཅེས་གསུངས་ཡོད།

༧ གོང་ས་མཆོག་དགུང་ལོ་བཞིའི་ཐོག་གཞུང་འབྲེལ་གྱིས་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས། ཕ་ཡུལ་སྟག་མཚེར་ནས་རྒྱལ་ས་ལྷ་སར་ཕེབས་པའི་ལམ་བར་དུ་རི་སྐྱེས་སྲོག་ཆགས་རྐྱང་དང་འབྲོང་། ཤ་བ། གཙོད། དགོ་བ་སོགས་རྩྭ་ཐང་དུ་འོད་ལྷམ་ལྷམ་དུ་འགྲོ་བཞིན་པ་ནི་ཡང་ཡང་མཐོང་རྒྱུ་ཡོད། མ་ཟད་བརྗིད་ཉམས་ཆེ་བའི་བྱ་གོ་བོ་དང་། ངང་པའི་ཚོགས། དོམ། སྟག གཟིག སང་གེ་སོགས་སྲོག་ཆགས་མང་པོ་མཐོང་དུ་ཡོད། རེད་དེ་ཡིད་སྐྱོ་བ་ཞིག་ལ་རྒྱ་ནག་གིས་ཁོར་ཡུག་གཏོར་བཅོམ་བྱས་པ་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་དེ་དག་གང་འདོད་དུ་མཐོང་རྒྱུ་མེད་པར་ཆགས་ཡོད། བོད་དུ་གཉེན་འཕྲད་ལ་འགྲོ་མཁན་ཚང་མས་རི་སྐྱེས་སྲོག་ཆགས་དེ་དག་མཐོང་དུ་མེད་པ་ནི་ཧང་སང་བའི་གནས་ཚུལ་དུ་བརྗོད་ཀྱི་ཡོད། ད་དུང་ཤིང་ནགས་རྩ་གཏོར་དང་གཏེར་ཁ་སྔོག་འདོན་སོགས་ཀྱིས་བོད་ཁུལ་གྱི་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད་ཅེས་གསལ་བཤད་གནང་འདུག

དེ་བཞིན་“ང་ཚོར་སའི་གོ་ལར་གཏོར་བཅོམ་བྱེད་པའི་ནུས་པ་ཡོད་ན། དེ་སྲུང་སྐྱོབ་བྱེད་པའི་ནུས་པའང་ང་ཚོར་ཡོད་དགོས་ངེས་རེད་”ཅེས་འཕྲུལ་ལས་དང་ཚན་རིག་སོགས་ཀྱི་ཁ་ཕྱོགས་འཛིན་སྟངས་ལ་ལམ་སྟོན་མང་པོ་གནང་ཡོད། ད་དུང་རེ་བ་བཟང་པོ་ཞིག་ལ་“ང་ཚོ་འཚོ་གནས་བྱེད་སའི་གོ་ལ་འདི་ལ་བདེ་ཐང་ཡོང་བའི་ཁག་ཐེག་བྱེད་པར། བླང་དོར་གྱི་རྣམ་གཞག་གི་གལ་ཆེའི་རང་བཞིན་དེ་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་རེད། དེ་ནི་རང་བྱུང་གི་ཆག་སྒོ་ཚབས་ཆེན་རྣམས་ཟློག་ཐུབ་པའི་ཡིད་ཆེས་འབྱུང་བའི་རྒྱུ་མཚན་ཡིན་ཞེས་གསུངས་ཤིང་། མཐའ་དོན་གང་ཟག་སྒེར་སོ་སོས་རང་བྱུང་གི་ཁོར་ཡུག་ལ་བདག་སྐྱོང་དང་གཅེས་སྤྲས་དགོས་པའི་འབོད་སྐུལ་ཡང་མཛད་ཡོད།

སྲིད་དོན་དང་དཔལ་འབྱོར་གྱི་ལམ་ལུགས།

དུས་རབས་ཉེར་གཅིག་པ་འདི། སྔོན་དང་བསྡུར་ན་དཔལ་འབྱོར་གྱི་འཕེལ་རྒྱས་བློ་ཡུལ་ལས་འདས་པའི་ཚད་མཐོན་པོར་གྱུར་བ་དངོས་ཡོད་རེད། འོན་ཀྱང་དེ་ནི་མི་འབོར་ཉུང་ངུ་ཞིག་གི་སྤྱོད་ཡུལ་ལས་མ་འདས། འཛམ་གླིང་གི་མི་འབོར་ཕྱེད་ཀ་ཞིག་ལ་མཚོན་ན་ཁ་ཟས་དང་། སྡོད་གནས། སྨན་བཅོས་སོགས་འདང་ངེས་ཤིག་མ་རག་པར་དབུལ་ཕོངས་ཀྱི་དཀའ་ངལ་ཚབས་ཆེན་མྱོང་བཞིན་པ་འདི་མཐོང་ན་དངོས་གནས་ཡ་ང་བ་ཞིག་རེད། གང་ལྟར་ལེའུ་འདིར་དཔལ་འབྱོར་དང་སྲིད་དོན་སྐོར་གྱི་ཁ་ཕྱོགས་འཛིན་སྟངས་སོགས་ལ་དགོངས་ཚུལ་མང་པོ་ཞིག་གསུངས་འདུག གཙོ་བོ་གདུང་སེམས་མཉམ་བསྐྱེད་གཞིར་བཞག་གི་སྒོ་ནས་གཞན་ལ་ལྟ་སྐྱོང་དང་བརྩི་བཀུར་བྱེད་པ་གཙིགས་ཆེན་དུ་འཛིན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་ཤིང་། ཆབ་སྲིད་པ་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྣམས་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་ཡིན་པར་གདམས་ཡོད།

དེ་བཞིན་ཚོང་ལས་པ་ཚོས་ཀྱང་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་ཚོང་ལས་གཉེར་རྒྱུའམ། སོ་སོའི་སྙིང་རྗེའི་ངོ་བོ་གོང་འཕེལ་དུ་གཏོང་དགོས་ཤིང་། ཅི་ཙམ་སྙིང་རྗེའི་ངོ་བོ་གོང་འཕེལ་དུ་བཏང་ན། དེ་ཙམ་གྱིས་ཚོང་ལས་ཀྱི་བྱ་གཞག་ལ་འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་ཁྱད་ཆོས་ལྡན་ངེས་ཞེས་མཛུབ་མོ་རི་སྟོན་མཛད་ཡོད།

མཆན། འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་འགན་ཁུར་འཕར་མ་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།

2020/6/19 བློ་གླིང་འཚིག་ཇ་ཁང་ནས་བྲིས།

སྣ་ཚོགས།

Post navigation

Previous Post: ཀུ་ཤུ་གསར་གཏོད་པ་སི་ཊེབ-ཇོབ་སིའི་ཚེ་མཇུག་གི་གཏམ།
Next Post: ལྷ་རྗེ་རྒྱགས་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme