Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏུབས་གསོད་བྱས་པའི་བསྟན་དར་ལགས་གླེང་བ།

Posted on 2011-02-082011-02-08 By དབང་ཕྱུག་ 6 Comments on གཏུབས་གསོད་བྱས་པའི་བསྟན་དར་ལགས་གླེང་བ།

རྩོམ། འོད་ཟེར།
སྒྱུར། ནགས་ཤོད་སད་མི།

བསྟན་དར་ལགས་སྐྱོ་ཤས་ལིང་ལིང་ངང་གྲོངས་ནས་མི་ལོ་ཕྱེད་གཉིས་རྫོགས་ཚར་སོང་། བསྟན་དར་ལགས་ཀྱི་ལོ་རྒྱུས་ཡི་གེར་ཕབ་ཡོད་ནའང་པར་བསྐྲུན་བྱ་རྒྱུར་ཕལ་ཆེར་ལོ་གསུམ་ཙམ་འགོར་འགྲོ་ལས་ཆེ།

མི་རྣམས་ཀྱིས་ཁོང་ད་དུང་ཡང་སེམས་པར་བཟུང་ཡོད་དམ། དེ་སྔ་དབྱིད་ཏུང་ཀུང་སིར ( རྒྱ་ཡིག་ནས་སྒྲ་སྒྱུར་བྱས ) ཡོང་སྒོ་བཟང་བའི་ལྷ་སའི་ཕོ་གསར་འདི། སྔ་མའི་འཆར་གཞི་ལྟར་ན། 2008 ནང་གཉེན་སྟོན་ལ་ཕྱོགས་པའི་ལྷ་སའི་ཕོ་གསར་འདི། སྐབས་སྐབས་སུ་ཨར་ཁང་་ན་གྲོགས་པོ་ཚོ་དང་ལྷན་འཛོམས་ལ་དགའ་བའི་ལྷ་སའི་ཕོ་གསར་འདི། ལན་རེ་རང་གི་ཨ་མ་རྒན་མོ་ཁྲིད་དེ་མཆོད་འཇལ་ལ་འགྲོ་དགའ་བའི་ལྷ་སའི་ཕོ་གསར་འདི། ཁོང་ཕལ་ཆེར་ལོ་ན་ཉི་ཤུ་རྩ་བརྒྱད་དགུ་ཞིག་ལ་སོན་ཡོད་པ་འདྲ་སྟེ། སྒོར་དབྱིབས་དོད་པའི་ངོ་གདོང་དང་། དཔའ་ཆ་དོད་པའི་བྱད་གཟུགས་ཀྱང་ལྡན་ཡོད།

ང་ལྷ་ས་རུ་ལོག་རྒྱུ་ནམ་བྱུང་ལ། ངས་རྟག་ཏུ་བསྟན་དར་ལགས་ངོ་ཤེས་ཀྱི་ཡོད་དམ། 3•14 རུ་དམག་མིས་བསད་པའི་བསྟན་དར་ལགས་ཞེས་འདྲི་གི་ཡོད། མི་ཚང་མས་སྐད་འཕངས་དམའ་མོས་ངོ་ལོས་ཤེས། དབྱིད་ཏུང་ཀུང་སིའི་ནང་ཡོད་པའི་ཕོ་གསར་དེ་རེད་བཱ། གྲོངས་སྟངས་ཧ་ཅང་ཤ་ཚ་མོ་རེད་ཟེར་འོང་། ལས་འཁྱུར་ངལ་གསོ་ན་ཡོད་པའི་རྨོ་བོ་ཞིག་གིས་བསྟན་དར་ལགས་ཀྱི་ཨ་མ་ངོ་ཤེས་ཀྱི་ཡོད། ཁོང་གིས་ཟེར་ན། མི་ལོ་འདི་གཉིས་ཀྱི་རིང་ལ་བསྟན་དར་ལགས་ཀྱི་ཁྱིམ་མི་ཚང་མ་ལྟ་སྲུང་ནན་པོའི་ངང་གྱར་ཡོད། སྤྱིར་མི་གང་མང་མང་ཞིག་ནས་ཁོང་ཚོར་གདུང་སེམས་མཉམ་སྐྱེ་བྱ་མཁན་མཆིས་ནའང་། ཁོང་ཚོས་དེར་ཁ་ཡ་དེ་ཙམ་བྱ་ཕོད་
ཀྱི་མེད། ད་ཆ། བསྟན་དར་ལགས་ཀྱི་ཨ་མའི་བསམ་བློར་སྐྱོན་ཕོག་ཡོད་པ་ལྟར་སྣང་སྟེ། ནམ་རྒྱུན་ཁོང་སྐོར་བ་ལ་འགྲོ་བའི་ཚེ། བསམ་བཟང་འཆང་བ་ཚོས་ཁོ་མར་སེམས་གསོ་བྱ་བར་བརྩམས་པ་ན། ཤིན་ཏུ་འཇིགས་ཡེར་བའི་ལྟ་ཚུལ་གྱིས་མྱུར་བ་མྱུར་བར་གཡོལ་འགྲོ་གི་རེད་ཟེར། བསྟན་དར་ལགས་ཀྱི་ཨ་ཕ། ཨཱོ། ཁོང་གི་ཕ་ཚབ་ཟེར་དགོས། གོ་ཐོས་ལྟར་ན། ཁོང་ཡང་འཛིན་བཟུང་ཐེབས་འདུག ཕལ་ཆེར་ཁོང་དང་མཉམ་དུ་འཛིན་བཟུང་ཕོག་པའི་གཉེན་ཉེ་གཞན་ཞིག་ཀྱང་ཡོད་པ་འདྲ། རྒྱུ་མཚན་ནི་ཁོང་ཚོས་
བསྟན་དར་ལགས་མ་གྲོངས་སྔོན་གྱི་ཤ་འདར་རྒྱག་དགོས་པའི་རྣམ་པ་དང་། གྲོངས་ཚར་རྗེས་བྱ་གཏོར་བྱས་པའི་གནས་ཚུལ་དག་བརྙན་པར་བླངས་ཏེ་ཁུ་སིམ་སིམ་ངང་རྡ་རམས་ལར་བསྐྱལ་བ་རེད་ཟེར་ནས་དྭོགས་པ་བཟས་ པ་རེད་ལ། དེས་རྐྱེན་པས་འཛམ་བུ་གླིང་པའི་མི་ཚོས་བོད་མིར་དྲག་གནོན་ཕོག་པའི་དངོས་རིས་མཐོང་བ་རེད་ཟེར། ཨཱ་ཡོ། སྤྱིན་ཤོག་དེ་འཆི་གསོན་ལ་ཐུག་པའི་ཉེན་ཁ་དེ་འདྲའི་ཆེན་པོ་བརྒྱུད་ནས་ཕྱི་ལོགས་སུ་བསྐྱལ་ཡོད་པ་སུས་ཀྱང་ཤེས་རྟོགས་དཀའ་མོ་རེད།

བསྟན་དར་ལགས་དང་འགྲོགས་འདྲིས་ཟབ་པའི་ལོ་གཞོན་ཕོ་གསར་ཞིག་གིས་གསུང་དོན། ངས་འདི་སྐོར་ཞིབ་ཚགས་ཀྱིས་བསམ་བློ་གཏོང་མི་འདོད། འོ་ནའང་། ཉིན་མོ་དེར་བསྟན་དར་ལགས་ཀྱིས་དེ་ལྟར་བྱེད་འོས་པ་རེད་ལ། ཅི་སྟེ་ང་རང་ཡིན་ནའང་དེ་ལྟར་བྱེད་ངེས་རེད། རེད་དེ། ངས་བསྟན་དར་ལགས་ལྟར་དུ་བཟོད་མ་ཐུབ་པའི་སྒོ་ནས། ཝ་ཡེ། ཚོད་བཟུང་། རྒན་འཁོག་ལ་རྡུང་རྡེག་མ་གཏོང་ཞེས་དམག་མི་དེ་ཚོར་བོས་ཚེ། ང་ཡང་བསྟན་དར་ལགས་དང་འདྲ་བར་ཁོ་ཚོས་གཅར་བརྡུང་ཁོ་ནས་གསོད་ངེས་རེད་ཟེར།
མཚམས་འདིར་ཁོང་མི་སྨྲ་བའི་བརྟུལ་ཞུགས་ཡུད་ཙམ་བཟུང་རྗེས། གློ་བུར་འདར་སྐད་ལྟ་བུ་ཞིག་གིས། དུས་དེར། ཁོ་ཚོས་བསྟན་དར་ལགས་རང་སར་བསད་བཏང་ན་ཅི་དྲག་ཟེར་ནས་མགོ་བོ་ཤེད་ཀྱིས་དགྱེ་བ་དང་མཉམ་དུ་མིག་ཆུ་ལྷུང་ལྷུང་ངང་ཐུར་དུ་ཤོར་བྱུང་། 2009 ལོའི་ཟླ་བ 3 པའི་ཟླ་མཇུག་ཏུ། ཡོས་ཁྲོས་པིས ( YouTube ) དྲ་ཚུགས་སྟེང་ནས་སྐར་མ 7 ཅན་གྱི་དུས་ཐུང་གློག་བརྙན་ཞིག་ཐོན་པ་རེད། དེའི་ནང 3•14 ཡི་དོན་རྐྱེན་རྗེས་ནས་འཛིན་བཟུང་ཐེབས་པའི་བོད་མི་འགའི་མནར་གཅོད་བྱེད་
སྟངས་པར་ལེན་བྱས་ཡོད། དེ་གྲས་ཀྱི་བརྙན་པར་དུམ་བུ་ཞིག་ལས་མཐོང་བ་ནི། ས་ཐང་གང་པོ་གཅར་རྡུང་ཕོག་ནས་འགུལ་སྐྱོད་མི་ཐུབ་པའི་བོད་མི་དག་རེད་ལ། ས་རྗེན་ལ་གཡུགས་པའི་ན་བཟའ་ངུར་སྨྲིག་ཅན་གྱི་དགེ་འདུན་པ་དེ་ཚོ་འགུལ་ཙམ་ཡང་ནུས་ཀྱི་མེད……རྣར་གཟན་པའི་རྡུ་རྡེག་གི་འཁུན་སྒྲའི་གསེང་བར་ནས་དྲག་ཆས་ཉེན་རྟོག་པས མར་སྡོད མར་སྡོད་ཅེས་པ་དང་། བོད་རིགས་ཉེན་རྟོག་པ་ཞིག་གིས་བོད་པའི་རྒྱ་སྐད་ཀྱི་སྒྲ་གདངས་ཐོག ད་འགྲིག་ས་རེད……ཟེར་བ་དང་། སྐྱེས་པ་ཞིག་གི་སྡུག་
ཡུས་ཀྱི་ངུ་སྐད་བཅས་ལྷན་ཅིག་ཏུ་འཚངས་ནས་ཡོད…… ། ཡང་། བརྙན་པར་དུམ་བུ་གཞན་ཞིག་ཡོད་པ་ནི། ཏག་ཏག་བསྟན་དར་ལགས་ཀྱི་སྐོར་རེད།

བསྟན་དར་ལགས་ཀྱི་ཆག་སྒོ་དེའི་སྐོར་ལ། དེ་སྐབས་ལྷ་ས་ནས་བོད་མི་འགས་ཕྲན་མར་ཡི་གེ་བཏང་བྱུང་། ཡིན་ནའང་། དོན་རྐྱེན་དེ་ཆེས་ཤིན་ཏུ་འཇིགས་ཡེར་བས། སྙིང་ཁམས་དུམ་བུར་ཆད་དགོས་པའི་བརྙན་པར་ཐུང་ངུ་འདི་མིག་མཐོང་མ་བྱུང་བར་ཡིད་ཆེས་དེ་ཙམ་མ་རྙེད་མོད། བརྙན་རིས་འདི་མཐོང་ཙ་ན། དོན་རྐྱེན་དེ་དངོས་བདེན་ཡིན་པའི་ཡིད་ཆེས་མི་བྱ་ཐུ་མེད་བྱུང་།

ཁོང་ཚོའི་ཡི་གེ་རུ་འདི་ལྟར་བཀོད་ཡོད་པ་སྟེ། བསྟན་དར་ནི་རང་སྐྱོང་ལྗོངས་དབྱིད་ཏུང་ཀུང་སིའི་་འཛད་སྤྱོད་པུའུ་ཡི་དོ་དམ་པ་རེད། ཟླ་བ 3 པའི་ཚེས 14 ཉིན། ཁོང་སྤྱི་དོན་ཞིག་གི་སླད་དུ་ལམ་ལ་ཞུགས་པའི་སྐབས། ཏག་ཏག་དྲག་ཆས་ཉེན་རྟོག་པ་ཁ་ཤས་ཀྱིས་བགྲེས་སོང་ཞིག་གཅར་རྡུང་བྱེད་བཞིན་པ་མཐོང་བ་རེད། ཁོང་གིས་དེར་བཟོད་མ་ཕོད་པར་ལམ་སེང་དྲག་ཆས་ཉེན་རྟོག་པར་དེ་ལྟར་བྱ་མི་འོས་པའི་ཁ་ཏ་བྱས། འོན་ཏེ་དྲག་ཆས་ཉེན་རྟོག་པས་སྣང་མེད་ངང་བསྟན་དར་ལགས་ལ་མེ་མདའ་བཞུས་ཏེ་རྨས་མ་བཟོས་པ་མ་ཟད། ཁོ་པ་ཚོའི་རླངས་འཁོར་དུ་གཡུགས་ནས་ཁྲིད་ཕྱིན་པ་རེད།

བསྟན་དར་ལགས་ཀྱི་ཨ་མ་ནི་ཨར་འདམ་ཀུང་སིའི་ལས་འཁྱུར་སྨན་པ་རེད། བུ་ཕྲུག་སྟོར་བའི་ཨ་མ་འདིས་ཕྱོགས་མཐའ་ཀུན་ཉུལ་ཞིབ་བྱས་ནས་ཉིན་ཉི་ཤུ་རྩ་གྲངས་སོང་རྗེས། ད་གཟོད་བོད་ལྗོངས་སྤྱི་ཁྱབ་དམག་ཁུལ་སྨན་ཁང་ནས་རང་གི་བུ་ཕྲུག་རྙེད་སོན་བྱུང་བ་རེད་མོད། མིག་མདུན་གྱི་གནས་སྟངས་དེ་ནི། བཟོད་བརླག་མེད་པའི་སྐྱོ་སྡུག་ཚད་བརྒལ་ཞིག་ལས་ཅི། ཤ་རུས་མཉམ་གཙབས་བྱས་པའི་བསྟན་དར་ལགས་ནི་འགྱིག་ཐུམ་གྱིས་བསྒྲིལ་ཡོད་ལ། བརླ་ཡ་གཅིག་ལ་ཚལ་གཏུབ་གཡུགས་པ་ལྟར་སྣང་བ་མ་ཟད། གཟུགས་པོའི་ཕྱོགས་གང་ས་ནས་ཤ་པགས་ཕྱེད་འདུག དེས་མི་ཚད་འཕོངས་ཤ་བཅད་གཏུབས་བྱས་པ་དང་ ། རྨ་ཆེན་རུལ་མྱགས་སོང་ཡོད་ལ། ཐ་ན། ཤ་འབུ་ཡང་སྐྱེས་འདུག མཚོན་ཆ་བསྣུན་པའི་རྐེད་པར་ཤུལ་རྗེས་ནག་པོ་ཕབ་ཡོད་པ་དང་རུལ་ཡང་ཚར་ཡོད། རོ་སྟོད་དང་། ངོ་གདོང་གི་རྨ་རྗེས་ནི་རྫོགས་མེད་རེད། རྨ་ཁ་ལ་ལར་ཐ་མ་ཁའི་མེ་འབུག་གཏུགས་ཡོད་ལ། རྨ་ཁ་འགའ་ཤས་ལ་འབྱར་སྤྱིན་དཀར་པོ་སྦྱར་འདུག དམག་ཁུལ་སྤྱི་ཁྱབ་སྨན་ཁང་ནི་ལྷ་སའི་ནང་ཆེས་ཡག་ཤོས་ཀྱི་སྨན་ཁང་དེ་རེད་མོད། བསྟན་
དར་ལགས་ལ་སྨན་བཅོས་ཅི་གང་བྱས་མེད། སྔ་མའི་ཤེད་གཟུགས་དོད་པའི་བསྟན་དར་ལགས་ནི་སྐམ་ཞིང་རིད་པའི་ཤིང་ཐུར་ཞིག་དང་འདྲ་ལ། དབུགས་རྒྱུན་རྟ་རྔ་ཙམ་པོ་ལས་ཅི་ཡང་ལྷག་མེད། གོ་ཐོས་ལྟར་ན། ཁོང་གི་མགྲིན་པ་ནས་ཀྱང་ཅི་ཞིག་བཅད་ཚར་བ་རེད་ཟེར། དེ་ནི་ཁོང་ལ་དྲག་རྡུང་ཕོག་པའི་དངོས་དོན་ཕྱིར་མི་ཐོན་པའི་ཆེད་རེད། དོན་དམ་པས། དུས་ཚོད་དེའི་ནང་ཁོ་པ་ཚོས་བསྟན་དར་ལགས་ལ་སྐྱི་གཡའ་དགོས་པའི་ལས་ངན་གང་ཞིག་བྱས་ཡོད་མེད་སུས་ཀྱང་གསལ་པོ་ཤེས་རྟོགས་མེད།

སེམས་པ་བསྲེགས་པའི་ཨ་མས་མྱུར་བ་མྱུར་བར་རང་གི་བུ་ལྗོངས་མི་དམངས་སྨན་ཁང་དུ་སྤོ་བསྒྱུར་བྱས། མྱུར་སྐྱོབ་བྱས་པའི་བརྒྱུད་
རིམ་ཁྲོད་ཁོང་གི་འཕོངས་མགོ་ནས་རུལ་མྱགས་སོང་བའི་ཤ་ཆེན་མི་འབྲེག་ཀ་མེད་ཐུག་པ་རེད། བསྟན་དར་ལགས་ཀྱི་རྨ་ཧ་ཅང་ལྕི་དྲགས་པས་ནད་སོས་ཀྱི་རེ་བ་མེད་སྟབས་འབྲས་སྤུངས་དགོན་པའི་ཉེ་འཁོར་ཨར་འདམ་བཟོ་གྲར་ཡོད་པའི་རང་ཁྱིམ་དུ་ལོག་དགོས་ཐུག ཨ་མ་ལགས་ཀྱིས་ཟླ་བ 6 པའི་ཚེས 19 བར་ཆེས་ཐ་མའི་ལྟ་རྟོག་ཅི་འབྱོར་བྱས་མོད། ཟླ་བ་ཧྲིལ་པོ་གསུམ་ལྷག་རིང་ཟུག་གཟེར་ཚད་མེད་མྱངས་རྗེས། པེ་ཅིང་གི་ཨོ་རྩེད་མགལ་མེ་ལྷ་སར་འབྱོར་རྒྱུའི་སྔ་ནུབ་དེར་སྐྱོ་སྡུག་ཆེན་པོའི་ངང་འཇིག་རྟེན་ཕྱི་མར་བཞུད་དགོས་བྱུང་།

ཁོང་དབུགས་མ་ཆད་སྔོན་དུ། འབྲེལ་ཡོད་སྡེ་ཚན་འགས་ཁོང་གི་ཁྱིམ་ཚང་ལ་ཉེན་བརྡ་བཏང་དོན། ཁྱེད་ཚོས་ཁོང་གི་ཆེད་དུ་དགུང་ཞག་ཞེ་དགུའི་འདས་མཆོད་རེམ་ཆོག་གི་མེད་ཟེར་སོང་། ཡིན་ནའང་། ཁོང་གི་ཁྱིམ་མིས་དགུང་ཞག་ཞེ་དགུའི་ཆོ་ག་ཅི་འབྱོར་བྱས་ལ།
བོད་མི་བརྒྱ་སྐོར་ཞིག་ཁོང་གི་འདས་མཆོད་མྱ་ངན་ལ་ཞུགས། བོད་མི་གང་མང་མང་ཞིག་ནས་ཆ་རྒྱུས་མེད་པའི་འདས་པོ་འདིའི་སླད་དུ་གདུང་སེམས་མཉམ་སྐྱེད་དང་རྒྱ་ཕྱོགས་ལ་ཁོང་ཁྲོའི་རྣམ་འགྱུར་འཛིན། བསྟན་དར་ལགས་ཀྱི་ཨ་མས་སྐྱོ་ཤས་ཚད་མེད་ཀྱི་སྒོ་ནས་ངུ་འབོད་བྱས་དོན། ང་་་་ ཕྲུ་གུ་འདི་གྲོངས་པའི་རྐྱེན་ཁོ་ནས་ངུ་ཤར་འཐེན་པ་མིན། དེ་ལས་ཀྱང་ནི་་་ ཕྲུ་གུར་ཕོག་པའི་སྡུག་སྦྱོང་མནར་གཅོད་དེས་ངུ་འབོད་བྱེད་དགོས་བྱུང་། ང་རང་ཨ་མ་ཅིག་གི་ངོས་ནས། ཕྲུ་གུར་ཕོག་པའི་སྡུག་མནར་དེ་ཚོ་བློ་ཡུལ་ནས་ཤོང་མི་ཐུབ་པ་ཞིག་རེད་ཟེར། བྱ་གཏོར་སྐབས་སུ་ཤེས་གསལ་ལྟར་ན། བསྟན་དར་ལགས་ཀྱི་རྐང་མཐིལ་ནས་གྱེན་དུ་བརྡབས་པའི་ལྕགས་གཟེར་ཞིག་ཀྱང་ཐོན་འདུག

ཕྲན་ནས YouTube བརྙན་པར་ཐུང་ངུ་བརྒྱུད་བསྟན་དར་ལགས་སྐུ་འཚོ་བཞུགས་ཀྱི་འདྲ་པར་དང་སྡུག་ཤི་མ་ཕོག་སྔོན་གྱི་འདྲ་པར་བཅས་པར་བཤུས་བྱས་ཏེ། རྩོམ་ཡིག་འདི་དང་མཉམ་སྦྱར་བྱས་ནས་པོད་ཁུག་ཏུ་བཀོད་པས་བསམ་ཚུལ་འགོད་མཁན་མང་དག་འདུག་པ་མཐོང་། དེ་གྲས་ཀྱི་ཡིག་འཇོག་གཅིག་ནང་འཁོད་དོན། བོད་ཀྱི་སྡེབ་གསོད་ཆེན་མོ་འདི་ཟིན་བྲིས་སུ་འདེབས་དགོས།
འདི་ནི་ཏག་ཏག་མི་ལོ་བཅུ་ཕྲག་འགའི་སྔོན་དུ། ན་ཙིའི་གཅིག་བསྡུས་བཙོན་རར་གདོང་གཏོད་པའི་འདས་པོ་ཚོ་དང་གཅིག་མཚུངས་ཆགས་འདུག དུས་དེར། མཉམ་སྦྲེལ་དམག་དཔུང་གི་སྤྱི་ཁྱབ་དཔོན་པོ་ཨ་ཧོ་ཝེ་ནས་བཀའ་བཏང་སྟེ། བཙོན་ཁང་གི་རྣམ་པ་དེ་པར་ལེན་བྱ་རུ་བཅུག མ་ཟད། གྲོང་ཚོའི་ཉེ་འཁོར་གྱི་འཇར་མན་བ་ཚོ་བསྐོངས་ཏེ་འདས་པོ་དེ་ཚོ་དུར་འདེབས་བྱ་བའི་གྲོགས་རམ་བྱེད་བཅུག དེའི་ཕྱིར། འདིའང་དེ་དང་འདྲ་བས་རྗེས་ཕྱོགས་ཀྱི་ལན་འདེབས་ལ་གྲབས་དགོས། ད་ལྟ་འདི་སྐོར་ཆ་ཚང་བ་ཡི་གེར་འབེབས་དགོས་ལ། པར་གཞི་ལག་པར་ཅི་འབྱོར་བྱ་དགོས། ཅི་ཐུབ་གང་ཐུབ་ཀྱིས་དཔང་མི་གང་མང་མང་གསོག་དགོས།
གང་ཞེ་ན། ཡང་སླད་མའི་ལོ་རྒྱུས་ཀྱི་ལེའུ་འགའི་ནང་དུ། འཆལ་པོ་རྐུབ་སྐྱོག་འགའ་ཐེད་དུ་འགྲེངས་ནས། གནས་ཚུལ་འདི་ཚོ་ཅི་གང་ལྷག་མྱོང་ཡོད་པ་མ་རེད་ཟེར་ངེས་པས་ཡིན།

བཤད་པ་འདི་ཚོ་ཐིག་དང་ཐིག

བརྙན་པར་ཐུང་ངུ་འདི་ཁྲོམ་བསྒྲགས་བྱུང་རྗེས། དང་ཐོག་ཤིན་ཧྭ་དབྱིན་སྐད་རླུང་འཕྲིན་ནང་བཤད་དོན། ཆེད་མཁས་པས་ཤེས་གསལ། དྲ་བརྙན་དེ་ནི་ས་ཚུགས་དང་དུས་ཚོད། མི་སྣ་བཅས་བཙན་གཏུབས་ཀྱིས་མཉམ་དུ་ལྷུ་སྒྲིག་བྱས་ཏེ་ན་ནིང་ཟླ་བ་3 པའི་ཚེས 14 ཉིན་ཉེན་རྟོག་པར་འཇབ་རྒོལ་བྱ་མཁན་གྱི་མི་ངན་གཏུམ་སྤྱོད་ཅན་ཚོ་ཉེན་རྟོག་པས་བསད་པའི་སྐྱག་རྫུན་དག་མཉམ་སྦྱར་བྱས་པ་ཞིག་རེད། མ་ཟད། ཁོ་པ་འདྲི་གཅོད་བྱ་རྒྱུར་ཁྱིམ་དུ་སྒུག་སྡོད་བྱེད་པའི་རིང་། ན་ཚ་ཕོག་ནས་ཤི་བདང་། རྨ་ཁ་ཡོངས་རྫོགས་རྫུན་མ་འཁྲབ་པ་རེད། འདི་ལྟ་བུའི་དྲ་བརྙན་བཀྲམས་པའི་དམིགས་ཡུལ་ནི 3•14 ཡི་ཟིང་ཆའི་གདོང་རིས་ངོ་
མ་འགེབས་སྲུང་བྱེད་པའི་ཆེད་རེད་ཅེས་སྨྲས། དེའི་རྗེས་ནས། རྒྱ་ནག་སྲིད་གཞུང་གིས YouTube དྲ་ཚུགས་སྒྲིབ་གཡོགས་བྱས་ཡོད་ལ། ཡང་མཚམས་གཅིག་ནས YouTube དྲ་སྟེང་གི་བརྙན་པར་ཐུང་ངུ་དེའང་རྩ་བསུབ་བཏང་ཡོད། དེ་ནི་དངོས་གནས་རྒྱ་ནག་གི་གཏམ་དཔེར། ས་འདིར་དངུལ་སྲང་སུམ་བརྒྱ་སྦས་མེད་ཟེར་བ་དང་ཆུ་ལ་ཆུ་བཞག་རེད། ( གཏམ་དཔེ་འདིའི་
གོ་དོན་འདི་ལྟ་སྟེ། སྔ་དུས་རྒྱ་ནག་དམངས་ཁྲོད་ན། མི་ཞིག་གིས་ས་ཆ་ཞིག་ཏུ་དངུལ་སྲང་འགའ་སྦས་ནས་དེའི་སྟེང་དུ། ས་འདིར་དངུལ་སྲང་སུམ་བརྒྱ་སྦས་མེད་ཅེས་པའི་ཡི་གེ་ཕབ་ནས་སོང་། ཡང་དེའི་རྗེས་ནས་ཁོང་གི་ཁྱིམ་མཚེས་ཨ་ཨར་ས་ཆ་དེ་བརྒྱུད་སྐབས་ཡི་གེ་དེ་མཐོང་བ་དང་དངུལ་ཡང་བརྐུས། ཁོས་ཀྱང་དངུལ་བརྐུས་ཤུལ་དུ་ཁྱིམ་མཆེས་ཨ་ཨར་ནས་བརྐུས་པ་མིན་ཟེར་བའི་ཡི་གེ་བཞག་ནས་སོང་བ་ལྟར་རོ།

འོ་ན། དོན་དམ་པས་ལྷ་སར་བསྟན་དར་ཟེར་བའི་བོད་མི་ལོ་གཞོན་ཞིག་ཡོད་དམ་མེད་ཅེ་ན། དེ་ནི་གནའ་སྔ་མོའི་རྒྱ་ནག་གི་ལུགས་ལྟར་གཏུབས་གསོད་ཀྱི་ཁྲིམས་གཅོད་ཐུ་མོ་ཆེ་བཏང་ནས་དམག་མིས་བཀྲོངས་པ་ཞིག་ཡོད་པ་མ་རེད་དམ། མི་ལོ་འདི་གཉིས་ཀྱི་ནང་དུ་ཕྲན་ནས་ལན་གྲངས་རྫོགས་མེད་ཀྱི་སྒོ་ནས་འདི་ལན་བཙལ་འཚོལ་བྱས་པ་ཡིན། དེས་ན་ད་རེས། ངེས་པར་དུ་འདི་སྐོར་ཡི་གེར་འབེབས་དགོས། མ་གཞི་བརྙན་པར་ཐུང་ངུ་དེ་བདེན་པ་ལྕགས་རི་ལྟར་སྲ་ནའང་། མ་གཞི་བསྟན་དར་ལགས་ སྐུ་འཚོ་དུས་ཀྱི་འདྲ་པར་དྲ་ཐོག་ལ་བཏོན་ཟིན་ནའང་། ངོ་ཚ་ཁྲེལ་མེད་ཀྱི་ཁོང་ཚོས་ད་དུང་ཡང་གནས་ཚུལ་འདི་དག་ཅི་གང་ལྷག་མྱོང་ཡོད་པ་མ་རེད་ཅེས་ཀུ་ཅོ་འདོན་གྱི་ཡོད་པས་ཡིན། །

འགྱུར་རྩོམ།

Post navigation

Previous Post: ཨ་ཧྥེ་རི་ཁའི་བུ་མོ་ཞིག་གི་འཕྲིན་ཡིག
Next Post: གླིང་སྒྲུང་རྩོམ་རིག་ལས་གླིང་གེ་སར་གྱི་ལོ་རྒྱུས་དཔྱད་གཞིའི་སྐོར་མྱུར་སྐྱོབ་བྱ་གལ་ཆེ་ཚུལ།

Comments (6) on “གཏུབས་གསོད་བྱས་པའི་བསྟན་དར་ལགས་གླེང་བ།”

  1. ནགས་ཤོད་སད་མི། says:
    2011-02-09 at 5:54 am

    སྒྱུར་འདི་རང་སོར་བཀོད་འདུག་པས་ཐུགས་རྗེ་ཆེ་ཞུ།

  2. ཤར་ཕྱོགས་ཁུག་རྟ། says:
    2011-02-09 at 6:46 am

    ཁོང་དུས་གཏན་དུ་བོད་མི་རྣམས་ཀྱི་སེམས་ཁོངས་ན་ཉི་མ་བཞིན་འཚེར།

  3. ཚོགས་ཆེན་ says:
    2011-02-09 at 11:23 am

    འོད་ཟེར་ལགས་ལྟ་བུའི་རྒྱལ་གཅེས་དཔའ་མོ་རྣམས་ལ་མངོན་པར་བསྟོད་རྒྱུ་དང་བོད་ཀྱི་དངོས་ཡོད་ཀྱི་གནས་ཚུལ་མང་ཙམ་སྤེལ་རོགས་གནང་ཞུ་རྒྱུ་དང་ཆབས་ཅིག་སྒྱུར་བ་པོ་ལའང་དམིགས་གསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས།

  4. ཀརྨ says:
    2011-02-09 at 2:02 pm

    ཁོང་ནི་བོད་རིགས་ཀྱི་བདེ་དོན་ཆེད་རང་སྲོག་བཏང་པའི་དོན་གྱི་དབའ་བོ་ཞིག་
    ཁོང་གི་ཚེ་སྲོག་ཡང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་རྟག་བརྟན་གྱི་རྡོ་རིང་ཞིག་
    བོད་རྒྱལ་ལོ་ཁོང་གི་དམིགས་འདུན་ཡོད་ཚད་རྒྱལ་གྱུར་ཅིག །

  5. མིག says:
    2011-02-10 at 2:26 pm

    ཨོ་མཎི་པདྨེ་ཧཱུ།

  6. གཞིས་བོད། says:
    2011-02-11 at 10:04 am

    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme