Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདོང་དམར་བོད་པ།

Posted on 2012-12-19 By ཁ་བརྡ་ 9 Comments on གདོང་དམར་བོད་པ།
བསམགླིང་ཚེ་རིང་ལྷ་མོ།

 

གནས་ལྗོན་པའི་ཕྲེང་བས་སྐོར་བ་ལ།།

སྤྲ་སྤྲེའུ་མང་པོས་གཡང་རྩལ་ངོམ།།

སྤྲེའུ་གཡང་རྩལ་ངོམ་ས་ཤིང་ནགས་རེད།།

བོད་གདོང་དམར་གནས་ས་བོད་ཡུལ་རེད།།

སྔོ་ནམ་མཁའི་དབྱིངས་ཀྱི་ལམ་ཡངས་པོར།།

གཟའ་ཉི་ཟླ་སྐར་གསུམ་འཁྱུག་ས་རེད།།

འོད་གཟི་བྱིན་ངོམ་སའི་ཐང་ཡངས་རེད།།

བོད་མགོ་ནག་སྡོད་ས་བོད་ཡུལ་རེད།།

 

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་དེ།།

སེང་གངས་སེང་གཡུ་རལ་ངོམ་ས་རེད།།

ཁྱོད་གཡུ་རལ་ངོམ་པ་གངས་རིའི་རྒྱན།།

ངེད་གདོང་དམར་བོད་མི་བོད་ཀྱི་རྒྱན།།

 

སྟེང་ལྷ་ཡུལ་མི་ཡུལ་ཀླུ་ཡུལ་གསུམ།།

རང་གནས་པའི་གནས་ཡུལ་མི་འདྲ་རེད།།

དེ་གསུམལ་སོ་སོའི་ཁྱད་ཆོས་རེ།།

བོད་མགོ་ནག་གནས་ས་བོད་ཡུལ་རེད།།

 

མཚོ་སྔོན་མོ་མཐའ་ཡས་རླབས་ཕྲེང་ཅན།།

ཉ་ཆུ་སྲིན་དུ་མའི་འཁྱུག་ས་རེད།།

དཀར་ངང་མོ་དེ་ལ་འཁོར་ས་རེད།།

བོད་མགོ་ནག་གནས་ས་བོད་ཡུལ་རེད།།

 

ཡུལ་འཛམ་བུའི་གླིང་གི་ས་ཕྱོགས་ཀུན།།

རྒྱུ་དཔལ་འབྱོར་གཅིག་ལས་གཅིག་ཡག་ཀྱང་།།

བྱང་ཁ་བ་ཅན་གྱི་བོད་ཡུལ་འདི།།

ངེད་མགོ་ནག་བོད་མིའི་ཕ་ཡུལ་ཡིན།།

 

གཟུགས་རིང་པོ་སྐྲ་སེར་མིག་སྔོ་ཅན།།

ངོ་ནག་ཅིང་སྟོབས་ཆེན་གྱད་མི་འདྲ།།

མི་འདྲ་འདྲའི་དཀྱིལ་ནས་མི་འདྲ་བ།།

ངེད་གདོང་དམར་བོད་ཀྱི་མི་རྒྱུད་ཡིན།།

 

ལུས་ཕྱག་འཚལ་སྐོར་སྦྱོང་དགེ་ལས་སྒྲུབ།།

ངག་མ་ནིའི་དབྱངས་སྙན་བར་མེད་ཅན།།

ཡིད་དཀོན་མཆོག་གསུམ་ལ་བློ་གཏད་ཅན།།

ངེད་གདོང་དམར་བོད་ཀྱི་མི་རྒྱུད་ཡིན།།

 

སྐད་བོད་སྐད་བོད་ཡིག་སྦྱང་པ་ཅན།།

ཡིད་ལུས་ངག་བཅས་པ་དགེ་སྦྱོར་མཁན།།

དོན་སངས་རྒྱས་བསྟན་པ་དར་སྤེལ་མཁན།།

ངེད་གདོང་དམར་བོད་མིའི་ཁྱད་ཆོས་ཡིན།།

 

ཚེ་འདི་ལ་རེ་དོགས་སྣ་མང་བྲལ།།

ཚེ་ཕྱི་མ་སྐྱིད་པའི་གདེང་དང་ལྡན།།

ཟས་ངན་ངོན་བརྟེན་ཀྱང་བག་ཕེབས་ཅན།།

ངེད་གདོང་དམར་བོད་མིའི་ཁྱད་ཆོས་ཡིན།།

སྙན་ངག

Post navigation

Previous Post: བགྲེས་པོའི་འབེལ་གཏམ་འདོན་ཐེངས་བཅུ་གསུམ་པ་གསར་དུ་བསྐྲུན་པ།
Next Post: ས་ཆེན་པོའི་ན་ཟུག ༼གློག་བརྙན༽

Comments (9) on “གདོང་དམར་བོད་པ།”

  1. ངོ་ལུག says:
    2012-12-19 at 9:53 pm

    བསམ་གླིང་ནི་རུས་མིང་ཡིན་ནམ། ངོ་སྤྲོད་གནང་རོགས། རྩོམ་སྙན་པོ་འདུག

  2. ཐུ་བ་རྒྱ་མཚོ། says:
    2012-12-19 at 10:08 pm

    ཡུལ་འཛམ་བུ་གླིང་གི་ཞིང་ཁམས་འདི། །
    ངེད་འགྲོ་བ་ཡོངས་ཀྱི་སྡོད་གནས་ཡིན། །
    གླིང་ཆེན་པོ་ལྔ་ཡི་ཡུལ་ལྗོངས་སུ། །
    ས་སྐྱིད་པོ་རང་གི་ཕ་ཡུལ་མཛོད། །

  3. བཀྲིས། says:
    2012-12-19 at 11:59 pm

    ཡག་པོ་འདུག། གཞས་ཚིག་འདྲ་བོ་འདུག

  4. གནམ says:
    2012-12-20 at 12:53 am

    དཀར་ངང་མོ་ཟེར། རྣ་བར་འགྲོ་མ་སོང་། ངང་དཀར་མོ། སྙན་པ་ལ།

  5. ཆུ་སྐྱེས་སྒྲོལ་མ། says:
    2012-12-20 at 2:00 am

    སྐད་བོད་སྐད་བོད་ཡིག་སྦྱང་པ་ཅན།།
    ཡིད་ལུས་ངག་བཅས་པ་དགེ་སྦྱོར་མཁན།།
    དོན་སངས་རྒྱས་བསྟན་པ་སྤེལ་ཙམ་གྱིས།།
    ངེད་གདོང་དམར་བོད་མིའི་ཁྱད་ཟེར་ན།།

    མགོ་སྐྲ་སེར་སྣ་རིང་ཕྱི་གླིང་འགའ།།
    སྐད་བོད་སྐད་སྨྲ་ལ་བྱང་ཆུབ་པ།།
    ཆོས་འཆད་སྤེལ་དར་ལ་མཁྱེན་པ་ཡངས།།
    ངེད་གདོང་དམར་བོད་མིའི་ཁྱད་ལས་འཕགས།།

    སྐད་མདོ་དབུས་ཁམས་གསུམ་རྒྱག་མཁས་ཅན།།
    རྒྱལ་ལོ་རྒྱུས་སྨྲ་མཁས་མགོ་སེར་ཅན།།
    ཕྱི་ནུབ་ཕྱོགས་གླིང་གི་ཞིང་ཁམས་ལ།།
    ཡོད་མགོ་སེར་འགའ་ཡིས་ཁྱད་ཆོས་རེད།།

  6. ཆུ་སྐྱེས་སྒྲོལ་མ། says:
    2012-12-20 at 2:57 am

    གངས་དཀར་པོས་བརྩེགས་པའི་མཆོད་རྟེན་དང།།
    ནག་སྐྱེས་དངོས་མཚར་བའི་མཛེས་སྡུག་ཅན།།
    མཚོ་སྔོན་མོས་བསྐོར་བའི་ཞིང་ཁམས་སོགས།།
    སྤྲང་བུ་མོ་ང་ཡི་ཕ་ཡུལ་ཡིན།།

    རྒྱ་དམར་པོས་བཙན་གྱིས་ཕ་ཡུལ་འཕྲོག།
    རྒྱ་དམར་པོས་བཙན་གྱིས་བོད་མི་བསད།།
    རྒྱ་དམར་པོས་བཙན་གྱིས་སྐད་ཡིག་བཅོམ།།
    སྤྲང་བུ་མོ་ང་ཡི་སེམས་གཅོང་ཡིན།།

    རྒན་གྲྭ་བཙུན་ཕོ་མོ་བཙོན་ལ་བཅུག།
    དཔའ་ཕོ་མོ་མང་པོས་མེ་མཆོད་ཕུལ།།
    བྱིས་དྭ་ཕྲུག་རྒན་གཞོན་ཤུལ་དུ་ལུས།།
    སྤྲང་བུ་མོ་དང་ཡི་སེམས་གཅོང་ཡིན།།

    ནད་སྨས་མར་ལྷ་རྗེའི་མགོན་སྐྱོབ་བྲལ།།
    མཐོ་ཁྲིམས་ལ་དྲང་བདེན་དཔོན་པོ་དབེན།།
    ཆོས་ཤི་པོར་རྗེས་འཇུག་བྱེད་དབང་མེད།།
    སྤྲང་བུ་མོ་ང་ཡི་སེམས་གཅོང་ཡིན།།

  7. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-12-20 at 10:34 pm

    བཀུར་འོས་དྲ་གྲོགས་རྣམས་པ་དང་གུས་མོའི་གྲོགས་མོ་ལགས་སུ་ཕེབས་བསུ་ཞུ། དྲ་གྲོགས་ངོ་ལུགས་ལགས་སུ་ཞུ་རྒྱུར་བསམ་གླིང་རུས་མིང་ཡིན་དང་ཅི་ཡིན་སོགས་འདིར་ཞུ་ཁོམས་མ་བྱུང་། གལ་སྲིད་གུས་མོའི་རྩོམ་ཡིག་ཕྱོགས་བསྒྲིགས་༼ ཀྱག་ཀྱོག་ཆེ་བའི་མི་ཚེའི་ལམ་བུ་ ༽ ཞེས་པ་དེ་ཉིད་ཀྱིས་བླུ་ཡོན་གནང་ན་དེའི་ནང་གསལ་གསལ་ཐིང་ཐིང་ཡོད། དེབ་དེ་ཤེས་རིག་པར་ཁང་དེབ་ཚོང་་ཁང་དུ་ཡོད། དེབ་ལ་སྒོར་བརྒྱ།
    གུས་མོར་སྒོར་༧༥ཐོབ་ཀྱི་ཡོད། ཐུགས་རྗེ་ཆེ།

  8. ལྷ་སྲས་ཐ་ཆུང་། says:
    2012-12-21 at 8:17 am

    རྟ་མདོ་བ་བང་རྩལ་ངོམས་ས།།
    གཡང་དཀར་མོ་འབའ་སྒྲ་སྒྲོག་ས།།
    བུ་རྒོད་པོའི་རྫི་གླུ་ལེན་ས།།
    ངའི་ཕ་ཡུལ་ཁ་བ་ཅན་རེད།།

    ཆུང་བྱིས་པའི་བློ་རིག་རྒྱས་ས།།
    གནས་རིག་པའི་ཡོན་ཏན་འབྱུང་ས།།
    ཀུན་ཞི་བདེའི་ལམ་དུ་ཁྲིད་ས།།
    ངའི་ཕ་ཡུལ་ཁ་བ་ཅན་རེད།།

  9. ངོ་ལུག says:
    2012-12-21 at 1:27 pm

    དྲ་གྲོགས་བསམ་གླིང་ཚེ་རིང་ལྷ་མོ་ལགས།
    དཔེ་ཆ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme