Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

{གཏམ་བཟང་གསར་འགྱུར།}

Posted on 2017-04-022017-04-02 By ཁ་བརྡ་ 14 Comments on {གཏམ་བཟང་གསར་འགྱུར།}

{རང་འཚོལ་གྱིས་ཕབ་བསྒྱུར་བྱས།}
 

༧གོང་ས་མཆོག་གི་ཆིབས་བསྒྱུར་དང་། རྒྱ་གར་གྱི་ལངས་ཕྱོགས།

ཁེ་ཉིན་སྤྱི་ཟླ་ ༣ ཚེས ༣༡ ཉིན་རྒྱ་གར་ཌི་ཌི་གསར་ཁང་{DD news}གིས་༧གོང་ས་མཆོག་ཨཱ་སམ་དང་ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་གནང་བའི་སྐོར་ལ་བཅར་འདྲི་ཞུས་པའི་གལ་ཆེའི་བརྙན་འཕྲིན་གསར་འགྱུར་ཞིག་སྤེལ་འདུག

གསར་ཁང་དེས་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་ཇཱཡ་དྷེ་བ་ར་ན་ཌེ་(Jayadeva Ranade)དང་། བོད་དོན་ཉམས་ཞིབ་པ་བིཇེ་ཀརན་ཏི་(Vijay Kranti)གཉིས་གདན་ཞུས་ཀྱིས་བཅར་འདྲི་ཞུས་འདུག

དེ་ཡང་ཐོག་མར་གསར་འགོད་པས་ཨཱ་སམ་གྷོ་ཧ་ཊི་ལ་ཡར་ལུང་གཙང་པོར་མཆོད་འབུལ་གྱི་ལས་རིམ་དེ་འགོ་འཛུགས་བཞིན་ཡོད་པ་དང་། དེར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཧ་ཅང་མང་པོ་མཉམ་ཞུགས་གནང་ཁར་ཕེབས་ཡོད་ཅིང་། དམིགས་བསལ་སྐུ་མགྲོན་དེ་༧གོང་ས་མཆོག་ཡིན་པ་དང་། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་གལ་གནད་ཆེན་པོ་ཡིན་སྐོར་སོགས་གླེང་སྟེ་བཅར་འདྲི་འགོ་འཛུགས་གནང་སོང་།

unnamed-1

བཅར་འདྲི་དེའི་དྲི་བ་དང་གླེང་གཞི་གཙོ་བོ་ནི་གནད་དོན་གསུམ་སྟེ། ༧གོང་ས་མཆོག་གི་ཆིབས་བསྒྱུར་འདིར་རྒྱ་ནག་གིས་སྔར་རྒྱུན་བཞིན་བསྐྱར་དུ་ངོ་རྒོལ་བྱས་ཡོད་པའི་སྐོར་དང་། རྒྱ་དཀར་ནག་གི་འབྲེལ་ལམ་གྱི་ཁ་ཕྱོགས། རྒྱ་གར་གྱིས་བོད་དང་རྒྱ་ནག་ཐོག་ལ་སྲིད་ཇུས་གསར་པ་གང་འཛིན་དགོས་མིན་གྱི་སྐོར་བཅས་རེད་འདུག

ཇཱཡ་དྷེ་བ་ཡིས་-༧གོང་ས་མཆོག་ནི་སངས་རྒྱས་པའི་ཆོས་ཀྱི་དབུ་ཁྲིད་མཐོ་ཤོས་དེ་ཡིན་པ་དང་ཆིབས་བསྒྱུར་འདི་ནི་གཙོ་བོ་ཆོས་འབྲེལ་ཞིག་ཡིན་པས། དེར་རྒྱ་ནག་གིས་དོ་གལ་དགོས་དོན་མེད་སྐོར་འགྲེལ་བརྗོད་གནང་འདུག།

བིཇེ་ཀརན་ཏི་ཡིས་-རྒྱ་ནག་ལ་སྤྱི་ལོ་༡༩༤༩ དང་༡༩༥༠ ལོ་ནས་རིམ་གྱིས་བོད་བཙན་འཛུལ་བྱས་པའི་ཁྲིམས་འགལ་དང་ཚུལ་མཐུན་མིན་པའི་ནག་ཉེས་ཆེན་པོ་དེ་ལས་གྲོལ་མ་ཐུབ་པའི་དཀའ་ངལ་ཆགས་ཡོད་པས། ཏཱ་ལའི་བླ་མའི་མཚན་ཐོས་པ་དང་ཁོང་ཚོར་བསུན་པོ་ཆགས་ཏེ་ངོ་རྒོལ་བྱེད་ཀྱི་ཡོད་པ། ཏཱ་ལའི་བླ་མ་ནི་བོད་ཙམ་མ་ཟད་རྒྱ་ནག་དང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་དང་། དེའི་དབང་གིས་འཛམ་གླིང་ཡོངས་ལས་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་ཐོབ་བཞིན་ཡོད་པས། རྒྱ་ནག་གིས་རྒྱུན་དུ་དགག་བྱ་བྱེད་ཀྱི་ཡོད་པ། ཏཱ་ལའི་བླ་མའི་མཚན་ནམ་ཐོས་ཀྱང་རྒྱ་ནག་བསུན་པོ་ཆགས་ཀྱི་ཡོད་པ་དང་། ཆིབས་བསྒྱུར་གར་གནང་ལ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

དེ་བཞིན་ཁོང་གཉིས་ཀྱིས་རྒྱ་ནག་ལ་༧གོང་ས་མཆོག་སྐུ་ཕྲེང་རྗེས་མའི་སྐོར་ལ་སེམས་ཁྲལ་ཡོད་སྐོར། ཁོང་གི་མཚན་སྙན་ཆེན་པོ་ཆགས་བཞིན་པར་འཇིགས་ནས་མཚན་སྙན་ཆུང་དུ་བཏང་ཐབས་བྱེད་ཀྱི་ཡོད་པ། ཡང་སྲིད་ངོས་འཛིན་ལའང་ཐེ་ཇུས་བྱེད་ཀྱི་ཡོད་པ། རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་ངོས་འཛིན་བྱས་པར་བོད་མི་ཚོས་ངོས་ལེན་བྱེད་ཀྱི་མེད་པ་དང་། ཡང་སྲིད་དངོས་དེ་བཙན་ཁང་དུ་བཅུག་ཡོད་པའི་སྐོར། རྒྱ་ནག་སྐམ་ས་ཆེན་པོར་ནང་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་དབང་གིས་རྒྱ་ནག་ལ་༧གོང་ས་མཆོག་གི་མཚན་སྙན་ཆེ་རུ་འགྲོ་བའི་སེམས་འཚབ་ཡོད་ཚུལ་སོགས་ཀྱང་གླེང་འདུག

མ་ཟད། ད་ལན་རྒྱ་ནག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་འདིར་ངོ་རྒོལ་ཤུགས་ཆེན་བྱེད་དོན་གཅིག་ནི། རྒྱ་ནག་ལ་རྒྱ་གར་གྱིས་རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་དེ་བརྟན་དུ་སོང་ཡོད་པ་དང་། རྒྱ་གར་གྱིས་ལོ་མང་ནས་ཨ་རུ་ན་ཅལ་དེ་རྒྱ་གར་གྱི་ཆ་ཤས་རེད་ཅེས་ཟེར་གྱི་ཡོད་པས། རྒྱ་ནག་གིས་རང་གི་འཛིན་ཕྱོགས་དེ་སླ་བོ་ཆགས་འགྲོ་གི་འདུག་སྙམ་པའི་དོགས་གཞི་ཡོང་གི་ཡོད་པ་དང། དེའི་རྐྱེན་གྱིས་རྒྱ་ནག་སྐད་ཤོར་གྱི་ཡོད་ཚུལ།

unnamed-2

དེ་བཞིན་ཁོང་གཉིས་ཀྱིས་རྒྱ་ནག་གིས་ཕྱོགས་གཅིག་ནས་འཇིགས་སྐུལ་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཞན་དེ་ནས་༧གོང་ས་མཆོག་ལྟ་བུའི་ཆོས་ཀྱི་དབུ་ཁྲིད་ལ་དགག་བྱ་བྱེད་པ་དེ་གཉིས་འགལ་ཟླ་ཆེན་པོ་རེད་ཅེས་སྐྱོན་བརྗོད་ཀྱང་བྱས་འདུག

 

{མོ་དྷི་གཞུང་གི་ལངས་ཕྱོགས་སྲ་བརྟན་སྐོར།}

བིཇེ་ཀརན་ཏི་ཡིས་- རྒྱ་གར་གྱི་གཞུང་འཛིན་གོང་མ་ཚོས་རྒྱ་ནག་གི་སིམ་འཛུལ་དང་སྐྱོན་བརྗོད་སོགས་མ་མཐོང་མ་ཐོས་མདོག་བྱས་ཏེ་སྡོད་ཀྱི་ཡོད་སྐོར་དང་། མོ་དྷི་སྲིད་གཞུང་སླེབས་པའི་ཉིན་དང་པོ་ནས་ལངས་ཕྱོགས་དེར་འགྱུར་བ་བཏང་སྟེ། སྲིད་འཛིན་ཕོ་བྲང་དུ་སྲིད་བློན་གསར་པ་མོ་དྷིའི་དམ་འབུལ་སྐབས། རྒྱ་གར་གྱི་ཉེ་འཁོར་རྒྱལ་ཁབ་ཚང་མར་གཞུང་འབྲེལ་གྱིས་མགྲོན་འབོད་བྱས་ཏེ་དམ་འབུལ་ལ་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཅིག་པུ་མགྲོན་འབོད་མ་བྱས་པར་ཁེར་རྐྱང་དུ་ཕུད་ཡོད་ཚུལ། དེ་ཙམ་མ་ཟད་སྐབས་དེར་བཙན་འབྱོར་གཞུང་གི་སྲིད་བློན་འབུམ་རམས་པ་བློ་བཟང་སེང་གེ་ཡང་མགྲོན་འབོད་བྱས་ཡོད་པ་དང་། དེ་ནི་གནས་དོན་ཆུང་ཆུང་ཞིག་མིན་པར་འགྱུར་ལྡོག་གལ་ཆེན་ཞིག་ཡིན་སྐོར། དེ་བཞིན་མོ་དྷི་གཞུང་གིས་རྒྱ་དཀར་ནག་གི་ས་མཚམས་བརྟན་སྲུང་བྱ་རྒྱུ་སོགས་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་རྣམས། སྔར་ལས་བརྟན་པ་དང་མཁྲེགས་སུ་ཕྱིན་པའི་བཟང་ཕྱོགས་ཀྱི་འགྱུར་བ་
ཤུགས་ཆེན་བྱུང་ཡོད་ཚུལ་སོགས་ཀྱི་གནད་དོན་ཡང་མང་པོ་གླེང་འདུག

ལྷག་པར་རྒྱ་ནག་གིས་ཧམ་སེམས་བྱས་ཏེ། ཨ་རུ་ན་ཅལ་ཁོང་ཚོའི་ཆ་ཤས་ཡིན་པ་དང་ལ་དྭགས་ལ་བོད་ཆུང་ཆུང་ཞེས་བརྗོད་དེ་རྒྱ་ནག་གི་ཆ་ཤས་དུ་བསྒྱུར་ཐབས་ཀྱི་ས་ཁོངས་དེ་ཇེ་མང་དུ་གཏོང་བཞིན་ཡོད་པས། དེའི་ཐོག་རྒྱ་གར་ཁུ་སིམ་མེར་བསྡད་རྒྱུ་མེད་སྐོར།
དེ་བཞིན། རྒྱ་ནག་གིས་ཨ་རུ་ན་ཅལ་དང་ལ་དྭགས་རྣམས་ཁོང་ཚོའི་ཆ་ཤས་ཡིན་ཞེས་སིམ་འཛུལ་བྱེད་པ་དང་གནོད་ཤུགས་སྤྲོད་ཀྱི་ཡོད་པ་དེ་ནི། དོན་དངོས་སུ་ཁོང་ཚོས་རྒྱ་གར་གྱིས་བོད་ཀྱི་ཐོག་ལ་དོ་སྣང་སྤྲོད་ཐབས་མེད་པ་བཟོ་རྒྱུ་དང་། རང་གིས་བོད་ཐོག་ཁྲིམས་འགལ་གྱི་བཙན་འཛུལ་བྱས་པ་དེ་སྐྱོབ་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ཆེན་པོ་ཞིག་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་ཨ་རུ་ན་ཅལ་ལ་ཁོང་ཚོས་ལྷོ་བོད་ཅེས་བརྗོད་ཀྱི་ཡོད་སྐོར་སོགས་ཀྱང་གླེང་འདུག

 

{བོད་ཀྱི་ཐོག་ལ་ལངས་ཕྱོགས་ཇི་ལྟར་འཛིན་དགོས་མིན།}

གསར་འགོད་པས།-ཁག་ཅིག་གིས་རྒྱ་གར་གྱིས་བོད་ཀྱི་ཐོག་ལ་སྲིད་ཇུས་ཡག་པོ་འཛིན་དགོས་སྐོར་གླེང་གི་ཡོད་ཀྱང་། སྟབས་ཉེས་ནས་མི་མང་པོ་ཞིག་གིས་བོད་ཀྱི་སྐོར་ལ་རྒྱ་གར་གཞུང་གིས་ལོ་མང་རིང་(རྒྱ་ནག་ལ)མགོ་བཏགས་ཞུས་པ་ལྟ་བུ་བརྩི་གི་ཡོད་པས། ཁྱེད་ལ་དེའི་ཐོག་ལྟ་ཚུལ་གང་ཡོད་ཅེས་འདྲི་སྐབས།

བིཇེ་ཀརན་ཏི་ཡིས་- རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེའི་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་མེད་པ་གཅིག་རང་ཡོད་པ་དེ་ནི་རང་གི་ཁེ་ཕན་གཙོ་འཛིན་བྱ་རྒྱུ་དེ་ཡིན་པ་དང་། དེ་མིན་གནས་དོན་ཚང་མ་དུས་དང་དགོས་མཁོ་ལ་གཞིགས་ཏེ་འགྱུར་བ་འགྲོ་གི་ཡོད་སྐོར་དང་། ད་བར་འདས་པའི་རྒྱ་གར་གཞུང་འཛིན་པ་ཚོ་ཁུ་སིམ་བཞུགས་པ་དེར་ཁོང་ཚོ་ལ་རྒྱུ་མཚན་དགོས་པ་ཡག་པོ་དེ་འདྲ་ཡང་ཡོད་སྲིད་ཀྱང་། ད་སྐབས་རྒྱ་ནག་གིས་མཁྲེགས་འཛིན་གྱིས་པཀ་ཀིས་ཏན་དང་མཉམ་འབྲེལ་གྱིས་ཕྱོགས་གཉིས་ཀ་ནས་བསྐོར་ཡོང་གི་ཡོད་པས། དེ་ལ་ཕར་ཡང་དེ་བཞིན་ལན་འདེབས་ནན་པོ་བྱ་དགོས་ཀྱི་ཡོད་པ།

ད་དུང་རྒྱ་གར་ངོས་ནས་ཀྱང་རྒྱ་ནག་ལ་ཁྱེད་ཚོས་བོད་བཙན་འཛུལ་བྱས་པ་དེ་ཁྲིམས་འགལ་དང་ཚུལ་མིན་རེད་ཅེས་ཁ་ཐུག་བརྗོད་པ་ཡིན་ན་ཡག་པོ་ཡོད་ལུགས། དེ་ལྟར་བརྗོད་ན་ཁོང་ཚོས་ཨ་རུ་ན་ཅལ་དང་ལ་དྭགས་རྣམས་དྲན་པ་བརྗེད་དགོས་པར་འགྱུར་བ་དང་། དེས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་སྐོར། དེ་མཚུངས་གནས་དོན་གཞན་ཁག་ཅིག་གི་ཐོག་ལ་རྒྱ་ནག་གི་ཚུལ་མིན་བྱ་སྤྱོད་རྣམས་རྒྱལ་སྤྱིའི་མདུན་དུ་གསལ་འདོན་བྱ་དགོས་པ་དང་། ཁ་གཏད་གཅག་དགོས་པའི་སྐོར་བཅས་ཀྱང་གླེང་འདུག

 

{༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་དགོས་སྐོར།}

བིཇེ་ཀརན་ཏི་ཡིས་-“གནས་དོན་གསུམ་པ་ཞིག་ཡོད། དེ་ནི་ངས་བལྟས་ན་བྱ་འོས་པ་དང་ལས་སླ་བོ་ཡིན་ལ། དེ་ལ་སུས་ཀྱང་དགག་བྱ་ཡང་ཡོད་རྒྱུ་མ་རེད། ང་ཚོས་ཡང་ནས་ཡང་དུ་ཏཱ་ལའི་བླ་མ་ནི་ང་ཚོའི་བཀུར་འོས་ཀྱི་མགྲོན་པོ་ཡིན་ཅེས་བརྗོད་ཀྱི་ཡོད་པ་རེད། ཏཱ་ལའི་བླ་མ་ལ་འཛམ་གླིང་ཡོངས་ནང་ངོས་འཛིན་དང་ཆེ་མཐོང་གང་ཐོབ་པ་ལྟར། རྒྱ་གར་གྱིས་ད་བར་དེ་ཕུལ་ཡོད་མ་རེད། དངོས་གནས་བྱས་ན་སྔོན་ནས་ཕུལ་ཚར་དགོས་པ་ཞིག་རེད། རྒྱ་གར་གྱིས་ཏཱ་ལའི་བླ་མ་ལ་བྷཱརཏ་རཏ་ན་(Bharat Ratna)འབུལ་འོས་པ་རེད། ཁཱན་ཨབྷ་དྷུལ་ཕྷར་ཁཱ་ལ་འབུལ་འོས་པ་རེད། ནེན་སཱེན་མཎ་ཌ་ལ་ལ་འབུལ་འོས་པ་རེད། “ཅེས་བརྗོད་འདུག་ལ།
ཡང་། ཏླ་ལའི་བླ་མས་སྐུ་ཚེ་གང་ཚང་རྒྱ་གར་ལ་སྐྱེལ་ཡོད་པ་དང་། འཛམ་གླིང་ཡོངས་ནང་རྒྱ་གར་ལ་ལྟ་ཚུལ་ཧ་ཅང་ཡག་པོ་བསྐྲུན་ཡོད་པས། ཁོང་ལ་ཡང་བྷཱརཏ་རཏ་ན་འབུལ་དགོས་ཀྱི་རེད་ཅེས་གསུངས་འདུག

དེ་བཞིན། ཇཱཡ་དྷེ་བ་ར་ན་ཌེ་ཡིས་ཀྱང་། ” ཁོང་གིས་གསུངས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། ང་ཚོས་ཏཱ་ལའི་བླ་མ་ལ་ཡང་བྷཱརཏ་རཏ་ནའི་རྒྱལ་ནང་གཟེངས་རྟགས་དེ་འབུལ་འོས་པ་རེད། ཁོང་རྒྱ་གར་ལ་བཞུགས་ཡོད་པ་རེད་པ་ལ། ཁོང་གིས་རྒྱ་གར་ལ་ཧ་ཅང་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་རེད། དེ་སོང་ཙང་ངས་བལྟས་ན་ཁོང་ལ་འབུལ་དགོས་ཀྱི་རེད། དེ་ཕྱོགས་གཅིག་ནས་སྲིད་དོན་གྱི་གཟེངས་རྟགས་ཤིག་ཀྱང་རེད།”ཅེས་གསུངས་འདུག

མཐར། ཇཱཡ་དྷེ་བ་ཡིས་- སྤྱི་ལོ་༢༠༡༤ ལོར་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་སུཤ་མ་སྭ་རཱཇ་(Sushma Swaraj)གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བང་ཡུས་རྒྱ་གར་དུ་སླེབས་སྐབས། མོས་ཁོང་ལ་ཁྱེད་ཚོའི་རྒྱ་ནག་གཅིག་ཅེས་བརྗོད་པ་བཞིན། ང་ཚོས་རྒྱ་གར་གཅིག་ཅེས་པ་དེའང་བརྗོད་དགོས་ཀྱི་རེད་ཅེས་ཞུས་པ་ལྟར། ད་ཆ་དེ་སྲིད་ཇུས་གཅིག་བཟོས་ཏེ་ལག་བསྟར་བྱ་དགོས་པའི་དུས་ལ་བབ་ཡོད་པ་དང་། མ་འོངས་པར་དང་པོར་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་བཞག་སྟེ། གལ་ཏེ་ཁྱེད་ཚོས་རྒྱ་གར་གཅིག་ཅེས་བརྗོད་པ་ཡིན་ན། ང་ཚོས་རྒྱ་ནག་གཅིག་ཅེས་བརྗོད་ཆོག་ཅེས་པའི་སྔོན་འགྲོའི་ཆ་རྐྱེན་འདོན་དགོས་པ་དང་། འབྱུང་འགྱུར་རྒྱ་ནག་ཐོག་ལ་ཕྱི་འབྲེལ་སྲིད་ཇུས་སྔར་ལྷག་མཁྲེགས་བརྟན་དགོས་པ་ལས། སླ་བོ་བྱ་རྒྱུ་མེད་སྐོར་སོགས་གནས་དོན་གལ་ཆེན་མང་པོའི་ཐོག་བགྲོ་གླེང་གནང་འདུག

{གོང་གསལ་བཅར་འདྲི་ཞུ་ཡུལ་ཇཱཡ་དྷེ་བ་ར་ན་ཌེ་ནི། རྒྱ་གར་བདེ་འཇགས་ལྷན་ཁང་གི་སློབ་སྟོན་པའི་ཚོགས་མི་དང་རྒྱ་ནག་ཉམས་ཞིབ་དང་སྲིད་ཇུས་ལྟེ་གནས་ཁང་གི་ཚོགས་གཙོ་ཡིན་འདུག བིཇེ་ཀརན་ཏི་ནི་བོད་དོན་ཉམས་ཞིབ་པ་དང་ཌི་ཌི་གསར་ཁང་གི་སློབ་སྟོན་པ་རེད། ཁོང་ནི་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་ལ། དབྱིན་སྐད་ཐོག་ལ་༧གོང་ས་མཆོག་གི་མཛད་རྣམ་ཞིག་ཀྱང་བརྩམས་ཡོད།)

{གསར་འགྱུར་འདི་ནི། གུས་པས་གསར་ཁང་དེས་བཅར་འདྲི་ཞུས་པའི་བརྙན་ཐུང་དུས་ཡུན་སྐར་མ་༣༡ ཡོད་པ་དེའི་གཙོ་གནད་རེ་ཟུང་ཞིག་ཇི་བཞིན་དུ་ལུང་འདྲེན་གྱིས་ཤད་གུག་ནང་བཅུག་ཡོད་པ་མ་གཏོགས། དེ་བྱིངས་རྣམས་དོན་བསྒྱུར་དང་སྤྱི་འགྲོས་བྱས་ཏེ་རགས་བསྡུས་སུ་བཀོད་པ་ཡིན།}

གསར་འགྱུར་དྲ་ཚིགས། https://youtu.be/yNf_Ydekik0

https://www.youtube.com/watch?v=yNf_Ydekik0

གསར་འགྱུར།

Post navigation

Previous Post: རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ། (འོས་སྦྱོར།)
Next Post: འཇམ་བློ་དག།

Comments (14) on “{གཏམ་བཟང་གསར་འགྱུར།}”

  1. བསོད་ནམས་ཅན། says:
    2017-04-03 at 1:33 am

    ཡག་པོ་བྲིས་ཤག་་་་་་བསྔགས་བརྗོད་ཡོད། དབྱིན་ཧིན་མ་ཤེས་མཁན་ལ་ཕན་ཐོགས་ཡོང་ངེས་རེད།

  2. ཇོ་སྲས་ངག་དབང་། says:
    2017-04-03 at 2:44 am

    ཡག་བྱུང་། ཐུགས་རྗེ་ཆེ།

  3. ཁ་ཞེ་གཉིས་མེད་ says:
    2017-04-03 at 2:43 pm

    དགའ་དགོས་པ་ཞིག་ལ་རྒྱ་གར་གཞུང་དང་མི་མང་གཉིས་ཀྱིས་༧གོང་ས་མཆོག་ལ་དད་གུས་ཡོད་པ་དེ། ཉིན་རེ་ནས་ཉིན་རེ་ཇེ་ཆེ་རེད། དེས་ང་ཚོར་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པ་གསལ་པོ་རེད། དེས་ན་རང་རེའི་གངས་ཅན་ལྗོངས་སུ་བདེ་སྐྱིད་ཀྱི་ཉི་མ་རིང་མིན་བཞད་འདོད་ན་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱ་རྒྱུ་ལས་མ་འདས། ༧གོང་ས་མཆོག་རྒྱལ་གྱུར་ཅིག །འཕགས་བོད་མཛའ་འབྲེལ་རྒྱལ་གྱུར་ཅིག །

  4. ནུབ་ཕྱོགས་གངས་ཕྲུག says:
    2017-04-04 at 1:11 am

    རྒྱ་གར་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ཨ་རུ་ན་ཅལ་ལ་རྐང་བཙུགས་ནས་ཕེབས་བཅུག་པ་དེ་རྒྱ་གར་གྱི་ཆབ་སྲིད་རེད་དོ།

  5. སྤོབས་པ་མཐའ་ཡས། says:
    2017-04-05 at 3:22 am

    ང་ངོ་མ་མགོ་འཐོམ་སོང་། རྒྱལ་བ་རིན་པོ་ཆེས་ང་ཚོས་རྒྱ་མིའི་དཔོན་རིགས་ཕྱོ་ལོགས་ལ་སླེབས་པའི་སྐབས་སོགས་ལ་ངོ་རྒོལ་ཁྲོམས་སྐོར་སོགས་མ་བྱས་ན་ཡག་པོ་འདུག གང་གི་ཕྱིར་ཞེ་ན། རྒྱ་མིའི་དཔོན་པོ་ཚོ་རླུང་ལངས་སོང་ན་བོད་ནང་གི་མི་ལ་དཀའ་ངལ་སྤྲོད་གི་འདུག་གསུངས་པ་རེད། དེར་བརྟེན་དེང་སང་རྒྱ་མིའི་དཔོན་རིགས་ཕྱི་ལོགས་ལ་སླེབས་པ་སོགས་ཀྱི་སྐབས་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་ལ་བོད་མི་མང་པོས་དེ་རྒྱལ་བ་རིན་པོ་ཆེས་བཀའ་ལ་མ་བརྩིས་པ་རེད་མདོག་མདོག་གིས་དཀའ་ངལ་སྤྲད་པ་རེད། དེར་བརྟེན།་དེང་སང་རྒྱ་མིའི་དཔོན་རིགས་ཕྱི་ལོགས་ལ་སླེབས་པ་སོགས་ཀྱི་སྐབས་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་མེད་པར་གྱུར་པ་རེད། རྒྱ་དམར་གཞུང་རང་ངོས་ནས་བོད་མིའི་ངོ་རྒོལ་ཁྲོམ་སྐོར་ལ་རྒོལ་གཏམ་བཏང་བ་ཆེར་མཐོང་མ་མྱོང་།
    རྒྱལ་བ་རིན་པོ་ཆེ་མོན་རྟ་དབང་ལ་ཕེབས་རྒྱུར་རྒྱ་དམར་གཞུང་གིས་སྔ་ཕྱི་བར་གསུམ་ལ་རྒོལ་གཏམ་བཏང་བ་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེས་དེ་སྣང་མེད་བཏང་ནས་མོན་རྟ་དབང་ལ་ཕེབས་བཞག་པ་རེད། འདིའི་རྒྱ་དམར་གཞུང་ཁོང་ཁྲོ་བསླངས་ཡོད་པ་གསལ་པོ་གསལ་རྐྱང་རེད། ཡིན་ན་ཡང་། དོན་རྐྱེན་དེ་ལ་བརྟེན་ནས་བོད་ནང་གི་བོད་མི་ལ་སྡུག་པོ་བཏང་ཡོང་གི་རེད་ཟེར་ཤེས་གི་མེད་ལ་གཏོང་གི་མ་རེད་ཟེར་ཡང་ཤེས་ཀྱིན་མེད། དེའི་སྐོར་ལ་ཁྱེད་རང་ཚོར་དགོངས་ཚུལ་གང་ཡོད།

  6. འཚུབ་མ་རྒོད་པོ། says:
    2017-04-05 at 3:30 am

    རྒྱ་གར་དང་ཨ་རི་གཉིས་ལ་མཚོན་ན་བོད་འདི་རྒྱ་ནག་ལ་འཇིགས་སྐུལ་བྱེད་ཡག་པོ་ཤེས་དེ་རེད། ནམ་རྒྱུན་ཁོ་ཚོའི་འབྲེལ་ལམ་ཡག་པོ་ཡོད་པའི་སྐབས་སུ་བོད་དོན་ཚིག་གཅིག་མི་གླེང་། མི་མཐུན་པའི་རྐྱེན་རེ་བྱུང་ན་བོད་དང་རྒྱལ་བ་རིན་པོ་ཆེ་བཟུང་ནས་འཇིགས་སྐུལ་བྱེད། འདིའི་མིང་ལ་ཆབ་སྲིད་ཟེར། ཧ་ཧ་ཧ་

  7. དགའ་བྱེད། says:
    2017-04-05 at 5:00 am

    དེ་སྐྱོན་ཡོད་པ་མ་རེད།
    ༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་གཞུང་ལ་ཕོག་ཐུག་བཏང་བ་ལ་བརྟེན་ནས་བོད་མི་ལ་སྡུག་པོ་གཏོང་བ་དེ་འདྲ་ཡོང་གི་མ་རེད།

    ༧གོང་ས་མཆོག་གིས་དེ་མཁྱེན་མཁྱེན་པ་རེད།
    སྤོབས་པ་ཟེར་བ་འདིས་ཡང་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཡ་ལ་འཛུགས་འདོད་པ་འདྲ། ཡིད་མུག་བྱུང་།

  8. ཀརྡོ་རབ་འབྱམས་པ་ says:
    2017-04-05 at 5:04 am

    འཕགས་བོད་མཛའ་མཐུན་རྒྱལ་གྱུར་ཅིག །

  9. མེ་ཏོག་བཀྲ says:
    2017-04-05 at 9:55 am

    རྒྱ་གར་མི་མང་དང་གཞུང་གཉིས་བཀྲིན་ཆེ། དེ་བས་༸སྤྱི་ནོར་༸གོང་ས་མཆོག་གི་སྐྱེ་འགྲོ་སྤྱི་ལ་སྨན་པའི་མཛད་འཕྲིན་ལ་བཀྲིན་ཆེ། རྒྱ་གར་གཞུང་གི་སྐབས་འདིའི་ལངས་ཕྱོགས་ནི། རྒྱལ་ཁབ་ཆེ་མཐོང་ལྡན་པའི་ལངས་ཕྱོགས་ཤིག་ཡིན་ལ། ང་ཚོའི་རྒྱ་གར་གྱི་རྒྱལ་ཁབ་འདི་འཛམ་གླིང་རྒྱལ་ཁབ་གཞན་གྱིས་ཐོག་བརྫིའང་མི་ཐུབ་པའི་རང་ཚུགས་ཟིན་པའི་རྒྱལ་ཁབ་དགའ་སྤོབས་འོས་པ་ཞིག་ཀྱང་ཡིན། དེ་ལས་སྐབས་འདིའི་རྒྱ་གར་གྱི་སྲིད་བློན་གཙོས་པའི་གཞུང་འཛིན་པ་རྣམས་ཀྱིས་རྣམ་དཔྱོད་ལྡན་པའི་ལངས་ཕྱོགས་འཛིན་པ་དང་། མི་རིགས་དང་རྒྱལ་ཁབ་ཀྱི་ཆེ་མཐོང་ཡང་སྲུང་སྐྱོབ་གནང་བ་ཡིན་པས། གཟི་བརྗིད་ཅན་གྱི་རྒྱལ་ཁབ་འདི་ནོར་ལོངས་ཀྱིས་རྒྱས་པ་དང་། མི་མང་རྣམས་ལ་རང་དབང་བདེ་སྐྱིད་ཀྱིས་འཚོ་བ། རྒྱ་ནག་ལྟ་བུའི་རང་དབང་མེད་པའི་རྒྱལ་ཁབ་ལ་མིག་དཔེ་འོས་པ་ཞིག་ཀྱང་ཡིན་ནོ།།

  10. ཀརྡོ་རབ་འབྱམས་པ་ says:
    2017-04-06 at 2:06 am

    གསར་འགྱུར།
    https://www.facebook.com/sunnysonam/posts/10154567443021247

  11. ཀརྡོ་རབ་འབྱམས་པ་ says:
    2017-04-06 at 2:29 am

    བོད་སྐད་སྡེ་ཚན། | གསར་འགྱུར།
    རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བར་ངོས་ལེན་མེད།
    http://www.rfa.org/tibetan/sargyur/arunachal-borders-tibet-not-china-04052017141905.html

  12. ཀརྡོ་རབ་འབྱམས་པ་ says:
    2017-04-06 at 8:27 am

    སྲིད་སྐྱོང་མཆོག་གིས།
    https://www.facebook.com/serkyiphonga/posts/759469947545657?pnref=story

  13. ཀརྡོ་རབ་འབྱམས་པ་ says:
    2017-04-06 at 9:02 am

    ཌོནལ། ཊམ་མཆོག་ལ་་་
    http://www.newindianexpress.com/world/2017/apr/05/trump-urged-to-raise-tibet-and-human-rights-issues-with-chinese-president-xi-1590280.html

  14. ཀརྡོ་རབ་འབྱམས་པ་ says:
    2017-04-07 at 3:01 am

    ཡང་སྲིད་སྐྱོང་མཆོག་གིས།
    https://www.facebook.com/dr.lobsangsangay/?hc_ref=NEWSFEED&fref=nf

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme