Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏམ་ཚིག་གསུམ་མ།

Posted on 2013-12-192013-12-20 By ཁ་བརྡ་ 18 Comments on གཏམ་ཚིག་གསུམ་མ།

བསྟན་འཛིན་གྲགས་པ།
—————-
དེང་སང་སྤྱི་འཐུས་སྒྲོལ་དཀར་ལྷ་མོའི་དགོངས་ཞུའི་རྐྱེན་བྱས་ཏེ་སྤྱི་འཐུས་གསར་པ་ཞིག་འདེམས་རྒྱུའི་ཐད་སུ་འོས་དང་སུ་མི་འོས་ཀྱི་གླེང་སློང་ཐོར་རེ་བ་ཞིག་གང་སར་ཁྱབ་བཞིན་འདུག གནད་དོན་འདི་གལ་ཆེན་པོ་ཞིག་ཡིན་མིན་སུས་ཤེས། འོན་ཀྱང་གལ་ཆེ་བའི་དོན་དག་འགའ་ཞིག་གླེང་རན་ཡོད་པར་སྣང་། མི་ལོ་ཉི་ཤུའི་གོང་གི་བཙན་བྱོལ་དང་ད་ལྟའི་བཙན་བྱོལ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཤོར་འདུག མི་ལོ་ཉི་ཤུའི་གོང་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དེ་ཚོ་སྲ་བརྟན་ཞིག་ཡོད་པ་རེད། ད་ལྟ་སྒྲིག་འཛུགས་དེ་ཚོ་ཧ་ལམ་འཁྲབ་སྟོན་གྱི་ངོ་བོར་འགྱུར་བཞིན་ཡོད། དེ་ལྟར་འགྱུར་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཕྱི་རྒྱལ་དུ་བསྐྱོད་པ་དེ་ལ་ཐུག་ཡོད། ད་ལྟ་སུ་ལའང་བོད་མི་ཅི་ཙམ་ཕྱི་རྒྱལ་ལ་ཕྱིན་པའི་ཐོ་གྲངས་ཏག་ཏག་ཅིག་ཡོད་མེད་བཤད་དཀའ། བྱང་ཨ་མི་རི་ཀ་ལ་ཁྲི་གཉིས་ལྷག་ཡོད་པ་སྨོས་མ་དགོས། དེ་ནས་ཡུ་རོབ་ལ་ཁྲི་གཅིག་ལྷག་ཅིག་ཕྱིན་ཡོད། ཁྲི་གསུམ་དང་བཞིའི་གྲངས་འབོར་དེ་བཙན་བྱོལ་བོད་མིའི་གྲངས་འབོར་ནས་ཕྱིར་འཐེན་བྱས་སྐབས་ཧ་ལམ་སུམ་ཆ་གཅིག་ཙམ་རྒྱ་གར་དང་བལ་ཡུལ་ནས་ཐོན་ཟིན་ཡོད། རྒྱུ་མཚན་གཉིས་པ་ནི་བོད་ནས་གསར་འབྱོར་གྱི་རྒྱུན་དེ་དག་ཡིན། ༡༩༨༥ ཙམ་ནས་བཟུང་ལོ་རེར་བོད་མི་ཉིས་སྟོང་སུམ་སྟོང་ཙམ་རེར་བཙན་བྱོལ་དུ་འབྱོར་ཡོད། ལོ་ཤས་ནས་བཙན་བྱོལ་དུ་འབྱོར་བའི་གྲངས་ཀ་དེ་ཇེ་ཉུང་ལ་སོང་ཡོད། ཧ་ལམ་ལོ་རེར་བརྒྱ་སྐོར་ཙམ་རེ་ལས་འབྱོར་ཐུབ་ཀྱི་མེད། འདིས་སྣེ་ལེན་ཁང་སྟོང་པ་བཟོས་པ་ཙམ་མ་རེད། བོད་ཁྱིམ་གྱི་སློབ་མའི་ཡོང་ཁུངས་དང་གདན་ས་ཁག་གི་དགེ་འདུན་པའི་ཡོང་ཁུངས་ཚང་མར་དོ་ཕོག་གཏོང་གི་ཡོད། ལྟག་ཆུ་ཆད་པའི་རྫིང་བུ་ཟེར་བ་བཞིན་བཙན་བྱོལ་གྱི་སྒྲིག་འཛུགས་འདི་དག་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད། སྔོན་མ་བོད་ནས་རྒྱ་གར་དུ་འབྱོར་མཁན་རྣམས་ཀྱི་གྲངས་ཀའི་ཚད་མཐོ་པོ་ཞིག་ནི་མི་རིགས་ཀྱི་ལ་རྒྱ་ལ་བརྟེན་ནས་ཡིན། ད་དུང་དེའི་ཆ་ཤས་གཞན་མང་ཆེ་བ་ཞིག་ནི་དཔལ་འབྱོར་དང་འཚོ་བ་ལའང་རག་ལས་ཡོད་པ་རེད། གནད་དོན་འདི་དག་ཀྱང་བཙན་བྱོལ་བོད་ནང་ལ་རེ་བ་ཆེ་བ་དང་ཤུགས་ཆེ་བ་ཡོང་གི་ཡོད། ད་མཐའ་མཚམས་དམ་དྲག་བྱས་པ་དེ་ཡང་རྒྱུ་མཚན་ཞིག་མ་རེད་ཅེས་སུས་བསྙོན། རྒྱུ་མཚན་འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མི་འབོར་གྱི་ཡོང་ཁུངས་ལ་ཚོད་འཛིན་ཐེབས་བཞིན་ཡོད།

ད་ལྟ་རྡ་རམ་ས་ལའི་དཔོན་པོ་ཡིན་པའི་མི་རབས་འདི་དག་ནི་རྒྱ་གར་ནང་འཚར་ལོངས་བྱུང་བའི་མི་རབས་ཡིན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་གཉིས་ནི་དེའི་དཔེ་མཚོན་ཡིན། མི་རབས་གསར་པ་འདི་དཔོན་གནས་ལ་སླེབས་པ་དེས་མཐོ་༧གོང་ས་མཆོག་ཚུན་ནས་གཟེངས་བསྟོད་གནང་ཡོད། འོན་ཀྱང་འདི་ལ་ཡོད་པའི་ཉེན་ཁ་ཞིག་ཡོད་པ་དེ་ལའང་ང་ཚོས་བརྟག་དགོས། ཟམ་གདོང་རིན་པོ་ཆེའི་མི་ཐོག་ལྟ་བུ་ཡིན་ན་བོད་ནས་སྤུན་མཆེད་གཉེན་ཉེའི་ཐོག་ནས་འབྲེལ་བ་ཡོད་པ་མ་ཟད། དཔེ་དེབ་ཀློག་པ་སོགས་རིག་གནས་ཀྱི་ཐོག་ནས་བོད་ནང་ལ་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ཟམ་གདོང་རིན་པོ་ཆེས་མཐའ་ན་ “ནགས་ཚང་ཞི་ལི་སྐྱིད་སྡུག་”ལྟ་བུའི་དཔེ་ཆ་ཡང་གཟིགས་ཡོད་པ་རེད། ད་ལྟའི་དཔོན་རིགས་རྣམས་ལ་དེ་འདྲའི་འབྲེལ་བ་ནི་ཧ་ལམ་རྩ་མེད་ཡིན་པ་རེད། ཚོར་བ་དང་ཤེས་ཡོན་གྱི་ཐོག་ནས་བོད་ལ་འབྲེལ་བ་མེད་པའི་མི་ཞིག་དང་སྒྲིག་འཛུགས་ཤིག་གིས་བོད་མིའི་ངོ་བོ་དང་སྐུ་ཚབ་ཇི་ལྟར་བྱེད་མིན་དེ་ཡང་དྲི་བ་ཞིག་རེད།

དེ་ནས་བོད་མིའི་སྒྲིག་འཛུགས་ཟེར་བ་འདིའི་སྒྲོམ་གཞིའི་ཐོག་ལ་ཡང་བསམ་བློ་གཏོང་རྒྱུ་ཡོད། ད་ལྟའི་བཅའ་ཁྲིམས་དེ་ནི་ཧ་ཅང་འདྲ་མཉམ་དང་དྲང་བདེན་མེད་པའི་ཁྲིམས་གཞི་ཞིག་རེད། ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་སོགས་ནི་འདྲ་མཉམ་དང་དྲང་བདེན་ལ་གཞི་རྩ་མ་བཅོལ་བར་གནས་སྐབས་ཀྱི་དགོས་མཁོ་གཞི་བཅོལ་ཡོད་པ་རེད། དགོས་མཁོ་དེ་ཡང་ད་ལྟ་འགྱུར་བཞིན་པ་རེད། དགོས་མཁོ་འགྱུར་མོད་ཁྲིམས་འགྱུར་མ་ཐུབ་པར་ལུས་པ་དེས་ནི་ལུག་གི་མ་མགལ་དང་ཁྱིའི་ཡ་མགལ་ཟེར་བ་ལྟ་བུའི་ཡ་མ་ཟུང་ཞིག་ཆགས་ཡོད་པ་རེད། དེ་ནས་སྔོན་མ་ཡིན་ན་བཙན་བྱོལ་བོད་གཞུང་ཞེས་བོད་མི་ཚོ་ལ་གཞུང་ཞིག་ཡོད་པའི་འདུ་ཤེས་བསྐྲུན་ས་ཞིག་ཡོད་པ་རེད། ད་ལྟ་གཞུང་དེ་ཡང་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཟིན་སྟབས་ བོད་གཞུང་དང་བོད་མི་དམངས་ཞེས་པའི་འདུ་ཤེས་སྐྱེས་ས་དེ་གཏོར་ཚར་བ་རེད། འདི་དག་ལ་བརྟེན་ནས་བཙན་བྱོལ་གྱི་སྒྲིག་འཛུགས་ནི་ཧ་ཅང་མགྱོགས་པོར་ཉམས་བཞིན་པ་རེད། དེ་ལ་སྤྱི་འཐུས་ཡིན་ཞེས་སྐུ་ངོ་དང་སྐུ་ངོ་འཁྲབ་པའི་ལོ་ཟླ་ལ་ཡང་དུས་བཀག་གིས་མཇུག་རྫོགས་གྲབས་ཡོད་པ་རེད། འདི་དག་ལ་དགོངས་པ་ཞིག་བཞེས་ན་ཧ་ཅང་རན་པར་མཐོང་ངོ་།།

རྩོམ་རིག

Post navigation

Previous Post: “ཁྱོད་ཀྱིས་རང་ཉིད་ངོས་ཟིན་པར་གྱིས་ཤིག”
Next Post: རྒན་རབས་པའི་མཛད་རྗེས།

Comments (18) on “གཏམ་ཚིག་གསུམ་མ།”

  1. འཇིགས་མེད་ནུབ་པ་ says:
    2013-12-19 at 5:19 pm

    བསམ་ཚུལ་རྩོམ་ཡིག་འདི་ཡག་པོ་ཞིག་བྲིས་འདུག

  2. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 5:25 pm

    གནས་སྟངས་ངོ་མ་རྟོགས་འདུག སེམས་གཏམ་རང་རེད།

  3. དགེ་འདུན་རྒྱ་མཚོ། says:
    2013-12-19 at 10:58 pm

    བསམ་ཚུལ་ཡག་པོ་བྲིས་འདུག
    ཟ་ཟུར་ལས་དོན་དངོས་གླེང་ཐུབ་མི་འདུག
    བཟང་ཕྱོགས་ནས་ཀྱང་གླེང་རོགས་གནང་ཞུ་བ་ཡིན།

  4. མགོན་པོ says:
    2013-12-19 at 11:10 pm

    བསམ་བློ་བཏང་ནས་བྲིས་འདུག བསམ་བློའི་ཤེས་ཚད་ཡག་པོ་འདུག འདི་འདྲ་པའི་བསམ་བློ་བ་བོད་པ་ཁ་ཤས་ལས་ད་དུང་མེད་།

  5. ཐོས་པ་དགའ། says:
    2013-12-20 at 12:03 am

    གྲགས་པ་ལགས་ནས་དངོས་ཡོད་ཀྱི་གནས་ཚུལ་གསུངས་པར་དགའ་བསུ་ཞུ། ད་ལྟའི་བཀའཤག་དང་སྤྱི་འཐུས་རྣམས་ནས་ཤེས་ཡོན་སྲིད་བྱུས་ལ་དེ་ཙམ་གྱི་དོ་སྣང་མེད་པ་དང་ནུས་ཤུགས་མི་རྒྱག་པ་དོན་དངོས་ལ་རང་གི་རིག་གནས་ཀྱི་དྲོ་བ་མ་བྱུང་བ་དང་ལེགས་པར་མི་ཤེས་པའི་རྟགས་རེད། ལུས་ལ་ཕྱུ་པ་དང་ཕྲེང་བ་རྟགས་པ་ཙམ་གྱི་བོད་པ་ཞིག་ཆགས་ཀྱི་ཨེ་ཡོད་སྙམ། དེ་སྔོན་དུས་བབ་ཀྱི་བཅར་འདྲི་ཞིག་ལ་ང་ཚོའི་འཐབ་རྩོད་དེ་དངོས་གནས་རིག་གནས་ཀྱི་ཕོངས་པ་རང་རེད་ཤག
    སྲིད་སྐྱོང་དང་ཚོགས་གཙོས་༸རྒྱལ་བ་རིན་པོ་ཆེས་ཤེས་ཡོན་གོང་འཕེལ་གཏོང་དགོས་ཟེར་བ་དེར་ག་དུས་ཡིན་ནས་རིག་གཅིག་རྐང་འཛིན་ལ་མ་རྟོགས་གོ་བ་ལེན་གྱི་མིན་འདུག གཞི་རིམ་སློབ་མའི་ཤེས་ཡོན་ལོ་རེ་ནས་ལོ་རེ་བཞིན་ཉམས་རྒུད་འགྲོ་བཞིན་པ་དེར་ལྟ་སྐྱོང་བྱེད་རྒྱུའི་ཚབ་ཏུ། སློབ་གྲྭ་ཐོན་ཁར་སྲིད་སྐྱོང་སློབ་ཡོན་དང་རིག་གཅིག་རྐང་འཛིན་གྱི་སློབ་ཡོན་སོགས་ག་ཚོད་སྤྲད་ཀྱང་ཁུངས་འཁྱོལ་བ་ཞིག་ཡོང་དཀའ་བར་མཐོང་།
    མཐར་བོད་མི་ཚོས་སྲིད་སྐྱོང་བློ་སེང་དང་དེ་བཞིན་ཆོལ་ལུགས་ཀྱི་སྤྱི་འཐུས་འགའ་ཞིག་འོས་འདེམས་བྱས་སྟངས་ལ་གཞིགས་ན་བཙན་བྱོལ་ནང་གི་བོད་མི་ཚོས་ཆོལ་ཁའི་ཕྱོགས་ཞེན་དེ་ཉུང་དུ་ཕྱིན་པའི་རྟགས་མཚན་གཅིག་རེད། དེ་འདྲ་སོང་ཙང་བྱུང་ན་གང་མགྱོགས་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ཡོང་ཁུངས་དེ་མེད་པ་བཟོ་དགོས་རེད།

  6. རྒྱང་མིག says:
    2013-12-20 at 12:41 am

    དངོས་གནས་རེད། བསམ་ཚུལ་ཡག་པོ་བརྗོད་འདུག ལྷག་པར་དུ་”དེ་ནས་སྔོན་མ་ཡིན་ན་བཙན་བྱོལ་བོད་གཞུང་ཞེས་བོད་མི་ཚོ་ལ་གཞུང་ཞིག་ཡོད་པའི་འདུ་ཤེས་བསྐྲུན་ས་ཞིག་ཡོད་པ་རེད། ད་ལྟ་གཞུང་དེ་ཡང་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཟིན་སྟབས་ བོད་གཞུང་དང་བོད་མི་དམངས་ཞེས་པའི་འདུ་ཤེས་སྐྱེས་ས་དེ་གཏོར་ཚར་བ་རེད།”ཞེས་བརྗོད་པ་འདི་ཧ་ཅང་གིས་སེམས་ངོར་འཕྲོད་སོང་།

    མི་རབས་གསར་པ་ཙམ་གྱིས་མ་གཏོགས། ད་ལྟའི་ལས་སྣེ་འདི་ཚོ་ལ་མི་རིགས་ཀྱི་ལར་ཞེན་ཟེར་བ་དེ་གཏན་ནས་མི་འདུག དེ་ནི་ཁོ་ཚོའི་གཏམ་བཤད་དང་། སེམས་ཚོར། ལས་དོན་སྒྲུབ་སྟངས་བཅས་ལས་ཤེས་ཐུབ། དེ་ཡང་ཧ་ཅང་གི་ཉེན་ཁ་ཞིག་ལ་མཐོང་བསྡད་ཡོད།

  7. འཕྲིན་ལས་ལྷུན་གྲུབ says:
    2013-12-20 at 1:20 am

    ད་ལྟ་བོད་ནང་གི་གནས་སྟངས་དང་བོད་ཀྱི་རིག་གནས་སོགས་ཀྱི་ཚོར་ཤུགས་ཟབ་པའི་བོད་ནས་ཕེབས་པའི་གཞོན་སྐྱེ་མང་དག་ཅིག་སྤྱི་འཐུས་ནང་སླེབས་ཐུབ་ན་ཡག་པོ་ཡོད་པ་རེད།

  8. ཚ་ཕྲུག་རྒྱལ། says:
    2013-12-20 at 1:55 am

    བཙན་བྱོལ་བའི་སྤྱི་འཐུས་ནི་ཕྱི་ཚུལ་ཙམ་ལས་དོན་ཐོག་གིས་བོད་ལ་ཕན་པའི་ལས་དོན་ཞིག་ཡོང་རྒྱུ་ཁག་པོ་རེད། བཟང་ཕྱོགས་ལས་ལྡོག་སྟེ་ཆབ་སྲིད་པའི་ཟློས་གར་འཁྲབ་ས་ཞིག་ལ་མི་འགྱུར་བའི་ངེས་པ་མི་འདུག་གོ།

  9. ཟུང་འབྲེལ། says:
    2013-12-20 at 3:59 am

    བསམ་ཚུལ་ལེགས་པོ་བྲིས་འདུག ཡིན་ཡང་བོད་མི་སྒྲིག་འཛུགས་ཟེར་ན་འདྲ་བོད་གཞུང་ཟེར་ན་འདྲ་ཕྱིར་བོད་ལ་མ་ལོག་པར་དུ་ནུས་པ་ཆད་པར་ཅི་ཡང་མེད་པ་གསལ་བོ་རེད། ཆབ་སྲིད་ཀྱི་འགྲོ་ལམ་མ་འདྲ་བ་ཞིག་ཡོད་པ་ཤེས་དགོས་པ་ཞིག་རེད།

    བོད་ནས་ཕེབས་མཁན་ཚོ་སྤྱི་འཐུས་ནང་མེད་པ་མ་རེད།

  10. ཞུས་ཆེན་པ says:
    2013-12-20 at 4:31 am

    སྐད་ཆ་དྲང་མོ་དང་གཏམ་ངོ་མ་བཤད་འདུག དགའ་བསུ་ཡོད།

  11. བཀྲིས་བསམ་གྲུབ། says:
    2013-12-20 at 4:38 am

    བསྟན་འཛིན་གྲགས་པའི་དཔྱད་རྩོམ་འདི་ཆ་ཚང་ཞིག་ཀློག་པ་ཡིན། བོད་ནང་གི་བོད་མི་ཚོར་བཙན་བྱོལ་རང་དབང་ལུང་པའི་གནས་སྟངས་ཆ་ཚང་ཞིག་ཤེས་རྟོགས་མེད་སྐབས་སྨྱུག་རྩེ་ལག་པར་འཛིན་མཁན་ཚོར་སེམས་ནས་གང་བསམ་བྲིས་ཏེ་འགྲེལ་བཤད་ལོག་པ་དང་ལམ་ལོག་པར་འཁྲིད་ཚེ་དེ་ནི་རྒྱ་གུང་ཁྲན་ལ་གོ་རྒྱུ་དང་།་ བཙན་བྱོལ་སྒྲིག་འཛུགས་འདི་བོད་ནས་གསར་འབྱོར་མི་སླེབས་པའི་དཀའ་ངལ་གྱིས་འཐོར་བཤིགས་འགྲོ་བ་མ་ཡིན་པར་སླེབས་པའི་གྲས་ནས་སེམས་དགྲ༌བོར་བལྟ༌མཁན་དེ་ཚོས་འགྲེལ་བཤད་ལོག་པ་དང་བསམ་ཚུལ་རྫུན་མ་སྤེལ་ཏེ་གཞིས་བྱེས་བོད་མིའི་དབར་བསྲེ་ལྷད་བཅུག་སྟབས་ཕན་ཚུན་གྱི་ཡིད་ཆེས་བརླག་སྟེ་སྒྲིག་འཛུགས་ཀྱི་ནུས་པ་ཉམས་སྲིད་པ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་བཙན་འཛུལ་བྱས་མ་ཐག་བོད་ཡོངས་སུ་རྒྱ༌ནག་དམར་པོའི་གཞུང་གིས་དྲག་པོའི་དབང་བསྒྱུར་བྱས་རྗེས་མཐའ་མཚམས་ཁག་ལ་དམ་དྲག་བྱས་ཡོད་ལ། བོད་ནང་དེ་སྔ༌དང་མི་འདྲ༌བར་ཤེས་ཡོན་དང་དཔལ་འབྱོར། གང་སར་ཕྱི་ཚུལ་གྱི་རྣམ་པ་མི་འདྲ༌བའི་འགྱུར་བ་བཏང་སྟེ་་་༡༩༨༠་་གྱ་གྲངས་ནང་ཕར་འགྲོ་ཚུར་འོང་གི་སྲིད་བྱུས་སྒོ་འབྱེད་པས་རྣམ་རྟོག་ཅན་དག་ལ་བཙན་བྱོལ་གཞུང་འདི་སྒོ་རྒྱག་དགོས་སྲིད་པའི་བློ་དོགས་དང་སེམས་ཚབས་སྐྱེ་མྱོང་ཡོད། དེའི་སྐབས་སུའང་སིམ་འཛུལ་བ་དེ་ཚོས་གང་བྱུང་བཤད་དེ་ཧ་ལམ་བོད་གཞུང་འཐོར་གྲབས་ཡོད་པ་ལྟ༌བུ་བཤད་མཁན་བྱུང་ཡོད་རེད། དེ་དང་དེ་འདྲ༌བ་ལོ་ནས་ལོ་བསྟུད་དེ་ད་ལྟ་ལོ་དྲུག་ཅུ་ཙམ་འགྲོ་གི་ཡོད་རེད། ཕྱོགས་གཉིས་ཀར་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད། རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ནང་བོད་མིའི་སྐྱེ་སྒོ་མ་བཀག་པའམ། བོད་མི་རྣམས་ཨ་རི་གཙོས་ཡོ་རོབ་ཁག་ཏུ་ཚང་མས་དངུལ་ལོར་ལ་འཐམས་ནས་མི་རྒྱུད་མ་སྤེལ་བར་བསྡད་ན་མ་གཏོགས། ངས་བལྟས་ན་བོད་མིའི་སྒྲིག་འཛུགས་ཀྱི་གཞི་ཁྱོན་འདི་ད་ལྟ༌རྒྱ་བལ་འབྲུག་གསུམ་གཙོ་བོ་ཡིན་པ་ནས་འབྱུང་འགྱུར་ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་དང་། ཡོ་རོབ་སོགས་ནང་སྒྲིག་འཛུགས་ཀྱི་ཡལ་འདབ་རྒྱས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞི་ཁྱོན་དང་གོང་བུའི་ནུས་པ་རྒྱ་ཇེ་ཆེར་འགྲོ་རྒྱུར་ཚོད་དཔག་ཐུབ་ཀྱི་འདུག་པས། བོད་ནས་རྒྱ་གར་དུ་མ་བཏང་ནའང་ཨ་རི་དང་ཡོ་རོབ་སོགས་སུ་འགྲོ་འགོ་ཚུགས་འདུག་པས་ང་ཚོའི་སྒྲིག་འཛུགས་ཀྱི་གཞི་རྩ་ནམ་ཡང་འཐོར་ཐུབ་ཐབས་མེད་པ་ང་ལྟ་བུར་ཡིད་ཆེས་བརྟན་པོ་ཡོད་པས་བསྟན་འཛིན་གྲགས་པ་ཁྱོད་རང་སེམས་ཁྲལ་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡོད་དོ།

  12. ཞུས་ཆེན་པ says:
    2013-12-20 at 4:42 am

    ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་ཀྱི་སྒྲིག་སྲོལ་འདི་ལ་དངོས་པར་དུ་བསྒྱུར་བཅོས་ཤིག་གཏོང་རན་འདུག ཆོལ་ཁ་དང་ཆོས་ལུགས་རེ་རེའི་སྤྱི་འཐུས་ཀྱི་ཡོང་ཁུངས་འདི་འདྲ་མཉམ་དང་ཐོབ་ཐང་གཅིག་མཚུངས་ཡོང་བར་ངེས་པར་དུ་ཆོས་ལུགས་ཚང་མའི་འཐུས་ཚབ་ཡོང་བར་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པ་རེད། དེ་སྤྲོད་མ་ཐུབ་ན་འདྲ་མཉམ་ཟེར་བ་སྐྱག་རྫུན་ཆགས་པ་རེད།

  13. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-20 at 4:51 am

    ད་ཆོལ་ཁའི་སྤྱི་འཐུས་ལས་ཆོས་ལུགས་སམ་ཆོས་བརྒྱུད་་སྤྱི་འཐུས་ཕྱུར་བསྡུ་རྒྱག་རན་རེད། ཆོལ་ཁོངས་སྤྱི་འཐུས་ལ་ཡང་མང་ཉུང་གཅིག་པ་བྱེད་དགོས་དོན་མི་འདུག མི་གྲངས་མང་ཉུང་ལ་བལྟ་དགོས།

  14. བསྟན་འཛིན། says:
    2013-12-20 at 6:45 am

    འདི་ན་ཆབ་ལྷ་ལགས་ཀྱིས་གསུངས་པར་ང་དགའ་སོང་། ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་རྒྱས་བཅད་དགོས་དོན་མིའདུག། དེའི་རིགས་ནི་དོན་མེད་སྤྱི་ཚོགས་ཟང་ཟིན་བཟོ་བའི་རྒྱུ་རྐྱེན་མ་ཟད། མང་གཙོའི་ལམ་ལུགས་དང་མཐུན་པ་ཞིག་ཀྱང་མ་རེད།

  15. གངས་སྤྲེལ་ཚ། says:
    2013-12-20 at 8:48 am

    དངོས་གནས་རེད་དེ་ག་རང་རེད་་་་་ཁྱད་པར་ད་ཐེངས་སྐྲོལ་དཀར་ལྷ་མོས་སྔོན་འབུམ་ཁ་ཤས་ལྐོག་ཟ་ལས་ད་རེབ་འདི་ལ་གནོད་ཚབ་ཆེ། ད་རེབ་འབུམ་ཉི་ཤུ་ལྷག་འགྲོ་གྲོན་གཏོང་དགོས་རེད་་་་་་གནོད་ཆེན་རེད་་་་

  16. གཡུ་ཐོག་རྒྱལ་པོ། says:
    2013-12-20 at 8:58 am

    ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་དཔོན་རིགས་རྣམས་རྒྱ་གར་དུ་སྐྱེས་པའི་དཔོན་རིགས་ཡིན་ཙང་བཙན་བྱོལ་སྒྲིག་འཛུགས་ལ་འཐུས་ཤོར་ཕྱིན་པའི་ཚོར་སྣང་ཞིག་ང་ལ་ཡོང་གི་མེད། འོན་ཀྱང་། མི་རབས་རྙིང་པ་དང་མི་རབས་གསར་པ་བར་ལ་མི་འདྲ་བའི་གནད་དོན་ཆེན་པོ་གཅིག་ཡོད་པ་རེད། དེ་ནི་ལྷག་བསམ་ཡོད་མིན་དེ་རེད། དེ་སྔོན་གྱི་མི་རབས་རྒན་གྲས་རྣམས་ལ་ཤེས་ཡོན་དེ་ཙམ་མེད་ཀྱང་ལྷག་བསམ་རྣམ་དག་གི་རྒྱལ་བའི་དགོངས་པ་བསྒྲུབས་ཀྱི་ཡོད། འོན་ཀྱང་། དེང་རབས་རང་རེའི་གཞོན་སྐྱེས་རྣམས་ལ་ལྷག་བསམ་མེད་ཙང་སྐབས་འཚོལ་བ་ཆགས་ཀྱི་ཡོད། དཔེ་མཚོན་གཅིག་བཀོད་ན་ལྷ་མོ་སྐྱབས་དང་ཧོར་འཇིགས་སོགས་རེད། ཁོ་ཚོར་ལྷག་བསམ་ཡོད་ན་བོད་ཡིག་སློབ་ཡུལ་བོད་པའི་སྤྱི་ཚོགས་རེད་མ་གཏོགས་ནུབ་ཕྱོགས་མ་རེད། མདོར་ན་ལྷག་བསམ་མེད་ཙང་གནད་དོན་དེ་རིགས་རིམ་བཞིན་ཡོང་གི་ཡོད་པ་རེད།

  17. དགེ་བསམ། says:
    2013-12-20 at 2:24 pm

    ངོ་ནས་བསམ་ཚུལ་ཡག་པོ་རྐྱང་འདུག

  18. གཡང་དཀར་ལུག་རྫི་། says:
    2013-12-21 at 2:15 am

    ད་ཐེངས་ང་ཚོ་ཨ་མདོ་བ་རྣམས་ཀྱིས་ཁ་ཚ་དགོས་ཐུག་གིས་དཔྱད་ཞིབ་བྱེད་དགོས་པ་ནི་སྐབས་འཚོལ་བ་མིན་པར་ཤེས་འཇོན་དང་དྲང་བདེན་གྱི་ལམ་ནས་བསྐྱོད་ཐུབ་པའི་མདོ་སྨད་སྤྱི་འཐུས་ཤིག་འདེམས་དགོས་པ་དེ་རེད། མདོ་སྨད་སྤྱི་འཐུས་སྒྲོལ་དཀར་ལྷ་མོའི་ལྐོག་ཟ་རུལ་སུངས་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཧིན་སྒོར་འབུམ་༢༠ཙམ་འགྲོ་སོང་གཏོང་དགོས་འབྱུང་གི་ཡོད་རེད། ད་ཐེངས་ང་ཚོས་མི་ལོ་ཉི་ཤུར་སྤྱི་འཐུས་གནང་བར་ཧིན་སྒོར་འབུམ་༢༠གྱོང་རྒུད་གཏོང་མཁན་གྱི་སྤྱི་འཐུས་ཤིག་སླར་ཡང་མི་སླེབས་པའི་འབད་བརྩོན་གནང་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme