Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གན་གན་ཡིན། འདི་འདི་ཡིན།

Posted on 2012-04-09 By ཁ་བརྡ་ 26 Comments on གན་གན་ཡིན། འདི་འདི་ཡིན།

(ང་ལ་སྤྱི་ཚཽགས་མེ་ལོང་གི་གསར་འགོད་པས་བཅར་འདྲའི་ཁ་གསབ་ཏུ།)
བསྟན་པ་དར་རྒྱས་ཀྱིས།

སྤྱིར་བརྩེ་བའི་ཀློག་པ་པོ་དག་གིས་ང་ཆེར་སྟོད་དང་རྒྱབ་སྐྱོར་གྱི་སེམས་གསོ། བསམ་ཚུལ་དྲང་བོར་བརྗོད་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་། ང་རང་ལ་ཉིན་རྒྱུན་དྲ་ལམ་དུ་ཞུགས་པའི་ཆ་རྐྱེན་ཞན་སྟབས་ཐད་གར་བཀའ་ལན་སྐྱོན་མ་ཐུབ་པར་དགོངས་ཡངས་ཞུ་བ་དང་། གཤམ་ནས་ཉེ་སྔོན་ཁ་བརྡ་དྲ་བ་རུ་དེའི་སྐོར་ལ་དོགས་འདྲི་འདྲ་མིན་གནང་འདུག་པར་ཁ་གསལ་གྱི་ལན་སྟབས་བདེ་ཞིག་འདེབས་པར་མོས་པས་སོ།།

༤༽ དགའ་ལྡན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ གི་ཆུ་ཚོད་ ༤ སྐར་མ་ ༠༦
བསྟན་པ་དར་རྒྱས་ཀྱི་ལོ་རྒྱུས་འམ་དྲི་བ་དྲི་ལན་འདི་ཀློག་སྐབས་དངོས་གནས་ཁྱད་མཚར་པོ་ཅིག་འདུག
མི་གཅིག་གི་ཐོབ་ཐག་ལག་འཁྱེར་གསུམ་ཙམ་བཟོས་སྐོར་དང་། ལས་ཀ་མང་པོ་ཞིག་བྱས་སྐོར། ཡང་སྐྱར་བཙོན་དུ་ཚུད་ཀྱང་ཐར་ཚུལ་ལ་བསམ་བློ་གཏང་ན་རྒྱལ་ཁབ་མང་པོས་ཞེད་སྣང་དང་དོ་སྣང་ཆེ་སྐྱེས་བྱེད་ཡུལ་གྱི་རྒྱ་གཞུང་ལ་ཞེད་སྣང་བྱེད་དགོས་དོན་མི་འདུག ལོ་རྒྱུས་འདི་ལ་དཔྱད་ཞིབ་ཡག་པོ་ཞིག་བྱས་ཚེ། ཡང་ན་ནི་ཁོང་གི་བརྗོད་དོན་ལ་རྫུན་ཚིག་མང་པོ་ཡོད་ངེས། དེ་མིན་ན་སྟོབ་ཆེན་ཡིན་ཞེས་བརྗོད་མཁན་གྱི་དགྲ་བོ་རྒྱ་དམར་དེ་དོན་དངོས་སུ་་་་་་་་་་་་་་་་་་་་
࿉དགའ་ལྡན་ལགས་སུ་མ་གཞི་མི་གཅིག་གིས་ཐོབ་ཐང་ལག་འཁྱེར་མི་འདྲ་བ་གསུམ་བཟོ་རྒྱུ་དེ་འཇོན་ཐང་དང་དཀའ་ལས་ཞེ་དྲག་ཡོད་པ་མ་རེད་ལ། འབྲོག་ཁུལ་གྱི་ཁྱིམ་ཐོ་ཅིག་ཡོད་པ་ཡིན་ན་དེའི་སྟེང་ནས་ཐོབ་དཔང་ལག་འཁྱེར་ཐད་ཀར་བཟོ་ཐུབ་པ་རེད། ཡིན་ན་ཡང་། ཁ་གསལ་དགོས་ས་ཞིག་ལ་དེ་ནི་ལོ་བཅུ་དང་ཉི་ཤུའི་དུས་ཚོད་ཅན་གྱི་ལག་འཁྱེར་ངོ་མ་དེ་མ་ཡིན་པར་ཟླ་ཤས་ལ་བེད་སྤྱོད་གཏོང་ཆོག་པའི་ལག་འཁྱེར་དེ་རེད། གཞན་ལས་ཀ་མང་ཡང་ཉུང་ཡང་དེ་དག་ནི་རང་གི་ཚེ་སྟོད་དུ་བྱས་ཟིན་པ་བདེན་དཔང་གི་མི་ག་ཚོད་དགོས་དགོས་ཤིག་ཡོད་པ་རེད། ཡང་བསྐྱར་བཙོན་དུ་ཚུད་ཚུལ་དང་ཐར་ཚུལ་ནི་སྔར་གྱི་དྲི་བ་དྲིས་ལན་དུ་ཁ་གསལ་ཞིང་རྒྱས་པ་ཡོད་པས་ན་འདིར་བསྐྱར་འགོད་བྱེད་དགོས་མི་འདུག་སྙམ་ལ་ཁྱེད་ཉིད་ལ་དེ་ལས་གསལ་ཁ་མ་ཐོན་ན་ནི་ཁ་པར་ཨང་གྲངས་༩༨༠༥༧༨༧༩༩༩འདི་བརྒྱུད་ནས་བསམ་ཚུལ་བརྗེ་རེས་བྱ་ཆོག་པ་བཅས།
༡༤༽ ཆོས་འཕེལ་དར་རྒྱས་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ གི་ཆུ་ཚོད་ ༡༤ སྐར་མ་ ༢༠
དྲི་བ་ཞིག་འདྲི་འདོད་བྱུང་། དེང་རི་ནས་མར་གཞིས་ཀ་རྩེ་ལ་ཁྲིད་ནས་ཡང་ཡར་མངའ་རིའི་བརྩོན་ཁང་ལ་ག་འདྲ་ཁྲིད་པ་རེད། རྒྱ་གཞུང་གིས་བགོ་སྟེང་ལ་སོང་ན་གཞིས་ཀ་རྩེ་དང་མངའ་རི་གཉིས་ས་ཁུལ་ཁ་ཁ་མ་རེད་དམ། དེང་རི་ནི་གཞིས་ཀ་རྩེའི་མངའ་ཁུངས་སུ་ཡོད་པ་དང་ས་ཁྲ་ལ་བལྟས་ན་ཡང་དེང་རི་ནས་གཞིས་རྩེ་ལ་སོང་དེ་ནས་སླར་ཡར་ཡར་མངའ་རིའི་ཕྱོགས་ལ་བཙོན་འཇུག་བྱེད་ཚུལ་འདི་མགོ་འཐོམ་དགོས་བ་ཞིག་འདྲ།
࿉ཆོས་འཕེལ་ལགས་དེ་ལ་ཁྱོད་ཁག་མི་འདུག གཞེས་ཀ་རྩེའི་ཉ་རིའི་བཙོན་ཁང་ཞེས་པ་དེ་གསར་འགོད་པའི་ཉན་ནོར་ཐེབས་ཏེ་མངའ་རིའི་བཙོན་ཁང་ཞེས་ཡི་གེར་བཀོད་བཞག་འདུག་པས་དགོངས་དག
༡༧༽ འབྲི་རུའི་ཤེལ་དཀར་འབུམ་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ གི་ཆུ་ཚོད་ ༡༥ སྐར་མ་ ༠༣
བསྟན་པ་དར་རྒྱས་ལགས་ཁྱེད་ཀྱིས་བོད་དོན་ཆེད་དུ་དཀའ་ཁག་དེ་ཙམ་བརྒྱུད་པ་བླ་མེད་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གསོག་སྒར་སློབ་གྲྭའི་དགེ་རྒན་གྱིས་བསམ་ཤེས་མ་ཐོབ་པར་ཕྱིར་འཕུད་བཏང་བ་བློ་ཕམ་ཡོད། ཁྱེད་ལ་གོང་གི་དྲྭ་གྲོགས་དག་གིས་ཕུལ་བའི་དྲི་བ་ལན་ཞིག་དང་།
ཁྱེད་དང་མཉམ་དུ་ཕུད་པའི་སློབ་ཕྲུག་གཉིས་ཀྱི་མིང་དང་ད་ལྟའི་གནས་སྟངས་སོགས་འདིར་མི་འགོད་པའི་རྒྱུ་མཚན་གང་ཡིན་ནམ།

࿉འབྲི་རུའི་ཤེལ་དཀར་འབུམ་པ་ལགས། མ་གཞི་དྲི་བ་དྲིས་ལན་ཟེར་བ་དེ་རང་ཉིད་ཁོ་ནའི་བསམ་ཚུལ་རྐྱང་བ་ཐད་ཀར་ཕྱོ་ཆོག་པ་མ་ཡིན་པར་དྲི་བ་གང་ཞིག་བཏོན་པ་ན་དེ་དང་མཐུན་པའི་ལན་འདེབས་དགོས་པས་ན། གསར་འགོད་པས་ངའི་རོགས་པ་གཉིས་ཀྱི་གནས་སྟངས་དང་མཚན་སོགས་དྲི་བར་མ་བཀོད་པས་ན་ངས་ཀྱང་དེའི་སྐོར་ནས་ཅི་ཡང་བཤད་མེད་པ་རེད་མོད། ད་ལན་འདིར་ཉིད་ཀྱི་འདོད་བློ་ལྟར་བྱས་ནས་ཞུ་ན། རོགས་པ་གཉིས་ཀྱི་མཚན་ལ་བཀྲ་ཤིས་དང་གངས་རིའི་ཆོས་དགའ་ཟེར་བ་རེད། གོང་མ་དེ་ཕ་ཡུལ་སྡེ་དགེ་དང་འོག་མ་ནགས་ཆུའི་འབྲི་རུའི་རྫོང་གི་ཡིན་པ་དང་ད་ལྟའི་ཆར་ཁོང་རྣམ་པ་གཉིས་ད་ལྟ་རྡ་སར་གནས་སྡོད་གངས་རིའི་ཆོས་དགའི་ཕ་ཡུལ་གཅིག་པ་བཀྲ་ཤིས་དོན་གྲུབ་ཟེར་བ་དེའི་ནང་དུ་བསྡད་ཡོད་པ་རེད་ལ་ཉེ་ལམ་སློབ་གྲྭ་ཞིག་དུ་འཛུལ་ཞུགས་བྱ་བའི་ཐབས་ལ་འབད་བཞིན་པ་བཅས།

རྗེས་སོར་མཁྱེན་ཡངས་ཀློག་པ་པོ་དག་ལ་དཀའ་འདྲི་དང་བསམ་ཚུལ་ཅི་ཡོད་འདིར་ཐད་གར་ཁ་པར་ལས་བྱ་ཆོག་པ་བཅས།
བསྟན་པ་དར་རྒྱས། ༩༨༠༥༧༨༧༩༩༩

སྣ་ཚོགས།

Post navigation

Previous Post: བོད་ནི་རྒྱ་ནག་མང་གཙོར་འགྱུར་བའི་འགག་རྡོ་ཆེན་པོ་ཞིག་རེད།
Next Post: བོད་ནམ་ཡང་འཆི་གི་མ་རེད།

Comments (26) on “གན་གན་ཡིན། འདི་འདི་ཡིན།”

  1. ཨ་ར་དཀར་པོ says:
    2012-04-09 at 10:32 pm

    ལོ་སར་ཚེས་གཅིག་ཉིན་ལྡི་ལི་ཅན་དར་མན་དར་ནས་ཁྱེད་གསུམ་ཐོག་མར་མཐོང་སོང་ལ་དེ་དུས་པར་ཁ་ཤས་ཀྱང་བླངས་པ་ཡིན། མ་བསམས་ས་ནས་ཡར་རྡ་སར་སླེབས་པ་དང་སློབ་གྲ་ནས་ཕྱིར་འབུད་བྱས་པ་འདྲ། གསོག་སྒར་སློབ་གྲའི་དབུ་འཛིན་གྱིས་འདི་ལྟར་བྱེད་དགོས་དོན་ཅི་ཡིན་ནམ།

  2. བྲོ་འཚལ། says:
    2012-04-10 at 1:42 am

    གསོག་སྒར་སློབ་གྲྭའི་དབུ་འཛིན་གྱིས་ཀྱང་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་སློབ་གྲྭ་ནས་ཕྱིར་ཕུད་པ་ཡིན་གྱུ་རེད།་་་དེ་མིན་ན་གསོག་སྒར་སློབ་གྲྭར་སློབ་མ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཡོད་པའི་ནང་ནས་ཁོང་གསུམ་པོ་ཕྱིར་ཕུད་དགོས་པའི་རྒྱུ་མཚན་ག་རེ་ཡོད་པ་རེད།་་་་་སློབ་གྲྭར་སློབ་གྲྭའི་འགྲོ་ལུགས་དང་སྒྲིག་ཁྲིམས་ཤིག་ཡོད་པ་རེད།་་་་ཁྲིམས་དང་འགྲོ་ལུགས་ལས་བརྒལ་ན་སློབ་གྲྭ་ནས་སློབ་མ་ཕྱིར་ཕུད་པ་ནི་བསམ་བློས་དཔོག་མི་ཐུབ་པ་ནི་ཅི་ཡང་མ་རེད།་་་ང་སྔོན་མ་སུ་ཇ་སློབ་གྲྭར་ཡོད་དུས་ཀྱང་ཐ་མ་རྐང་གཅིག་འཐེན་རྒྱུ་ཕར་ཞོག་ལག་ཏུ་བཟུང་བ་མཐོང་བ་ཡིན་ན་སློབ་གྲྭ་ནས་ཕྱིར་ཕུད་པ་ནི་རྒྱུན་ལྡན་ལྟ་བུ་རེད།་་་་དེ་ལ་ཕྱོགས་གཞན་ཞིག་ལ་བསམ་བློ་བཏང་ནས་དོགས་འདྲི་བྱེད་དགོས་པའི་རྒྱུ་མཚན་མི་འདུག་སྙམ།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-04-10 at 2:21 am

    གན་གན་ཡིན། འདི། གང་གང་ཡིན། ཟེར་འདོད་དམ།

  4. ལུང་རྟོགས། says:
    2012-04-10 at 2:55 am

    ཁོང་གསུམ་ཕུད་དོན་ནི་བོད་དོན་ལས་འགུལ་སྤེལ་བར་སོང་ནས་དུས་འབྱངས་ཅུང་ཟད་བྱུང་བ་ཙམ་ཞིག་རེད། ཐ་མག་མཐེན་པ་དང་འདི་གཉིས་བསྡུར་ག་ལ་རུང་། འདི་ལྟ་བུ་ལ་ཡང་གུ་ཡང་དང་བསམ་ཤེས་གཏན་ནས་མེད་པ་ནི་ང་ཚོ་རྒྱ་གར་ལ་གང་གི་ཆེད་དུ་ཡོང་བ་ཡང་བརྗེད་ཟིན་པའི་རྟགས་མཚན་མིན་ནམ།

  5. དགའ་ལྡན་ says:
    2012-04-10 at 3:01 am

    རྒྱལ་གཅེས་པ་བསྟན་དར་ལགས་ཁྱེད་ཀྱི་གུས་པའི་དྲི་བར་ལན་འདེབས་ཁ་གསལ་གནང་བ་ཐུགས་རྗེ་ཆེ། གསལ་པོ་ཞེ་དྲག་བྱུང་སོང་། སླད་ཕྱིན་ཁྱེད་བསམ་ལྷུན་སྒྲུབ་ཡོང་བའི་སྨོན་འདུན་བཅས

  6. གྲགས་པ་གནམ་ཐོས། says:
    2012-04-10 at 3:25 am

    སློབ་གྲྭ་ནི་སློབ་སྦྱོང་གི་དུས་ཚོད་རེད། དེ་རྗེས་རྩ་དོན་ཆེད་ལས་གང་བྱས་ཀྱང་ཕྱིས་མི་ཡོང་། སློབ་གྲྭའི་སྐབ་སུ་རྩ་དོན་རྩོད་། རྩ་དོན་རྩོད་དུས་ཤེས་རྨོངས་སུ་ལུས་ཚེ་འཕང་པོ་རེད། ལར་ནས་རང་རེའི་སྤྱི་ཚོགས་ཐོག་སློབ་གྲྭ་ག་གེ་མོའི་སྒྲིག་ཁྲིམས་དང། ཕྲུ་གུའི་ཤེས་ཡོན་ཐོག་ཐུད་ཤོར་ཡོད་མེད་ཤོད་མཁན་ཉུང་ལ། སློབ་གྲྭའི་སྒྲིག་འཛུགས་དང་ཤེས་ཡོན་ཆེད་སློབ་གྲྭའི་སྒྲིག་ཁྲིམས་འགལ་འཛོལ་བྱུང་རིགས་ལ་ཉེས་པ་བཏང་བར་མཐོ་དམའ་གང་ས་ནས་ཤོད་ཥཁན་མང། དེའི་རྐྱེན་གྱི་ད་ཆ་སློབ་གྲྭ་ཁག་གཅིག་ནང་སྒྲིག་ཁྲིམས་མ་བསྣན་པར་ཕྲུ་གུ་ཚོས་འཁྱམས་མྱུལ་ལ་རོལ་བ་འདི་མི་རིགས་ཀྱི་གྱོང་ཁ་ཡིན། ངེས་པར་དུ་ང་ཚོའི་ཁ་ཕྱོགས་ཤེས་པ་བྱེད་རོགས།

  7. ཚངས་སྲས says:
    2012-04-10 at 4:48 am

    བཀློགས་ནས་བུད་སོང་ང་་་་་

  8. རག་ཕྱགས་རྡོར says:
    2012-04-10 at 5:12 am

    རྒྱལ་གཅེས་བསྟན་པ་དར་རྒྱས་ལགས་ལ་ཐུགས་རྗེ་ཆེ་ཞུ་་་་་་་་་་་་་ཁྱེད་གསུམ་པོ་སློབ་གྲྭ་ནས་ཕྱིར་འབུད་བཏང་ཟིན་པས་བ་སམ་དོན་ལྷུན་གྱིས་འགྲུབ་པར་ཤོག་གོང་གི་དྲ་བུ་འགའ་ཤས་ཀྱིས་ད་དུང་ཡང་རྒྱལ་གཅེས་ཀྱི་དཔའ་བོ་གསུམ་པོ་ག་འདྲ་བྱས་ནས་ཕྱིར་འབུད་བཏང་ཡོད་པ་ཧ་གོ་མེད་པ་འདྲ་སྙིང་རྗེ་ཡ་རང་རེད།།།

  9. རག་ཕྱགས་རྡོར says:
    2012-04-10 at 5:44 am

    གོང་གི་དྲ་བུ་བ་བྲོ་ཚལ་་་་་་་་་་་་ཁྱོད་ཀྱིས་ཐ་མག་འཐེན་ནས་སློབ་གྲྭར་ཕྱིར་འབུད་བཏང་བ་དང་བསྟན་པ་དར་རྒྱས་གཙོས་པའི་རྒྱལ་གཅེས་ཀྱི་དཔའ་བོ་གསུམ་པོས་བོད་མི་རིགས་ཀྱི་རྩ་དོན་ཁྱེད་དུ་ངལ་རྩོལ་རྒྱབ་ནས་ཕྱིར་འབུད་བཏང་བ་གཉིས་གཏན་ནས་མི་འདྲ་ཁྱོད་སློབ་ཕྲུག་ཞིག་གི་མིང་ཐོག་ནས་སློབ་གྲྭའི་རྭ་བར་དུ་མི་འདོད་པའི་ཐ་མག་འཐེན་ན་ལོས་ཕྱིར་འབུད་གཏོང་ཡིན་ད་ཡིན་ཁྱོད་ཀྱིས་སློབ་ཕྲུག་ག་ཚོད་ལ་སྤྱོད་ངན་འདི་འདྲ་མིག་སྟོན་བྱས་ཡོད་རེད།། བསྟན་དར་གཙོས་པའི་སློབ་མ་གསུམ་པོས་བོད་པའི་རྩ་དོན་ཆེད་དུ་སྤྲིན་པའི་སློབ་གྲྭ་ཡི་ནང་ནས་བོད་པའི་རྩ་དོན་ཆེད་དུ་རྐང་འཁོར་སྐོར་སྤྱོད་བྱས་པ་ཙམ་གྱིས་སློབ་གྲ་ནས་ཕྱིར་འབུད་བཏང་ཡོད་པ་གདོན་མི་ཟ།།།

  10. རག་ཕྱགས་རྡོར says:
    2012-04-10 at 6:18 am

    གྲགས་པ་གནམ་ཐོས་་་་་་་་་་་་་ཁྱོད་ཀྱིས་བཤད་སྟང་དེ་ལ་ལྟས་ན་ཅི་གང་ཡང་མི་ཤེས་པ་བླུན་བོ་རང་རེད་འདུག་བསྟན་དར་གཙོས་པའི་བློབ་མ་གསུམ་པོས་སློབ་སྦྱོང་བྱེད་ཚེ་བོད་ཀྱི་རྩ་དོན་ཁྱེད་དུ་ལས་འགུལ་འདྲ་སྤེལ་བ་དེ་ནོར་བ་རེད་པས་དེ་ནོར་ན་བོད་མིས་སློབ་སྦྱོང་བྱེད་པ་དེ་གང་གིས་ཆེད་དུ་རེད་

  11. བོད་ལ་དགའ། says:
    2012-04-10 at 7:01 am

    ཀརྡོ་ལགས།་་་གན་གན་ཡིན་ཟེར་བ་ནི།དེ་དེ་ཡིན་ཞེས་པའི་དོན་རེད།་གང་གང་མ་རེད།

  12. བྲོ་འཚལ། says:
    2012-04-10 at 7:50 am

    བོད་པའི་རྩ་དོན་ཆེད་ཡིན་ན་ཡང་སློབ་གྲྭ་ལ་སློབ་གྲྭའི་སྒྲིག་ཁྲིམས་ཡོད་པ་རེད།་་་ངས་གོང་དུ་བཤད་པ་དེ་ཁྲིམས་འོག་ནས་བོད་དོན་ཆེད་ཡིན་ནའང་འདྲ།་་་ཐ་མ་འཐེན་པ་ཡིན་ནའང་འདྲ།་་་ཉིན་འགྱངས་དུས་འགྱངས་ཡིན་ནའང་འདྲ།་་་ཚང་མ་གཅིག་པ་གཅིག་རྐྱང་ཡིན་ནི་རེད།་་་དེ་ལ་འདྲ་མ་འདྲ་བཤད་ས་ཞིག་དང་ཀ་ཀོར་བྱེད་ས་ཞིག་གང་ན་ཡོད།་་་དེ་འདྲ་ཡོད་ན་ཁྲིམས་དེ་དྲང་པོ་མེད་པའི་རྟགས་རེད།་་་་དེ་ཡང་གསལ་བོར་བཤད་ན་སློབ་གྲྭར་ཡོད་དུས་སློབ་གྲྭའི་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་པ་ལས་བོད་དོན་ཆེད་ཉིན་འགྱངས་ཐེབས་སོང་ཞེས་བཤད་ས་ཞིག་གང་ན་ཡོད།་་་དེ་མིན་ན་དེ་དང་འདྲ་བའི་བྱུང་ནས་ང་དང་ཁོང་ཡང་བོད་དོན་ཆེད་ཡིན་ཞེས་མ་ཡིན་ཡིན་མདོག་རྒྱུ་མཚན་མང་པོ་བཤད་ནས་ཉིན་འགྱངས་བྱས་ན་སློབ་གྲྭའི་སྒྲིག་ལམ་འཁྲུགས་འགྲོ་གི་མ་རེད་དམ།་་་་སྐད་ཆ་སོམ་ནས་ཤོད།་་་རྩམ་པ་བལྡད་ལ་མིད་ཅེས་པ་མ་གོའམ།

  13. དགའ་ལྡན་ says:
    2012-04-10 at 10:15 am

    དྲ་གྲོགས་བྲོ་ཚལ་ དངོས་གནས་ཁྱོད་རང་བྲོ་དང་ཚལ་རང་རེད་འདུག་གང་ཡང་ཧ་གོ་ཡི་མི་འདུག སྤྱིར་སློབ་གྲྭ་དང་ཚོགས་པ་གང་འདྲ་ཞིག་ལའང་སྒྲིག་ཁྲིམས་ཚད་ལྡན་ཞིག་དགོས་རྒྱུ་ནི་བརྗོད་མི་དགོས་པ་རེད་ལ་དེ་སྲུང་རྒྱུ་ཡང་ཧ་ཅང་གི་གལ་ཆེན་པོ་ཡིན། ཡིན་ནའི་རྒྱལ་གཅེས་པ་བསྟན་དར་ལགས་དང་ཁོང་གི་རོགས་པ་གཉིས་ཀྱི་བོད་དོན་བདེན་མཐའ་གསལ་ཆེད་དུ་ལས་འགུལ་སྤེལ་ཏེ་སློབ་གྲྭའི་སྒྲིག་ཁྲིམས་ནས་འགལ་བ་ལས་སྒེར་དོན་ཆེད་དུ་མ་ཡིན་པ་ཁྱོད་ཀྱི་མི་ཤེས་བསམ། ད་ལྟའི་དུས་འདིར་བོད་བསྟན་པ་ཆབ་སྲིད་ཆེད་དུ་ལས་ཀ་བྱ་རྒྱ་ལས་དེ་ལས་ལྷག་པའི་ལས་ཀ་གང་ཞིག་ཡོད་ཁྱོད་ཀྱི་བརྗོད་དང་།
    ཞོར་དུ། གཞུང་དོན་ཁ་ལས་ཁྱེར་ཏེ་སྒེར་དོན་སྒྲུབ་མཁན་གྱི་གསོར་སྒར་སྐུ་ངོས་བུང་ཁོག་མགོ་རིལ་ཁྱོད་ལེགས་པར་ཉོན་ཞིག ཁྱོད་ཀྱི་ནོར་འཁྲུལ་ཆེན་པོ་གང་འདྲ་ཤོར་བ་ཤེས་བསམ། གལ་ཆེ་གལ་ཆུང་བལྟ་མི་ཤེས་པའི་སྐུ་ངོས་ཁྱོད་ཀྱི་སློབ་གྲྭ་འདི་ནས་མ་འོངས་བོད་དོན་ཆེད་དུ་ལས་འགུལ་སྤེལ་མཁན་གྱི་སློབ་མ་གསོ་སྐྱོངས་བྱ་རྒྱུ་ཕར་ཞོག་སློབ་མ་རང་ངོས་ནས་ལས་འགུལ་སྤེལ་རུང་ཕན་མི་ཐོག་པའི་སློབ་གྲྭ་དེའི་སྒྲིག་ཁྲིམས་འགལ་ལུགས་བརྗོད་དེ་ཕྱིར་འཕུད་བཏང་བ་ནི་རྒྱ་དམར་གྱི་སྒོར་མོས་ཁྱོད་སླུས་པ་ཐེ་ཚོམ་མི་འདུག་གོ

  14. བློ་བཟང་ says:
    2012-04-10 at 11:55 am

    སྤྱི་བཏང་ང་ཚོས་གང་བཤད་ཀྱང་རང་ཉིད་མཐུན་ན་ཡག་རག་དང་ཅུང་མི་མཐུན་ཚེ་རྒྱ་མིའི་སོ་པ་ཡིན་རག་བཤད་པ་སྐུགས་པ་རང་རེད སློབ་སྤྱི་ལའང་ཁག་ཡོད་པ་མ་རེད་ཁོང་ཚོ་ནང་བཞིན་སློབ་གྲྭ་ནང་མང་པོ་བྱུང་ན་སློབ་སྦྱང་ཐད་ཐུར་ཤོར་འགྲོ་ངེས་དེ་ལྟར་སོང་ན་༧སྐྱབས་མགོན་རིན་པོ་ཆེས་དང་བཀའ་འགལ་ཏེ་གཞོན་སྐྱེས་རྣམས་སློབ་སྦྱང་ལྷད་མི་རུང་ཚུལ་ག་དུས་ཡིན་ཡང་དཀའ་སློས་ཕེབས་ཀྱི་འདུག གཞན་ང་འདྲ་བའི་ཤེས་ཡོན་སྟོང་པ་ས་ཡ་ཁ་ཤས་བྱུང་ན་རྡོ་དང་དབྱུག་པའི་རང་བཙན་ལེན་ཐུབ་ཁག་པོ་རེད ཁོང་གསུམ་པའི་ལ་རྒྱ་དང་སེམས་ཤུགས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་གྲངས་ལས་འདས ཁྱེད་རྣམ་པའི་བསམ་ཚུལ་དང་འགལ་ན་དགོངས་དག་ཞུ་རྒྱུ་ལས་མེད

  15. རག་ཕྱགས་རྡོར says:
    2012-04-10 at 12:14 pm

    བྲོ་ཚལ་་་་་་་་་་་་་ཁྱེད་ཀྱིས་བཤད་པར་བདེན་ད་ཡིན་ན་སློབ་གྲྭ་ཡི་སྒྲིག་གཞི་ལ་ཁྱེད་ཀྱིས་ཐ་མ་འཐེན་པ་དང་བསྟན་དར་གཙོས་པའི་སློབ་བུ་གསུམ་པོས་བོད་ཀྱི་རྩ་དོན་ཁྱེད་དུ་རྐང་འཁོར་སྐོར་སྤྱོད་ཀྱིས་དུས་ཚོད་དུས་འགྱངས་སུ་སོང་བ་འདྲ་ནི་ཡི་ན་ཁྱོད་རང་གིས་སློབ་གྲྭར་ཐ་མ་འཐེན་པས་དགེ་སློབ་དང་མི་མང་ཡོངས་ཀྱིས་ག་ཚོད་དགའ་བོ་བྱས་སོང་སློབ་གྲྭི་ཡི་དབུ་འཛིན་མདུན་དུ་དགེ་སློབ་ཡོངས་ཀྱིས་མཚན་རྟགས་བཀོད་ནས་ཁྱོད་རང་སློབ་གྲྭར་ཕྱིར་འབུད་མ་བྱེད་རོགས་ག་ཚོད་ཞི་བ་འཐེན་སོང་།།

  16. རག་ཕྱགས་རྡོར says:
    2012-04-10 at 12:27 pm

    རེད་རེད་བློ་བཟང་་་་་་་་་ཁོང་ཚོར་ནང་བཞིན་བོད་གཞུང་གི་སློབ་མ་ཚང་མས་རྐང་འཁོར་སྐོར་སྤྱོད་དང་ལས་འགུལ་འདྲ་མིན་སྤེལ་སོང་ན་ང་ཚོ་ཕྱི་རྒྱལ་དང་རྒྱ་གར་བལ་ཡུལ་ལ་གཉིད་མི་འཁུག་པ་བཟོ་འགྲོ་བ་རེད་དེ་བདེན་པ་རེད་མ་ཚད་༸་གོང་ས་མཆོག་གི་བཀའ་ལ་ཡང་འགལ་འགྲོ་བ་རེད།

  17. རྒྱལ་མཚན་ says:
    2012-04-10 at 1:37 pm

    ཡ་ཡ་ ག་རེ་བསམ་ན་ཤོད། ག་རེ་དྲན་ན་བྲིས། ལས་ཀ་ནི་མེད། དུས་ཚོད་ནི་ཡོད།
    ཤོག་བུ་དང་སྣག་ཚ་ནི་མི་དགོས།
    ཤོད་ཤོད།
    བྲིས་བྲིས།འགྲམ་སོ་མ་བུད་བར་ཤོད།
    སྤོར་ཏོ་མ་ཆགས་བར་བྲིས།
    རྒྱ་གར་རང་དབང་ལུང་པ།
    ཡ་ཡ་

  18. རྒྱལ་མཚན་ says:
    2012-04-10 at 1:37 pm

    ཡ་ཡ་ ག་རེ་བསམ་ན་ཤོད། ག་རེ་དྲན་ན་བྲིས། ལས་ཀ་ནི་མེད། དུས་ཚོད་ནི་ཡོད།
    ཤོག་བུ་དང་སྣག་ཚ་ནི་མི་དགོས།
    ཤོད་ཤོད།
    བྲིས་བྲིས།
    འགྲམ་སོ་མ་བུད་བར་ཤོད།
    སྤོར་ཏོ་མ་ཆགས་བར་བྲིས།
    རྒྱ་གར་རང་དབང་ལུང་པ།
    ཡ་ཡ་

  19. ཐུབ་པ། says:
    2012-04-10 at 9:51 pm

    གང་ལྟར་རྐྱེན་ངན་གྲོགས་སུ་ཤར་བའི་རེ་བ་ཡོད།

  20. ལུང་རྟོགས། says:
    2012-04-11 at 1:18 am

    ཁོང་གསུམ་མ་ཕུད་རོགས་ཤེས་སློབ་གྲྭའི་དགེ་སློབ་སུམ་རྒྱ་ཙམ་ནས་སློབ་སྤྱི་ལ་ཞུ་བ་ཕུལ་འདུག ཐེང་གཅིག་གུ་ཡང་བཏངས་ན་ཅིས་མི་ཆོག སོག་སྒར་སློབ་གྲྭའི་ཁྲིམས་དེ་ཨ་ཁུ་ཆོས་རྒྱལ་གྱི་ཁྲིམས་བཞིན་དུ་གཏན་ནས་གུ་ཡང་གཏོང་རྒྱུ་མེད་པ་དེ་འདྲ་ད་ཨེ་ཡིན། སློབ་སྤྱིས་ཁོང་གསུམ་ལ་འདི་ལྟར་གནག་སེམས་འཆང་དགོས་དོན་ཅི་ཡིན་ན།

  21. བྲོ་འཚལ། says:
    2012-04-11 at 1:21 am

    དྲ་གྲོགས་རག་ཕྱག་རྡོར་གཙོས་དེ་མཐུན་གྱི་གྲོགས་པོ་རྣམ་པར་ཞུ་རྒྱུར།་་་ངས་ཐ་མ་འཐེན་པ་ལ་བརྟེན་ནས་སློབ་གྲྭ་ནས་ང་རང་ཕྱི་ཕུད་པའི་སྐད་ཆ་ཞིག་བཤད་མེད་མོད།་་་ཁྱོད་ཚོས་དེ་ལྟར་གོ་བ་འདྲ་བས་སྐད་ཆའི་བབས་ལ་མི་བལྟ་བར་རི་བོང་ཅལ་འགྲོགས་ལྟ་བུའི་རྣམ་པ་ཞིག་མངོན་ཡང་དེ་ལ་སྐྱོན་མི་འདུག་་་་སྤྱིར་ངས་བསྟན་པ་དར་རྒྱས་གཙོས་ཁོང་གི་རོགས་པ་གཉིས་པོ་སུ་ཡིན་ཡང་བོད་དོན་ཆེད་མ་རེད་ཟེར་གྱི་མེད་ལ།་་་ལྷག་པར་ཁོང་ཚོ་ལ་སེམས་ཤུགས་དང་རྒྱལ་ཞེན་མི་འདུག་ཅེས་པ་ནི་དེ་བས་མིན།་་་ངས་ག་རེ་བཤད་ཀྱི་ཡོད་ཟེར་ན།་་་བོད་དོན་ཆེད་དུས་འགྱུངས་བྱུང་བ་ཡིན་ཡང་ཆོག་་་་སློབ་གྲྭ་ནས་ཐ་མ་འཐེན་ཡང་ཆོག་་་་གལ་སྲིད་ཉིན་བཅད་དུས་བཅད་སོགས་སློབ་གྲྭའི་སྒྲིག་ཁྲིམས་ལས་བརྒལ་ན་སློབ་གྲྭའི་ཁྲིམས་སྲོལ་ལྟར་ཉེས་ཆད་གཅོད་པའམ་ཡང་ན་དེ་ལས་ཚབས་ཆེ་བ་སློབ་གྲྭ་ནས་ཕྱིར་ཕུད་དགོས་པ་ནི་སློབ་གྲྭའི་མགོ་ལས་ཡོངས་ཀྱིས་བྱ་བ་རེད།་་་དེ་ལ་བོད་དོན་སླད་དུས་འགྱངས་སོགས་རྒྱུ་མཚན་བཤད་ས་ཞིག་ཡོད་ན་སློབ་གྲྭའི་མགོ་ལས་ཡོངས་དྲང་པོ་མེད་པའི་རྟགས་རེད།་་་དེ་ལྟ་མིན་ན་ཁྱེད་ཀྱིས་ཤོད་དང་།་་་བསྟན་དར་གཙོས་ཁོང་གསུམ་པོ་སློབ་གྲྭའི་ཁྲིམས་སྲོལ་ལས་བརྒལ་ཡང་བོད་དོན་ཆེད་ཡིན་ཟེར་ནས་སློབ་གྲྭ་ནས་ཕྱིར་མ་ཕུད་པར་བཞག་པ་ཡིན་ན།་་་རྗེས་མ་དེ་དང་དེ་འདྲ་བའི་རིགས་མི་ཡོང་ཞེས་སུས་བཤད་ཐུབ།་་་གལ་སྲིད་རྗེས་མ་དེ་འདྲ་མུ་མཐུད་དུ་བྱུང་ན་དམིགས་བསལ་དང་དམིགས་བསལ་ཟེར་ནས་ཕྱིར་མ་ཕུད་པ་ཡིན་ན་སློབ་གྲྭའི་ཁྲིམས་དེ་ག་འདྲ་ཞིག་ཆགས་ཀྱི་རེད།་་་དེ་དུས་ད་ངོ་མ་སློབ་གྲྭའི་དབུ་འཛིན་གཙོས་མགོ་ལས་ཡོངས་མ་དྲང་པའི་སྐྱོན་རེད་ཟེར་གྱི་ཡིན་ནམ།་་་ཡང་ན་ད་དུང་མུ་མཐུད་དམིགས་བསལ་སྤྲད་ན་ཡག་པོ་འདུག་ཅེས་ཟེར་གྱི་ཡིན།་་་ཡང་གཅིག་བཤད་ན་མི་སུ་དང་སུ་ཡིན་རང་ཉིད་སྐབས་བབས་ཀྱི་ལས་གནས་དེའི་སྒང་ན་མེད་པའི་རྒྱུ་མཚན་གྱིས་དེ་དང་དེའི་དཀའ་ངལ་ཤེས་ཀྱི་མ་རེད་ལ།་་་ལྷག་པར་སློབ་གྲྭའི་དབུ་འཛིན་ཞིག་ཡིན་ན་དུས་སྔ་ཕྱི་གཉིས་ཀ་བསམ་བློ་བཏང་ནས་གཞན་ལ་བཤད་རྒྱུ་གཏམ་རྒྱུ་མེད་ནི་ཞིག་ཐག་གཅོད་བྱ་རྒྱུ་ནི་ཅི་འདྲའི་དཀའ་མོ་མིན་ནམ།་་་ཁྱེད་ཚོའི་དེའི་སྐོར་ལ་བསམ་བློ་བཏང་ཨེ་མྱོང་།་་་ཁ་ནས་བཤད་ན་སླ་མོ་ཡིན་ན་ཡང་དོན་དངོས་ཐོག་ལག་ལེན་ལ་བསྟར་དུས་མི་ཚང་མའི་ཞེ་འདོད་དང་མཐུན་པ་ཞིག་ཡོང་རྒྱུ་ནི་མི་སྲིད་པ་ཞིག་ཡིན་པས་ཁྱེད་ཚོས་དེ་འདྲའི་ཚོར་བ་རྣོན་པོའི་སྒོ་ནས་སློབ་གྲྭ་ནས་ཕུད་སོང་ཞེས་བཤད་པ་ལ་དགོས་པ་རྒྱུ་མཚན་ག་རེ་འདུག

  22. རག་ཕྱགས་རྡོར says:
    2012-04-11 at 11:41 pm

    བྲོ་འཚལ་བཀྲིས་བདེ་ལེགས་་་་་་་་་ཁྱེད་ནི་བྲོ་འཚལ་ནི་བྲོ་འཚལ་རང་རེད་འདུག་རང་ལ་ག་ཚོད་གོ་བ་གོ་སྐོན་བྱས་ན་ཡང་བླུན་པོའི་ཨི་ཚུགས་དེ་ལ་ང་སུན་གི་སུན་གི་དངོས་གནས་ཁྱེད་རང་ལ་ལུང་དང་རིག་པ་རྒྱུ་མཚན་དང་བདེན་པ་ནི་གཏེན་འབྲུ་ཙམ་ཡང་མི་འདུག་བླུན་པོའི་ཨུ་ཚུགས་དེ་ལ་ངས་ཡ་ལེན་བྱེད་འདོད་མི་འདུག་གཅིག་བྱས་ན་ཀླད་པ་ཐང་པོ་མེད་པར་ཐང་དེ་ཡིན་ན་ཁག་མེད་སེམས་དང་ཀླད་པ་ལ་ན་ཚ་ཡོད་ན་ཁག་མེད་ཁག་མེད།།

  23. ལུང་རྟོགས། says:
    2012-04-12 at 3:51 am

    བྲོ་འཚལ་ཞེས་པ་འདི་སློབ་སྤྱི་འམ་ཡང་ན་ཁོའི་དགའ་ཉེ་ཞིག་ཡིན་ཚོད་རེད།

  24. བྲོ་འཚལ། says:
    2012-04-12 at 5:10 am

    དྲ་གྲོགས་ལུང་རྟོགས་ལགས།་་་ངས་ཁྱེད་ལ་གསལ་བོར་བྱས་ནས་གསལ་བཤད་བྱ་རྒྱུ་ནི་ང་སློབ་སྤྱི་མིན་ལ།་་་་དེའམ་དེ་དང་འབྲེལ་བའི་ཁོང་གི་དགའ་ཉེ་ནི་དེ་བས་མིན།་་་ང་ནི་མི་སེར་དཀྱུས་མ་ཞིག་སྟེ།་་་་་སུ་ཞིག་ལའང་ཕོག་ཐུག་དང་ཚེར་བཙགས་རེ་བྱེད་མི་འདོད་པའི་མི་ཞིག་ཡིན་མོད།་་་མཚམས་མཚམས་ལ་རང་གི་བསམ་ཚུལ་ཐ་མ་ཐུང་ངེ་རེ་བྲིས་ནས་རང་སེམས་གསོ་བའི་མི་རྐྱང་ཁེར་འགྲོ་ཁེར་འདུག་ཅིག་ཡིན།་་་དྲ་གྲོགས་ལགས།

  25. གྲགས་པ་གནམ་ཐོས། says:
    2012-04-12 at 11:51 am

    བྲོ་འཚལ་ལགས་ཁྱེད་ཀྱི་རང་འདོད་ཨུ་ཚུགས་མ་ཡིན་པར་ཚོགས་པ་ཞིག་གི་འཛིན་སྐྱོང་བྱེད་ཐབས་ལ་འདས་མ་འོངས་གཉིས་ཀར་བསམ་དགོས་པའི་རྒྱུ་མཚན་དོན་དང་ལྡན་པ་བཤད་པ་ནི་དངོས་འབྲེལ་ཤེས་ཡོན་ཅན་གྱི་རང་རྟགས་དངོས་སུ་མཐོང། དེ་མིན་འགའ་ཞིག་གི་གཞན་ལ་ཚིག་རྩུབ་བཤད་ཁུལ་ཡང་ཡིག་རྩལ་མི་ལྡན་རྐྱེན་གོ་རྒྱུ་མེད་པའི་སུག་བྲིས་དག་ལ་ཁྱེད་རང་གི་འགྲེལ་བཤད་ཇི་ལྟར་བྱས་ཀྱང་གོ་དཀའ་བས་ངལ་བ་བསྟེན་མི་ཉན།

  26. གྲགས་པ་གནམ་ཐོས། says:
    2012-04-12 at 11:59 am

    བྲོ་འཚལ་ལགས་ཁྱེད་རང་ནས་ཚོགས་པའི་འཛིན་སྐྱོང་ཐོག་འདས་མ་འོངས་ཐམས་ཅད་ལ་བསམ་དགོས་པའི་རྒྱུ་མཚན་དོན་དང་ལྡན་པ་གནང་འདུག་པས་ཤེས་ལྡན་ཅན་གྱི་རང་རྟགས་སུ་མཐོང་འོན་ཀྱང་སུག་བྲིས་དག་པར་མི་ཤེས་པའི་ཨུ་ཚུགས་ཅན་ལ་རྒྱུ་མཚན་བཤད་ཀྱང་དོན་མི་གོ་བས་དེ་བས་ངལ་བ་བསྟེན་མི་ཉན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme