Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།

Posted on 2011-05-01 By དབང་ཕྱུག་ 5 Comments on གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།

མདའ་མོ་ཚང་རྨོག་རུ་བསྟན་པ།༼རྒྱལ་ས་ལྡི་ལི་ནས།༽

༡ ༽བདེན་པ་བོར་བའི་མུན་ནག་ཚོ་ཇི་ལྟར་རྔམ་མཐུག་ནའང་།སང་ཉིན་གྱི་སྐྱ་རེངས་ནི་ གནམ་འོག་གི་སྒྲོན་མེ་ཚུལ་དུ་ཡོད་པས།སྟོན་པ་ཤཱཀྱ་ཐུབ་པ་དང་།སྟོན་པ་ཏཱ་ལའི་ བླ་མ།གནམ་འོག་གི་བདེན་པའི་དྲང་སྲོང་མཁན་པོ།ཁྱེད་ཅག་གི་ཕེབས་ལམ་ན་འོད་མདངས་ ཀྱི་མེ་སྟག་མཆེད་པས།རེ་བས་ཁེངས་ཤིང་།ཡིད་ཆེས་ཀྱི་མྱོས་བའི་ང་ཚོས།མུན་ནག་གི་ ངོ་གདོང་སྟུག་པོ་ཞིག་རལ་ཕྱིར།རྨོངས་མུན་གྱི་འཇིག་རྟེན་སྐྱ་བོ་ཞིག་སངས་ཕྱིར།གནམ་སྔོན་པོ་དབང་དུ་བཞག་སྟེ།ལྷ་ ཆེན་པོར་གོང་བཀུར་བྱེད།

༢ ༽མི་ལོ་ལྔ་བཅུའི་སྔོན་དུ་ཕམ་ཉེས་སུ་གྱུར་བའི་གདོང་དམར་གྱི་བོད་པ་ཚང་།དེ་ རིང་གཅིག་རྗེས་གཉིས་སུ་མཐུད་པའི་ལ་རྒྱ་དང་ཀི་སྒྲས་གསོན་ཡོད་པས།བདེན་པ་དང་ ལས་འབྲས་ནི་བཅོས་ཐབས་མེད་པའི་གནམ་གྱི་རྒྱལ་མོའི་བཀའ་ཡིག་ཅིག་མ་ཡིན་ནམ།ཀི་ བསྭོ་འཐེན་པའི་དཔའ་རྒོད་ཚོ།ལ་བརྒྱའི་བདག་པོ་བུ་རྒོད་ཚོ།རེ་བ་དང་ཡིད་ཆེས་ ཀྱི་གསོན་མིག་ཁྲོད་ནས།ཁྱོད་དང་ང་ཚོའི་ད མ་ཚིག་གི་ཕྱིར་ཏུ།བྲག་རི་བཞིན་བརྟན་པའི་ཆོད་སེམས་གཙང་མ་ནི།མི་རིགས་ཤིག་གི་ རེ་སྙེག་ཏུ་ཕུལ་བའི་ལེགས་སྐྱེས་མ་ཡིན་ནམ།

༣ ༽མེ་མདའ་དང་མཚོན་ཆ་ཐོགས་པའི་མཁྲེགས་འཛིན་རིང་ལུགས་པ་ཚོ།ཁེར་རྐྱང་གི་རི་སུལ་ ཞིག་ཏུ་ངར་ངར་གྱིས་འཚོ་ནའང་།གནམ་འོག་གི་ཕྲ་མཐོང་རྒྱང་ཤེལ་ལ་དབང་བཙན་པས། གླེན་པའི་ཁ་དོག་་ལྐུགས་པའི་ཨུ་ཚུགས།སྡར་མའི་དཔའ་རྟགས་སོགས་མི་ཆོས་རིང་ལུགས་ པས་ཀྱང་གད་སྙིགས་ཡིན་པས།དྲང་སྲོང་ཚོའི་ལམ་སྟོན་ཁྲོད་དུ།སྙིང་རྗེ་དང་།བཟོད་ བསྒོམ།བྱམས་པ་དང་།བརྩེ་སེམས་ལ་ནུས ་ཤུགས་ཡོད་པར་གསུང་བ་མ་ཡིན་ནམ།

༤ ༽གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།འདུ་ཤེས་མེད་པའི་མི་བུ་ནི་འཚོ་ གནས་ཙམ་ཞིག་ཡིན་མོད།རེ་བ་ཡོད་པའི་ཉིན་མོ་ནི་མི་རབས་གསར་བའི་གོམ་སྒྲ་ཡིན། གོམ་སྒྲ་དང་གོམ་སྒྲར་མཐུད་པའི་བདེན་དོན་གྱི་ཆེད་དུ།སྙིང་ཁྲག་འདི་ས་ལ་འཕོ་དགོས་ཀྱང་།མགོ་བོ་འདི་རྡོ་ལ་བརྡབས་དགོས་ཀྱང་།ཝ་རྔ་མ་ཤ་ལེ་འབྲོ་བ་ལས།སྟག་འཛུམ་དྲུག་ཉིལ་ལེ་ཤི་ན་དགའ་བའི་བརྟན་ཚུག ས་དང་རང་གཤིས་ནི་རྩམ་གཟན་ཕ་མེས་ཚོའི་རྣམ་ཤེས་མ་ཡིན་ནམ།

༥ ༽གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།རི་བོའི་ཕ་རོལ་ན་རྣམ་ཤེས་ཀྱི་རེ་སྒུག་མང་།གངས་རིའི་ཕར་རྒྱབ་ཏུ་གསེར་མདོག་གི་རྨི་ལམ་འཕྲོས།འདི་དག་ནི་ང་ཚོར་ལྐུལ་ལྕག་དང་།འདི་དག་ནི་ང་ཚོར་འབོད་པ་མ་ཡིན་ནམ།གངས་རིའི་ཚེ་སྲོག་དང་ལ་རྒྱའི་མགོ་འཕང་ནི་གནམ་འོག་གི་བདག་པོ་མ་ཡིན་ནམ།གནམ་སྔོན་པོ་གཙུག་ཏུ་བཀུར་ཏེ། ས་ཆེན་པོ་དབང་དུ་བཞག་ནས་དྲང་བདེན་དང་།རང་དབང་།འདྲ་མཉམ།ཆིག་སྒྲིལ།གུ་གཤངས་ཀྱི་ལམ་དུ་ཤར་བསྐྱོད་བྱེད་རྒྱུ་ནི་ ངའི་དཔའ་རྒོད་ཚོས་བཞག་པའི་གཏན་ཚིགས་མ་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: ཆོས་དཔོན་གྱི་ཆགས་སྤྱོད་དང་ཆོས་ཚོགས་ཀྱི་བཟོད་གསོལ།
Next Post: གསར་གཏོད་ཅན་གྱི་མི་ལ་ཚང་དགོས་པའི་ཁྱད་ཆོས་བཅུ་གཉིས།

Comments (5) on “གནམ་འོག་གི་བདེན་པ་སྲུང་བའི་དཔའ་རྒོད་ཚོ།”

  1. རྡོ་རིགས་པའི་མདའ་མོ། says:
    2011-05-01 at 7:06 am

    སྐུ་ཞབས་རྨོག་རུ་བསྟན་ལགས།སྐུ་ཉིད་ཚ་ཚད་༤༢་ལ་སླེབས་པའི་རྒྱལ་ས་དྷི་ལིར་བདེ་ལགས་ངང་འབྱོར་བ་རྟོགས་ཁར་ཁོ་བོ་སྤྲོ་བ་བརྟས།སྐུ་ཉིད་འདི་ལྟར་སྤོབས་པ་མཐའ་ཡས་ཤིག་གིས་མདུན་བསུས་ཏེ་ཆོད་སེམས་དང་རྗེས་སེམས་སླད་མེད་ཅིག་གིས་ལས་འགུལ་གྱི་ཚ་ཤས་ཙམ་ལེགས་འགྲུབ་བྱུང་བར་ཁོ་བོ་ལྷག་ལས་བརྟས།སྐུ་ཉིད་གར་སོང་ས་ནས་རྗེས་བྱང་གི་དོད་དུ་ཉིན་ཐོ་རེ་བཀོད་རྒྱུ་ཁོ་བོའི་རེ་བ་ལགས་ན།སྐུ་ཉིད་ཀྱིས་བརྗེད་དུ་མ་འཇུག

  2. རྒྱ་བཀྲ་དོན། says:
    2011-05-01 at 10:01 am

    རྨོར་རུ་ཚང་གི་རྩོམ་ཡིག་འདི་ཧ་ཅང་གི་བློ་ལ་ཐད་སོང་། མུ་མཐུད་དུ་ཕྲིས་ཤོག་ཨ

  3. རྨོག་རུ་བསྟན་པ། says:
    2011-05-01 at 10:03 am

    ཁ་སང་ཕྱི་དྲོ་ཆུ་ཚོད་གཉིས་པ་ནས་ལྔ་བ་བར་ལྡི་ལིར་གོམ་བགྲོད་བྱས་ཤིང་མ་ཧཱ་གན་རྡེ་ལྡུམ་རྭར་མཆོད་འབུལ་དང་སྨོན་ལམ་སྟབས་བདེ་ཞིག་འཚོགས་ཏེ་ལས་འགུལ་མཇུག་བསྡུ་གནང་།
    དབུས་གཙང་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་དང་།མདོ་སྨད་སྤྱི་འཐུས་ཟླ་བ་ཚེ་རིང་།མདོ་སྨད་དབུས་རྒྱུན་བསྟན་པའི་དངོས་གྲུབ།དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཁོ་བོ་བཅས་ཅན་རྡི་མན་རྡིར་དབུས་གཞོན་ནུའི་ཟས་བཅད་ངོ་རྒོལ་བ་ཚོའི་རྩར་སོང་སྟེ་སེམས་གསོ་དང་ཁ་བཏགས་འཐེན་ཅིང་སྟོང་མིན་གྱི་ལས་འགུལ་ཆེད་ཞལ་འདེབས་ཙམ་ཕུལ།
    ངོ་མ་བཤད་ན་ཟས་བཅད་ཉིན་དྲུག་ལྷག་བརྒལ་བའི་རྒྱལ་གཅེས་པ་ཚོས་མདུན་སྐད་ཆ་ཇི་འདྲ་ཞིག་བཤད་དགོས་པའང་ཤེས་ཀྱིན་མི་འདུག་་་ཡིན་ཡང་་་་་
    ཕྱིར་མགྲོན་ཁང་དུ་སླེབས་རྗེས་ངེད་ཀྱི་རྩོམ་ཡིག་འདི་སྤེལ་བ་ཡིན།

    རྡོ་རིག་པའི་མདའ་མོ་ནས་དགོངས་འཆར་གནང་བར་དགའ།ཐུགས་རྗེ་ཆེ།

  4. loemosilsil says:
    2011-05-01 at 4:22 pm

    རྨོག་རུ་མཆོག ཟས་བཅད་ངོ་རྒོལ་བ་ཚོའི་གནས་སྟངས་ཇི་འདྲ་རེད།

  5. རྨོག་རུ་བསྟན་པ། says:
    2011-05-02 at 3:38 am

    དྲ་གྲོགས་རྣམ་པས་སྐུ་ཁམས་བཟང་།ཟས་བཅད་ངོ་རྒོལ་བ་ཚོའི་སྐུ་གཟུགས་ལ་དེ་ཙམ་གྱིས་གནོད་སྐྱོན་ཆེན་པོ་མི་འདུག་་་་ཕར་བལྟས་ཚོད་ཀྱིས་ཚང་མ་སྔར་བཞིན་ཡིན་པའི་རྣམ་པ་འདུག་་་ཡིན་ནའང་།ཞལ་རས་ཅུང་ཟད་སྐམ་དུ་འགྲོ་འདུག་པ་དང་།གསུང་བཤད་གནང་སྐབས་སྐད་ཤུགས་ཆུང་དུ་ཕྱིན་ཡོད་པ།གསུང་བཤད་མང་པོ་གནང་ན་སྐད་ཤུགས་ཀྱིས་མ་འདང་བའི་དཀའ་ངལ་ཡོད་པ་ཞིག་མཐོང་བསྡད་ཀྱིན་འདུག་་་ཁོ་ཚོ་གསུམ་ཀ་ཕྱི་ལོགས་སུ་རྐུབ་བཀྱག་རེ་ཡི་སྟེང་བཞུགས་འདུག་་་གློ་བུར་དུ་ཡར་ལངས་ན་མགོ་ཡུ་འཁོར་བཞིན་འདུག་ཟེར་་་སྨན་ཞབས་ཀྱིས་བརྟག་པ་ལྟར་ནའང་ད་དུང་ཐང་པོ་ཡོད་ཚུལ་འདུག་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme