Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (དང་པོ།)

Posted on 2016-10-092016-10-10 By དགེ་རབ་ 22 Comments on གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (དང་པོ།)

cover-journal—དགེ་འདུན་རབ་གསལ།

ཕྱི་ལོ་ ༡༨༣༢ ལོར་རྒྱ་གར་གྱི་ཀ་ལི་ཀ་ཏར་ “བྷངྒལ་གྱི་ཨེ་ཤ་ཡའི་སྤྱི་ཚོགས་དུས་དེབ།” (The Journals of Asiatic Society of Bengal) ཞེས་པ་ཞིག་བཏོན་འདུག་ཅིང་། དེ་ནི་མིང་རང་དུ་ཁ་གསལ་བ་ལྟར་ཨེ་ཤ་ཡའི་སྤྱི་ཚོགས་ (http://asiaticsocietycal.com/) ཞེས་པའི་ཚོགས་པ་འདིས་བཏོན་པ་ཞིག་རེད། འདིར་ཚོགས་པའི་སྐོར་དང་དུས་དེབ་རྩོམ་སྒྲིག་པ་དང་པར་སྐྲུན་གནས་ཚུལ་སོགས་རེ་ཞིག་ཞུ་རྒྱུ་མིན། དུས་དེབ་དེའི་སྐོར་ནས་ངོ་སྤྲོད་ཙམ་ཞིག་ཞུ་འདོད་ཅིང་། དེ་ཡང་དུས་ཀྱིས་ལྕོགས་རིམ་བཞིན་གང་ལ་ཅི་འོས་ཀྱིས་འབྲི་རྒྱུ་ཡིན། (ཟུར་གསལ་གྱི་དྲ་རྒྱ་འདིར་ http://www.biodiversitylibrary.org ཕྱི་ལོ་ ༡༨༣༢ ལོ་ནས་ ༡༩༣༦ བར་གྱི་དུས་དེབ་རྣམས་ཕབ་ལེན་བྱེད་ཐུབ་པ་འདུག)

དུས་དེབ་མགོ་བཙུགས་པའི་ཐོག་མའི་ལོ་གསུམ་གྱི་དཀར་ཆག་ཁག་ལ་བལྟས་སྐབས། བོད་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་གསུམ་ལས་གཅིག་ནི་ ཀོ་རོ་ཤི་ཅོ་མ་ཤཱན་དོར་(Alexander Csoma de Koros, 1784-1842) ཡིན་ཞིང་། ཁོང་གིས་མཛད་པའི་ “བོད་སྐད་ཀྱི་མིང་གི་མཛོད་”ཅེས་པ་ ༡༨༣༣ ལོར་ཀ་ལི་ཀ་ཏར་པར་བཏབ་འདུག ཁོང་གི་ལོ་རྒྱུས་སོགས་ནི་དྲ་རྒྱ་འདི་ན་གསལ། (http://csoma.mtak.hu/en/) ཁོང་ནི་ནུབ་ཕྱོགས་སུ་བོད་རིག་པ་སྤེལ་མཁན་གྱི་གཙོ་བོ་ཞིག་ཡིན་པ་རེད། ཁོང་གི་མིང་ཡིག་ཀྱང་ཚིག་མཛོད་ཇི་བཞིན་བྲིས་ཡོད།

ཀོ་རོ་ཤི་ཅོ་མ་ཤཱན་དོར་ལགས་ཀྱིས་ ༡༨༣༢ ལོར་རྩོམ་ཡིག་བྲིས་པའི་ཁོངས་སུ། བཀའ་འགྱུར་དུ་འཁོད་པའི་འདུལ་བའི་གཞུང་གི་ནང་དོན་གྱི་སྐོར་ལ་རྩོམ་ཡིག་ཅིག་དང་། དེ་བཞིན་བོད་ཀྱི་ས་ཁུལ་འགྲེལ་བརྗོད་ཀྱི་ཟིན་ཐོ་ Geographical Notice of Tibet ཞེས་པ་ཞིག་ཡོད་པ་འདིར་བཀོད་ཡོད།geographical-notice-of-tibet ཡང་ཁོང་གིས་བཀའ་འགྱུར་ ༼རྒྱུད་༽ནས་ལེ་ཚན་ཞིག་བསྒྱུར་འདུག་པ་དེ་ལ་ “Translation of a Tibetan Fragment” ཞེས་འཁོད་ཅིང་། དེར་བོད་ཡིག་དབུ་ཅན་བྲིས་མའི་ཚུལ་གྱི་མ་ཡིག་ཀྱང་བཀོད་འདུག བོད་དང་འབྲེལ་བའི་རྩོམ་ཡིག་གཉིས་པ་འབྲི་མཁན་དེ་ནི་ ཨེ་ཆི་ ཨེ་ཆི་ ཝིལ་སོན་ཞུ་བ་(Horace Hayman Wilson, 1786-1860)དེ་ཡིན་པ་དང་། ཁོང་གིས་བཀའ་འགྱུར་གྱི་དཔྱད་ཞིབ་ ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་མོད་འདི་ཉིད་ཀྱང་སྐུ་ཞབས་ཅོ་མ་ལགས་ཀྱི་རྩོམ་ཡིག་ལ་གཞི་མཛད་ཅེས་པའི་དེབ་ཅིག་མཐོང་བྱུང་།
༡༨༣༣ ལོའི་འདོན་ཐེངས་རྣམས་སུ་ཅོ་མ་ལགས་ཀྱིས་བརྩམས་པའི་དུས་འཁོར་གྱི་འབྱུང་ཁུངས་སྐོར་ལ་རྩོམ་ཡིག་ཅིག་བྲིས་འདུག་པ་དེར་དུས་འཁོར་ནི་བོད་དུ་ཁ་ཆེ་བརྒྱུད་དུས་རབས་བཅུ་པའི་ནང་དར་ཚུལ་བཤད་པ་དང་། དཔྱད་གཞིར་ཡང་བོད་ཀྱི་ཡིག་ཆ་རྣམས་དྲངས་འདུག

tibetan-passportཡང་ཁོང་གིས་བསྒྱུར་པའི་ ༡༦༨༨ ལོའི་བོད་ཀྱི་ལག་འཁྱེར་ཞིག་ཨིན་སྒྱུར་བྱས་པ་ཞིག་འཁོད་པ་དེའི་མཚན་བྱང་ལ་ Translation of a Tibetan Passport, dated A. D. 1688. ཞེས་འཁོད་འདུག དེ་ནི་ “ཆོས་འཁོར་དཔལ་གྱི་ལྷ་ས་ནས་རྒྱ་གར་འཕགས་ཡུལ་བར་གྱི་ས་ལམ་དུ་འཁོད་པའི་སེར་སྐྱ་དྲག་ཞན་ལྷའི་མི་རྗེ་རྫོང་སྡོད་གཉེར་ལས་འཛིན་སོག་བོད་ཧོར་འབྲོག་ཨིར་ཆི་འགྲུལ་འགྲིམས་ལམ་འཕྲངས་སྲུང་འགག་རྒན་མི་དམངས་བྱ་བ་ཞི་དྲག་གི་སྣེ་སླེབས་བཅས་མཐའ་དག་ལ་སྤྲིངས་པ། ལྷ་ས་ཕུན་ཚོགས་ལྕང་ལོ་ཅན་གྱི་མགྲོན་པོ་མགོ་དཀར་ལྟང་སྣ་ཅན་མི་བཞི་ཞོན་ཁལ་བཅུ་དྲུག་བཅས་ཉེ་མཁོའི་ཚོང་སྒྱུར་གྲུབ་ནས་རང་ཡུལ་དུ་ལོག་འགྲོ་བར་སྟུར་གྱི་(ལྷུར་?)མགྲོན་གང་སྤྱིའི་པར་རོགས་ཉན་དུ་གང་འགྲོ་ལས་སྣེ་གོར་འཕྲོག་བཅོམ་སོགས་གནོད་འགོད་དུ་ལོག་པར་འགྲོ་བ་ཉན་མ་བྱེད་པར་ཕར་ཕྱིར་དུ་བདེ་བར་འགྲིམས་ཆུག ཞེས་ས་འབྲུག་ཟླ་ཚེས་ལ་ལུགས་གཉིས་ཀྱི་མདུན་ས་ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་ས་ནས།” ཞེས་པ་འདི་རེད།  ་ དེ་ལྟར་ན་འདི་ནི་“ལྷ་ས་ཕུན་ཚོགས་ལྕང་ལོ་ཅན་གྱི་མགྲོན་པོ་མགོ་དཀར་ལྟང་སྣ་ཅན་(Lt’hang-na-chan)མི་བཞི་”ཞེས་པ་ལ་བྲིས་པའི་ལག་ཁྱེར་ཅིག་རེད། ཡིག་ཆུང་འདི་ཧ་ལམ་ཀློག་བཏུབ་པ་ཞིག་འདུག་མོད་འགའ་ཞིག་ཚོད་དཔག་བྱེད་རྒྱུ་ལས་མ་འདས་མོད་འདིར་སླར་ཡང་ཁ་སྣོན་བཏབ་ཡོད་པ་དེ་ཡིན།  བོད་ཡིག་གི་དག་བཅོས་ཡོང་བ་ལ་དགའ་བསུ་ཞུ་བ་ཡིན།

ཡང་ཅོ་མས་ལོ་འདིའི་ཕྱི་ཟླ་བརྒྱད་པའི་དུས་དེབ་ཏུ་བཀའ་འགྱུར་ལས་ཤཱཀྱའི་རིགས་རྒྱུད་སྐོར་ལ་རྩོམ་ཞིག་བྲིས་འདུག སྐབས་འདི་ཙམ་ལ་བོད་ཡིག་གི་ལྕགས་འབྲུའང་སྒྲིག་ཡོད་པའི་ཚུལ་འདུག

tibetan-print-2༡༨༣༤ ལོའི་འདོན་ཐེངས་སུ་ “Professor Schelegel’s Enigma.-Mode of expressing numerals in the Sanskrit and Tibetan Languages” ཞེས་པའི་རྩོམ་ཡིག་ཅིག་འཁོད་པ་དེ་གྲངས་ཀྱི་མངོན་བརྗོད་སྐོར་ཡིན་པ་དང་། དེར་གཅིག་ལ་བསེ་རུ་སོགས་ཀྱི་གྲངས་ཀྱི་མངོན་བརྗོད་རྣམས་དྲངས་འདུག དེ་ལས་ཀྱང་བོད་ཡིག་དེ་ལྕགས་འབྲུའི་ཚུལ་དུ་སྤར་ཡོད་པ་དེ་རེད། ཡང་སྐུ་ཞབས་ཅོ་མ་ལགས་ཀྱིས་བོད་ཀྱི་བརྩམས་ཆོས་ལས་བཏུས་པ་ཞེས་པའི་བཀའ་བསྟན་ལས་བཏུས་པའི་བསྒྱུར་ཡིག་ཅིག་བཀོད་འདུག དེ་ནས་བོད་ཀྱི་བརྡ་སྤྲོད་ཅེས་པའི་མགོ་བརྗོད་ཀྱི་འོག་ཏུ་དུས་དེབ་འདིས་སྐུ་ཞབས་ཅོ་མ་ལགས་སུ་ཁྱེད་ཀྱིས་བྲིས་པའི་བརྡ་སྤྲོད་དང་ཚིག་མཛོད་ལ་དགའ་བསུ་ཡོད་ཅེས་སྤེལ་འདུག

 

 

 

tibetan-print

ངོ་སྤྲོད།

Post navigation

Previous Post: རོགས་དངུལ་ཨ་སྒོར་ས་ཡ་༢༣ དང་ལས་འཆར།
Next Post: གསར་མོ་སྣང་མཐོ་ཚོ།

Comments (22) on “གནའ་གནའ་ཞིག་གི་དུས་དེབ་ཅིག་ལས་འཕྲོས་པའི་ཟིན་ཐོ། (དང་པོ།)”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-09 at 1:09 am

    རྒྱལ་རིགས་བྲམ་ཟེའི་བུ་མོ་དང་།
    རྗེའུ་རིགསས་དམངས་རིགས་དེ་བཞིན་ཏེ།
    སུ་ལ་ཡོན་ཏན་འདི་ཡོད་པའི།
    བུ་མོ་དེ་ནི་འདིར་འོན་ཅིག་།

    ང་ཡི་བུ་འདི་རིགས་དག་དང་།
    རུས་ལ་ངོ་མཚར་འཛིན་མ་ཡིན།
    ཡོན་ཏན་བདེན་པའི་ཆོས་ཀྱི་རྣམས།
    དེ་ལ་འདི་ནི་ནོད་དགའོ།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    རྒྱལ་རིགས་བྲམ་ཟེའི་བུ་མོ་དང་།
    རྗེའུ་རིགསས་དམངས་རིགས་དེ་བཞིན་ཏེ།
    སུ་ལ་ཡོན་ཏན་འདི་ཡོད་པའི།
    བུ་མོ་དེ་ནི་འདིར་འོན་ཅིག

    ང་ཡི་བུ་འདི་རིགས་དག་དང་།
    རུས་ལ་ངོ་མཚར་འཛིན་མ་ཡིན།
    ཡོན་ཏན་ལྡན་པའི་ཆོས་རྣམས་ཀྱི།
    དེ་ལ་འདི་ནི་ང་ཉིད་དགའ།

  2. ཨ་འབར་འཇིགས་དབང། says:
    2016-10-09 at 1:24 am

    ༅༅། རིགས་རུས་གཙོ་ནི་ཆེ་བ་མིན། གྲུབ་པ་གཙོ་བོ་འཛིན་པ་འདི་།
    སངས་རྒྱས་བཀའ་དང་ངེས་པར་མཐུན། དབང་སྣོན་ཆོས་ཀྱི་རྗེས་སུ་བྲང་པ་ལས།
    དབང་སྣོན་་དད་པའི་རྗེས་སུ་མ་སོང་བ་དགོས་་་སྐོར་རྒྱལ་བ་རིན་པོ་ཆེས་ཡང་སེ་གསུངས་བཞིན་ཡོད།
    དྲན་པར་གྱིས་ཨང།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-10-10 at 11:14 am

    དེ་ ཆོ་མ་ ཀོ་རོས་ མཆོག་གི་ངོ་སྤྲོད་ཅུང་ཟད་ཞུ་ན། ཧོང་གི་རིའ་ཡུལ་གྱི་སློབ་ཕྲུག་གསུམ་གྱིས་ཧང་གི་རིའི་མི་རིགས་དེ་ཡི་འབྱུང་ས་བརྩད་གཅོད་བྱེད་པར་དམ་བཅའ་བྱས་ཀྱང་། གཞན་གཉིས་ཀྱིས་ཁུངས་མ་ཁྱོལ་བར་གཤོལ། དེ་ཆོ་མ་ཀོ་རོས་སྡུག་རུས་ཆེ་བས་ཆེ་བས་ཤར་ཕྱོགས་སུ་བསྐྱོད་པ་ན། ཨིན་ཡུལ་པ་ཞིག་གིས། ཧང་གི་རི་ཡི་འབྱུང་ཁུངས་ཚོལ་བར་གགཅིག་ན། བོད་ཀྱིས་ཕན་ཐོངས་ངེས་བསམས་ནས། བོད་སྐད་སྦྱོང་བར་བསྐུལ་བ་བཞིན། ༡༨༢༠པའི་ང་དུ། ཟངས་དཀར་ཡུལ་དུ་འབྱོར། སྡུག་རུས་དཀའ་ངལ་ཆེན་པོས་བོད་སྐད་སྦྱངས། རྔ་གི་རྩ་བའི་ཞེ་འདོད་མ་གྲུབ་ཀྱང་། བོད་སྐད་དུ། རྒྱ་མཚོ་ལྟ་བུའི་རྒྱ་གར་གྱི་རིག་གཞུང་བསྒྱུར་པ་ལ་ངོ་མཚར་ཆེན་པོ་བྱུང་། ནུབ་ཕྱོགས་པ་བོད་སྐད་སྦྱོང་མཁན་དེ་ཡིན་འདུག རྒྱ་ཆེར་རོལ་པ་སོགས་ནས་བཏུས་པའི་ཚིགས་བཅད་མང་པོ་དང་། ས་སྐྱ་ལེགས་བཤད་སོགས་ནས་བཏུས་པའི་ཨཻན་འགྱུར་དང་། བོད་ཨིན་ཚིག་མཛོད་སོགས་སྤར་ཡོད། ཀལ་ཀ་ཏ་རུ། ཤར་ཕྱོགས་པའི་རིག་གཞུང་ཚོགས་པའི་དཔེ་མཛོད་ཁང་དུ། ཕྱག་ལས་མཛད་། སྐྱེ་བོ་རྣམས་ཀྱིས་ཁོང་གོ་མཛད་པ་ལ་གུས་བཀུར་གྱིས་གཟེགས་བསྟོད་ཞུ། མཐར་ཀ་ལ་ཀ་ཏ་ནས། རྡོ་རྗེ་གླིང་དུ་རྐང་ཐང་ལ་ཕྱིན། དེ་དུས་ནད་ཡམས་ཀྱིས་རྡོ་རྗེ་གླིང་ཉེ་འགྲམ། གུམ་ཞེས་པའི་ས་གནས་སུ་་དགུང་ལོ་ལྔ་བཅུ་ང་གྲངས་ཀྱི་མཇུག་ཙམ་ལ་སྐུ་གཤེགས་སོ།

    རྒྱལ་རིགས་བྲམ་ཟེའི་བུ་མོ་དང་།
    རྗེའུ་རིགསས་དམངས་རིགས་དེ་བཞིན་ཏེ།
    སུ་ལ་ཡོན་ཏན་འདི་ཡོད་པའི།
    བུ་མོ་དེ་ནི་འདིར་འོན་ཅིག

    ང་ཡི་བུ་འདི་རིགས་དག་དང་།
    རུས་ལ་ངོ་མཚར་འཛིན་མ་ཡིན།
    ཡོན་ཏན་ལྡན་པའི་ཆོས་རྣམས་ཀྱི།
    དེ་ལ་འདི་ནི་ང་ཉིད་དགའ།

    ཚིགས་བཅད་འདི་དག་རྒྱ་ཆེར་རོལ་པ་ནས་བཏོན་པ་ཡིན་ནམ་སྙམ་མོ། དཔྱད་དགོས་སོ།

  4. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 11:46 am

    ཚིགས་བཅད་འདི་དག་རྒྱ་ཆེར་རོལ་པ་ནང་ཡོད་ན། ང་ལ་ནི། དཔེ་འདི་མེད་པས། ངས་འོལ་ཚོད་ཀྱིས་ཞུ་དག་བྱས་པ་འདི་ལ། ཅིག་གིས་དག་བཅོས་ཡོང་བར་མཁྱེེན་ཞུའོ།། །།

  5. དགེ་རབ་ says:
    2016-10-10 at 2:25 pm

    རྒྱལ་རིགས་བྲམ་ཟེའི་བུ་མོ་དང ་། །རྗེའུ་རིགས་དམངས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །བུ་མོ་དེ་ནི་འདིར་འོན་ཅིག །ང་ཡི་བུ་འདི་རིགས་དག་དང་། །རུས་ལ་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་བདེན་པ་ཆོས་ཀྱི་རྣམས། །དེ་ལ་འདི་ཡི་ཡིད་དགའ་འོ། ། ཞེས་པའི་ཚིགས་བཅད་འདི་རྒྱ་ཆེར་རོལ་པའི་མདོའི་ཚིགས་སུ་བཅད་པ་རེད་ལགས། ངས་འདིར་པར་རིས་དེ་འཇོག་དོན་ནི་འདིའི་ལྕགས་འབྲུ་སྤར་མ་ལ་གཟིགས་ཞིབ་ཡོང་ཆེད་ཡིན་ལགས།

  6. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 2:41 pm

    དེ་ལ་འདི་ཡི་ཡིད་དགའ་འོ། ། ་་་་་་ ཐུགས་རྗེ་ཆེ་ཞེས་ཞུའོ།།

  7. དགེ་རབ་ says:
    2016-10-10 at 2:47 pm

    རྒན་འཇམ་དཔལ་ལགས་ཀྱིས་ཅོ་མའི་སྐོར་འདིར་ཁ་གསལ་དུ་གསུངས་པ་ལ་ཐུགས་རྗེ་ཆེ་ཞུའོ།། ཁོང་གི་གནས་ཚུལ་ཁ་གསལ་ཨིན་ཡིག་ཏུ་ཡོད་པའི་དྲ་བ་དེ་ན་འདུག་ཅིང་། འདིར་བསྒྱུར་པའི་རྩོལ་བ་མ་བྱས་སོ།། ཕྲན་རང་ཡ་མཚན་པ་ནི་ ལྕགས་སྤར་གྱི་འབྲུ་ཡིག་སྐབས་དེ་དུས་ནས་བསྒྲིགས་པ་དེ་རེད། དེ་བཞིན་འདིར་བཀོད་པའི་བོད་ཀྱི་ལོ་རྒྱུས་དེ་ཡང་གཟིགས་འཚལ། ཧ་ཅང་སྙན་པོ་ཞིག་འདུག ཅོ་མ་ཉིད་བོད་ཀྱི་རིག་གནས་ལ་ཧ་ཅང་མཁས་པོ་ཡོད་པའི་སྣང་བ་བྱིན་བྱུང་།
    དེ་རིང་འདིར་སླར་ཡང་ ལག་ཁྱེར་སྐོར་དེ་ཁ་སྣོན་དུ་བཏབ་ཡོད། ཐུགས་རྗེ་ཆེའོ།།

  8. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 3:15 pm

    གདེངས་ཅན། a hooked snake S. phan
    སྲེད་པ། affection,passion S.rag

  9. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 3:25 pm

    ཀོ་རོ་ཤི་ཅོ་མ་ཤཱན་དོར་(Alexander Csoma de Koros, 1784-1842)
    https://www.google.hu/search?q=shandor+csoma&tbm=isch&tbo=u&source=univ&sa=X&ved=0ahUKEwi_6OjD-tDPAhVDFiwKHbooCX0QsAQIeQ&biw=1084&bih=542

  10. དགེ་རབ་ says:
    2016-10-10 at 3:38 pm

    ཀརྡོ་ལགས། ཁོང་གི་ལོ་རྒྱུས་སོགས་འདི་ན་གསལ་པོ་དང་འཛོམས་པོ་ཡོད།
    http://csoma.mtak.hu/en/csoma-elete.htm

  11. ཀརྡོ་རབ་འབྱམས་པ་ says:
    2016-10-11 at 12:49 am

    The Third Journey of Csoma
    Csoma set off for the third time in August of 1827. He went to the monastery of Kanam to continue his studies with the lama, Sangs-rgyas Phun-tshogs.
    ་
    འདི་ཧང་གྷ་རིའི་སྐད་དུ།
    http://csoma.mtak.hu/hu/csoma-elete.htm

  12. ཀརྡོ་རབ་འབྱམས་པ་ says:
    2016-10-11 at 12:54 am

    བོད་དང་། ཅོ་མའི་སྐོར་ལ་ཧང་གྷ་རིའི་སྐད་ཀྱི་སྒྲ་གདངས་གསན་འདོད་ཡོད་མཁན་ཚོར།
    https://www.youtube.com/watch?v=joi-vulxKX8

  13. ཀརྡོ་རབ་འབྱམས་པ་ says:
    2016-10-11 at 1:06 am

    མིའི་རང་གཤིས་ངན་ཤོས་ཅིག་ནི། མཁས་པ་འཚོ་དུས་ཕྲག་དོག་དང་། མགྲན་སེམས་ཀྱིས་སྤྲང་པོར་བཏང་། མཁས་པ་དེ། ལྔ་ལམ་དུ་ཕྱིན་ཚར་ན། དགེ་འདུན་ཆོས་འཕེལ་བཞིན་དུ་སྤྱི་གཙུག་ཏུ་བཀུར་བ་འདི་རེད། ཅོ་མ་ཡང་། དགེ་ཆོས་གཉིས་ལ་མི་ཚེ་འདྲ་ཆོས་ཡོད་པ་ཅིག་ནི། མཁས་པ་ཆགས་པ་ཙམ་མ་ཟད། འཚོ་དུས་འཚོ་བས་ཕོངས་པ་དེ་གཉིས་འདྲ་མཉམ་དུ་མཐོང་ལགས།

  14. གཡག་རྒོད། says:
    2016-10-11 at 9:30 am

    མཁས་པ་དགེ་འདུན་རབ་གསལ་ལགས་ཐུགས་རྗེ་ཆེ། ཕྱི་གླིང་བ་འདིས་ད་དུང་འཇིགས་མེད་གླིང་བས་གཏེར་ནས་བཏོན་པར་སྐད་པའི་བར་དོ་ཐོས་གྲོལ་ཡང་བསྒྱུར་ཡོད་པ་གོ་ཐོས་བྱུང་ཡང་བདེན་མིན་མ་ཤེས།

  15. ཀརྡོ་རབ་འབྱམས་པ་ says:
    2016-10-11 at 10:59 am

    ཀོ་རོ་ཤི་་ཅོ་མས། བར་དོ་ཐོས་གྲོལ་བསྒྱུར་བ་བདེན་པ་མ་རེད། སུམ་རྟགས་དང་། ཚིག་མཛོད་བསྒྲིགས་པ་ལས་ནང་ཆོས་བསྒྱུར་མེད།

  16. ཨ་ཁུ་འབྲོག་པ། says:
    2016-10-11 at 11:48 am

    ༼རྟ་འུལ་གྱིས་མཚོན་གང་སྤྱིའི་ཕན་རོགས་གནད་དུ་གང་འགྲོ་ལས༽

  17. ཀརྡོ་རབ་འབྱམས་པ་ says:
    2016-10-11 at 12:08 pm

    འགའ་ཤས་ཀྱིས་ཅོ་མ་ཕྱི་གླིང་པའི་བོད་རིག་པ་དང་པོ་དེ་རེད་ཟེར། འགའ་ཤས་ཀྱིས་ཅོ་མ་ནང་ཆོས་ལ་མཁས་ཀྱང་ནང་པ་མ་རེད་ཟེར། འགའ་ཤས་ཀྱི་ཅོ་མ་བྱང་ཆུབ་སེམས་དཔའ་རེད་ཟེར། སུས་ཁ་ལ་བལྟས་ནས་ཐག་གཅོད་དགོས་སམ། ལགས།

  18. BONPO says:
    2016-10-11 at 8:10 pm

    ལྕགས་སྤར་གྱི་བོད་ཡིག་དེ་གཅིག་བྱས་ན། ཡེ་ཤུའི་ཚོས་སྤེལ་མཁན་ཚོས་ཐོག་མར་བཟོས་པ་ཡིན་སྲིད། སྔོན་མ་ཞིག་ལ་ཡེ་ཆོས་ཀྱི་དཀོན་མཆོག་སྐོར་ལྕགས་ཡིག་དེ་འདྲའི་སྒང་བྲིས་པ་ཞིག་མཐོང་སྣང་འདུག ཡིན་ནའང་ཁྱབ་པ་མེད་པས་ཞིབ་ཚགས་པོ་ནི་ཞུ་མི་ཤེས་སོ། །

  19. ཀླུ་སྨྱོན། says:
    2016-10-11 at 9:01 pm

    གཡག་རྒོད། བར་དོ་ཐོས་གྲོལ་ཀརྨ་གླིང་པའི་གཏེར་མ་རེད་མ་གཏོགས་འཇིགས་མེད་གླིང་པར་འབྲེལ་བ་ཅང་མི་འདུག་ག ཀར་གླིང་ཞི་ཁྲོ་ཞི་ཁྲོ་ཟེར་བའི་ཁ་བྱང་གཅིག་པོས་ཀྱང་ཐག་ཆོད་འདུག་ག

  20. དགེ་རབ་ says:
    2016-10-12 at 9:07 am

    འདི་ལ་གཟིགས་རོགས་གནང་། གོང་དུ་རྩོམ་ཡིག་གི་དཀྱུས་སུ་བཀོད་མོད་ཐུགས་སྣང་གནང་མཁན་བྱུང་མེད་པ་འདྲ།
    http://www.khabdha.org/wp-content/uploads/2016/10/Geographical-Notice-of-Tibet-.pdf

  21. གཡག་རྒོད། says:
    2016-10-13 at 10:56 am

    ཀླུ་སྨྱོན་ལགས། བཀའ་དྲིན་ཆེ། ང་ནོར་སོང་། ཀརྨ་གླིང་པ་རེད། The tibtetan book of the death འདིར་ཐེངས་ཁ་ཤས་ལ་མཇལ་མྱོང་། བོད་རང་གི་མ་ཡིག་བཀླག་རྒྱུ་མ་བྱུང་།

  22. གཡག་རྒོད། says:
    2016-10-13 at 11:01 am

    འོ་ད་དུང་ཞུ་བྱ་གཅིག་ཡོད། སྔོན་ཆད་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་གསུམ་བདུན་ལྔ་ཐད་གཏོང་ཁང་གི་བཅར་འདྲི་ལེ་ཚན་ཞིག་ཏུ་འཇིགས་མེད་གླིང་བ་ཞེས་བཤད་ཡོད་པ་ད་དུང་དྲན་གསོ་གི་འདུག བཅར་འདྲི་ཞུ་ཡུལ་ཕལ་ཆེ་ཡུལ་ལྷ་ཐར་ཟེར་བ་ཞིག་མི་འགྲོ གསལ་བོར་མ་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme