Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉིད་སད་པའི་དུས་ལ་སླེབས་འདུག རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་དང་ཀླུ་འབྱམས་ཀྱི་རྗེས་འབྲངས་པ་ཚོ།

Posted on 2020-06-05 By ཁ་བརྡ 4 Comments on གཉིད་སད་པའི་དུས་ལ་སླེབས་འདུག རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་དང་ཀླུ་འབྱམས་ཀྱི་རྗེས་འབྲངས་པ་ཚོ།

བསྟན་འཛིན་པདྨས།
 
རྒྱུན་ལྡན་ལྟར་ཁ་སང་མཚན་མོ་གཉིད་མ་ཉལ་གོང་མལ་སའི་ནང་ནས་ངོ་དེབ་ལ་མིག་བཤེར་ཞིག་བྱས་སྐབས་དྲ་གྲོགས་ཤིག་གིས་སྐུ་ཞབས་དོན་འགྲུབ་དབང་ཆེན་ལགས་ཀྱི་བརྙན་ཞིག་བཞག་འདུག་པས་ལམ་སེང་དྲ་ཐག་དེར་བསྣོན་ནས་བལྟས་པ་ཡིན། བརྙན་འདི་ནི་(གཤམ་འོག་གི་དྲ་ཐག་དེར་བསྣོན) ཡུ་ཊུབ་ནང་དུ་བཞག་འདུག་ལ། བརྙན་གྱི་དུས་ཡུན་ནི་ཆུ་ཚོད་གཅིག་མིན་ཙམ་ཞིག་འདུག མཚན་མོ་ཕྱི་པོ་སོང་ཙང་ག་ཚོད་ཅིག་ཉན་ཐུབ་མིན་ལ་མ་ལྟོས་པར་ཉན་འགོ་ཚུགས་པ་ཡིན།

བརྙན་གྱི་ཁ་བྱང་དུ་ “བོད་གངས་ཅན་གྱི་ཁྱད་ནོར། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མཚན་སྨད་ཞུ་མཁན་དག་ལ་ངོ་རྒོལ་” ཞེས་འཁོད་འདུག བརྙན་དེ་འགོ་ཚུགས་མ་ཐག་ཏུ་ཁོང་གིས་ཉེ་ལམ་ཨུ་རྒྱན་སྟོབས་རྒྱལ་གྱིས་བོད་མིའི་བླ་མེད་པའི་དབུ་འཁྲིད༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུས་པ་དེར་བློ་ཕམ་དང་ངོ་རྒོལ་ཡོད་པའི་སྐོར་བརྗོད་སོང་། འོན་ཀྱང་ད་རེས་ཁོང་གིས་བརྙན་ཆུ་ཚོད་གཅིག་མིན་ཙམ་དེའི་ནང་དུ་གཙོ་བོ་ནི་ང་ཚོས་ཤེས་རྟོགས་མེད་པའི་ཀླུ་མཁར་འབྱམས་ཀྱི་སྐོར་ལ་རེད་འདུག ངའི་བསམ་པར་བརྙན་འདིའི་བརྒྱུད་ནས་ཀླུ་མཁར་འབྱམས་ཀྱི་རྗེས་སུ་འབྲངས་མཁན་། རྒྱལ་ཡོངས་བོད་རང་བཙན་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་གཙོས་ཁོང་གི་རྒྱབ་སྐྱོར་བ་རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་གྱི་མི་སྣ། འཇམ་ནོར། བསྟན་རྡོར་ལགས་སོགས་པ་ཤེས་འཇོན་གཉིས་ལྡན་གྱི་བླུན་པོ་ཆུ་སྣ་གར་འཁྲིད་ཚོ་གཉིད་ལས་སད་ཐུབ་པའི་རེ་བ་ཡོད། ཀླུ་མཁར་འབྱམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་བར་དུ་བོད་མིའི་འཐབ་རྩོད་དང་ཆིག་སྒྲིལ་སྨན་པའི་བྱ་བ་གང་ཡང་མེད་པར་། བོད་མིའི་སེམས་ཁམས་ལ་རྨ་ཁ་འབྱིན་པའི་བྱ་བ་༸གོང་ས་མཆོག་ལ་ཡིག་ངག་གཉིས་ནས་མཚན་སྨད་ཞུ་བ་དང་། བཙན་བྱོལ་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་བྲིས་པ་སོགས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ལ་གནོད་འཚེ་ཅན་གྱི་ལས་ཁོ་ན་བསགས་དང་གསོག་བཞིན་པ་དེའི་རྒྱབ་ལྗོངས་ལ་ང་ཚོས་མནོ་བསམ་ཆེན་པོས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས་པའི་དུས་ལ་བབ་འདུག ནམ་རྒྱུན་བོད་མི་དཀྱུས་མ་ཞིག་གིས་ཀླུ་འབྱམས་ལ་ངོ་རྒོལ་བྱེད་དུས་ཁོང་གིས་རྗེས་འབྲངས་པ་ཚོས་ལམ་སེང་ཆོལ་ཁ་དང་ལྟ་གྲུབ་ཀྱི་འཐེར་འཁྱེར་ཡིན་ལུགས་བརྗོད་བཞིན་ཡོད། འོན་ཀྱང་ད་རེས་སྐུ་ཞབས་དོན་འགྲུབ་དབང་ཆེན་གྱིས་ཀླུ་འབྱམས་ཀྱི་སྐོར་ལ་གང་གསུངས་པ་རྣམས་སྣང་མེད་དུ་འཇོག་མི་རུང་ཞིང་། ཞིབ་འཇུག་བརྟག་དཔྱད་བྱེད་དགོས་པ་ཞིག་རེད། གང་ལགས་ཤེ་ན། སྐུ་ཞབས་དོན་འགྲུབ་དབང་ཆེན་ནི་བཙན་བྱོལ་ནང་དུ་ཁ་རྒྱག་པ་བཤད་ནས་ང་རང་བཙན་དང་བོད་དོན་འཐབ་རྩོད་པ་ཡིན་ལབ་མཁན་དང་མི་འདྲ་བར་ཁོང་ནི་དངོས་སུ་རྒྱའི་བཙོན་འཇུག་འོག་སྡུག་སྦྱོང་མནར་གཅོད་མྱངས་ཟིན་པའི་དོན་དམ་གྱི་ཆབ་སྲིད་བཙོན་པ་ཞིག་རེད།

མཐའ་དོན་དུ་སྐུ་ཞབས་དོན་འགྲུབ་དབང་ཆེན་གིས་གསུངས་པ་ལྟར་ཨོ་སི་ཀྲི་ལི་ཡའི་ནང་དུ་བཞུགས་པའི་བོད་མི་ཚོས་དུས་ནས་དུས་སུ་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེ། ལྷག་པར་དུ་གཞུང་གི་བདེ་སྲུང་དང་ཕྱི་འབྲེལ་ལས་ཁུངས་སོགས་ལ་འབྲེལ་བ་བྱེད་ནས་ཁོང་གི་སྐོར་ལ་སྙན་སེང་ཞུ་གལ་ཆེ།

https://www.youtube.com/watch?v=E-req6NZZ7k

བསམ་ཚུལ།

Post navigation

Previous Post: ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ངག་གི་འདོད་འཇོ།
Next Post: མཁར་འཕགས་ལ་བསྲིངས་པའི་སྐད་ཆ།

Comments (4) on “གཉིད་སད་པའི་དུས་ལ་སླེབས་འདུག རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་དང་ཀླུ་འབྱམས་ཀྱི་རྗེས་འབྲངས་པ་ཚོ།”

  1. བདེ་འཇགས་ཕོ་ཉ། says:
    2020-06-05 at 7:15 am

    རེད། མ་འཆུགས་ཐལ། ང་ཚོས་ཀླུ་མཁར་བྱམས་དང་ཀླུ་མཁར་བྱམས་ལྟ་བུ་འདི་རིགས་ཀྱིས་རྒྱ་གུང་ཁྲན་སོགས་ཀྱི་དངུལ་དངོས་ཟ་གི་ཡོད་མེད་ས་གནས་སོ་སོའི་འབྲེལ་ཡོད་ལ་ཡར་ཞུ་བྱས་ནས་རྐུན་ཇག་ཁྲམ་པ་གསང་མྱུལ་བ་འདི་རིགས་རྗེས་སོར་གཞའ་ས་བསྐུང་ས་མེད་ནི་ཟིག་ལ་བཏང་འཇོག

  2. བདེ་འཇགས་ཕོ་ཉ། says:
    2020-06-05 at 8:15 am

    https://www.youtube.com/watch?v=V0Iz7VqExlo

  3. ཚེ་བརྟན་འགྱུར་མེད། says:
    2020-06-06 at 12:00 pm

    བསྟན་འཛིན་པདྨ་ལགས་ནས་བོད་དོན་དུ་རང་དོན་རང་གཅེས་ཀྱི་འཁུར་བཞེས་ནས་རང་གི་གཉིད་དུས་བློས་བཏང་ནས་མཚན་གུང་དུའང་བོད་ཀྱི་གནས་ཚུལ་ལ་ཐུགས་ཞིབ་གནང་བར་ལེགས་གསོལ་ཞུ་རྒྱུ་ཡིན། ཡིན་ཀྱང་བོད་མི་ཚང་མ་ཁྱེད་ནང་བཞིན་ཡོང་རྒྱུ་དཀའ་གནས་ཡིན་པས་མི་ཆོས་གཙང་མ་བཅུ་དྲུག་གི་མཐའ་དེར་ཆོས་སྲིད་གང་ལའང་དཀའ་བ་དཔྱད་བཟོད་པའི་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་དང་ཅེས་པ་ནས་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པའི་ཐད་དགོངས་པ་བཞེས་ཐབས་མ་བྱུང་ན་སེམས་ཤུགས་ལ་བར་ཆད་ཡོང་ཉེ་ཆེ། དེ་མིན་ངས་བསམ་ཚུལ་ལྟར་རང་དོན་རང་གཅེས་ཀྱི་སེམས་ཤུགས་དེ་ལ་ཕར་རྒྱུ་ཡང་མེད་ལ་ཆགས་རྒྱུ་མེད་ཞུ་བ་ཞིག་དགོས་སྙམ།
    གནས་དོན་ཞིག་ལ་ངས་མོས་མཐུན་མེད། དེ་ནི་རང་བཙན་སྐོར་དེ་ཡིན། རང་བཙན་བརྩོད་མཁན་ཚང་མ་ཀླུ་མཁར་འབྱམས་དང་འཇམ་ནོར་ལ་ངོས་མ་འཛིན་རོགས། ནོར་འཕྲུལ་རེད་ལ་དབྱེ་འབྱོར་དུ་ཡང་འགྲོ་སྲིད། རང་བཙན་བརྩོད་མ་ཆོག་པ་སུས་ཀྱང་བཀའ་གནང་མེད། དམངས་གཙོའི་སྤྱི་ཚོགས་ནང་བསམ་ལོ་འདྲ་མིན་ཡོད་ཆོག་པའི་བཀའ་ཡང་ཡོད། མཐའ་བསྡོམས་དེ་དམངས་གཙོའི་སྲིད་གཞུང་ནང་དམངས་གཙོའི་ལམ་ལུགས་ལྟར་འགྲོ་རྒྱུ་མ་རེད་པས། ༸གོང་ས་མཆོག་ལ་མཚན་དམད་ཞུས་ན་མི་འགྲིགས། དེར་བརྟེན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་ཡོངས་བོད་རང་བཙན་ལྷན་ཚོགས་གཉིས་ནས་༸རྒྱལ་དབང་མཆོག་ལ་མཚན་དམད་ཞུས་པ་ཨེ་ཡོད། དམའ་ཐར་ཡང་སྐད་འབོད་སོགས་བོད་དོན་ལས་དོན་སྤེལ་བཞིན་མིན་འདུག་གས། ཁྱེད་རང་ལམ་དབུ་མར་དགོངས་བཞེས་གནང་མཁན་ཡིན་ན་འགྲིགས་འཐུས་། བློ་ཕམ་པ་ཞིག་ལ་བོད་ཀྱི་བདེན་མཐའ་གསལ་རྒྱུ་དེ་ཡང་༸གོང་ས་མཆོག་ལ་ཕལ་ཆེར་ཕུལ་ནས་དབུ་མའི་ལམ་གསལ་པའི་ཐབས་རྩོད་ཞུ་མཁན་མིན་འདུག་ཞུས་ནའང་མ་འཐུས་པ་མིན་འདུག ང་རང་བཙན་རྩོད་མཁན་ཡང་ཡིན་ལ་༸ཁོང་གི་བཀའ་དགོངས་ལའང་བརྒྱ་ཆ་བརྒྱ་མོས་མཐུན་ཞུ་མཁན་ཙམ་མ་ཟད་རང་བཙན་ཐོབ་པ་ལས་ལམ་དབུལ་མ་རྒྱལ་ན་དགའ་མཁན་དེ་ཡིན། མགོ་འཕྲུག་མེད་། རྨོངས་མེད། བེམ་པོ་ཡང་མིན། ཁ་བཤད་པ་ལས་དོན་དུ་མང་བ་འཁེལ་མཁན་དེ་ཡང་ཡིན་ནོ།།

  4. lobsang says:
    2020-06-12 at 5:58 am

    བསྟན་འཛིན་པདྨ་ལགས་དང་དོན་གྲུབ་དབང་ཆེན་གཉིས་ནས་ཀླུ་མཁར་གྱི་འགྲོ་འདུག་རང་དབང་འཕྲོག་རྩིས་ཡོད་པ་ལ་ཧ་ལས་མ་སོང་ཀྱང་ཀླུ་མཁར་ལས་ལྡབས་བཅུ་ལས་ཉེན་ཚབས་དང་ངེས་པ་དོན་གྱི་རྒྱ་དམར་གྱི་ལག་ཅ་ཨོ་སྟོབས་དམ་མཉམ་ལ་ཅི་འདྲ་བྱེད་རྩིས་ཡོད་དམ། སྐད་ཆ་དྲང་པོ་ཡིན་འདོད་སྟན་འདུག་དོན་དངོས་ཐོག་ཁྱེད་གཉིས་ལ་དྲང་ཚུགས་སྤུ་ཙམ་ཡང་མེད་པ་དང་རྒྱུ་ཡོད་དབང་ཆེན་ལ་འཐུག་སྐབས་བདེན་དོན་དང་ཁ་ཕོ་དང་རང་ཉིད་ཀྱང་རླག་འགྲོ་མཁན་གཉིས་ཡིན་པ་ད་ཐེངས་འདི་རུ་གསལ་སྟོན་གཙང་མ་བྱས་འདུག་པས་་་་་་ཁྱེད་གཉིས་ནི་སྒྱུ་མ་མཁན་དང་འཁྲབ་སྟོན་པ་རྫུན་མ་གཉིས་རེད་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme