Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉའ་ཁྲི་བཙན་པོ་བོད་རང་གི་མི་ཡིན་མིན་སྐོར།

Posted on 2010-05-092010-05-09 By དབང་ཕྱུག་ 9 Comments on གཉའ་ཁྲི་བཙན་པོ་བོད་རང་གི་མི་ཡིན་མིན་སྐོར།

ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོས།

དེ་རིང་ཁ་བརྡའི་དྲ་བར་སྒོམ་སྡེ་ལྷ་རམས་ཟེར་བ་ཞིག་ནས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་རྒྱ་གར་བའི་མི་ཞིག་ཡིན་པའི་སྒྲུབ་བྱེད་དུ་རྒྱུན་མཚན་ལྟར་སྣང་གསུམ་ཙམ་ཞིག་བཀོད་དེ་དགུ་ཐུག་སྐྱུར་མོ་ཞིག་བཀོལ་འདུག་པར་ཁོ་བོས་ཀྱང་སྐྱུར་མོ་དེ་བཏུང་འདོད་ཁྱོན་ནས་བྱུང་མ་སོང་ལ། ལན་ཞིག་མ་རྒྱབ་ནས་ཁ་རོག་སྡོད་ཤེས་མ་སོང་། མི་འདི་ལ་བོད་རང་གི་ལོ་རྒྱུས་ཀྱི་ལུང་འདྲ་བཤད་ན་ཁས་མི་ལེན་ཐག་གཅོད་རེད་འདུག གང་ལ་ཟེར་ན་མི་འདི་ནི་རྒྱ་གར་བ་ལ་ཧ་ཅང་གིས་མོས་གུས་ཆེ་བས་སོ།
དེ་ཡང་ཁོས་གཉའ་ཁྲི་བཙན་པོ་རྒྱ་གར་བ་ཡིན་པའི་སྒྲུབ་བྱེད་དང་པོ་ལ་༽མཛུབ་མོ་གནམ་ལ་ཀེར་བ་དེ་རེད། དེ་ལྟར་ན་སྟོན་པ་ཐུབ་པའི་དབང་པོ་ལུམ་ནིར་ཐོག་མར་སྐུ་འཁྲུངས་སྐབས་མཛུམ་མོ་གནམ་ལ་ཀེར་ནས་གོམ་པ་བདུན་དུ་བྱོན་པ་དེ་ཡང་སྐད་བརྡ་མ་འཕྲོད་པ་ཡིན་ནམ། དེ་བཞིན་ཧི་མ་ལ་ཡའི་དབུས་དཀྱིལ་ཀྱི་རྒྱལ་ཁབ་བལ་ཡུལ་གཅིག་རྒྱུར་གནང་མཁན་གྱི་བལ་རྒྱལ་པི་རི་ཐི་བི་ ནཱ་ར་ཡཱན་ཤ་ཡང་མི་ལོ་གསུ་བརྒྱ་ལྔ་བཅུའི་གོང་དུ་མཛུམ་མོ་གནམ་ལ་ཀེར་ནས་བལ་ཡུལ་མང་ཚོགས་ཀྱི་དབུས་སུ་ཕེབས་ཡོད་ལ། དེ་ཡང་རང་ཡུལ་གྱི་སྐད་བརྡ་མི་འཕྲོད་པ་ལ་བཞག་རྒྱུ་ཡིན་ནམ། རྒྱུ་མཚན་འདི་ཙམ་ཞིག་གིས་གཉའ་ཁྲི་རྒྱ་གར་བར་ཆགས་མི་ཐུབ། ཁོ་བོས་བལྟས་ན་མཛུམ་མོ་གནམ་ལ་ཀེར་བ་དེ་ནི་གཉའ་ཁྲི་བོད་ཁ་ཡ་དྲུག་གཅིག་རྒྱུར་གྱིས་སྤུ་རྒྱལ་བོད་ཅེས་ཐོག་མར་དབུ་མཛུགས་མཁན་དེ་ཡིན་པ་བཞིན། མཛུམ་མོ་གནམ་ལ་ཀེར་བ་ཡང་གཅིག་རྒྱུར་དགོས་པའི་མདའ་མཚོན་ཞིག་ཡིན་པར་བསམ། དེ་མིན་སངས་རྒྱས་ཤཱཀ་ཐུབ་ཀྱིས་ལུམ་བི་ཚལ་དུ་མཛུམ་མོ་གནམ་ལ་ཀེར་ནས་བྱོན་དུས་སྐད་བརྡ་མ་འཕྲོད་པ་རུ་ཆགས་ཉན་ཆེ།
གཉིས་པ་ནི༽ ཡུམ་བུ་བླ་སྒར་འཛུགས་སྐྲུན་བྱས་པ་དེ་རེད། དེ་དུས་བོད་ཡུལ་བྱིངས་ལ་བྲ་གུར་གྱི་ནང་དུ་སྡོད་པའི་སྲོལ་ལས། ཁང་ཁྱིམ་དུ་སྡོད་པའི་ལུགས་སྲོལ་མེད་ནའང་། རྒྱ་གར་བ་རྣམས་གནའ་བོ་ནས་ཁང་ཁྱིམ་སྡོད་ཅིང་། དེའི་འཛུགས་སྐྲུན་གྱི་སྲོལ་ཡང་ཤེས་པས་སོ། །
བོད་ལ་གནའ་དུས་ཁང་ཁྱིམ་མེད་པར་འདོད་མཁན་ནི་ཁྱེད་རང་ལྟ་བུ་ལས་བོད་རང་གི་མེས་པོའི་ཆོས་རྒྱུད་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་དང་དེ་བཞིན་དེང་རབས་མཚན་རིག་སྨྲ་བའི་ཆེས་མཐོའི་ཞིབ་འཇུག་པ། ཟུར་གནས་ཚོས་གནའ་དུས་བོད་ལ་ཁང་ཁྱིམ་སོགས་ཡོད་པ་ཁས་ལེན་ལེན་པ་རེད། ལར་ན་འདི་ལྟར་བཤད་པ་ཅི་འདྲའི་ལྐུགས་གཏམ་ཞིག་ཏེ། རྒྱ་གར་གྱི་“མཧཱ་བྷ་ར་ཏའི”ལོ་རྒྱུས་ནང་དུ་གསལ་བའི་གངས་ཅན་དེ་བོད་ཡིན་ཁུལ་བྱས་ན་ལོ་རྒྱུས་དེའི་ནང་བོད་ཡུལ་ལ་ཅི་འདྲའི་བསྟོད་པ་བྱས་པ་སྟེ་ལྷ་ཡི་ཡུལ་དུ་གཤེགས་ཞེས་བཤད་མི་འདུག་གམ།
ལྷ་ཡི་ཡུལ་ཡིན་ལ་འཚོ་ཆས་སྦྲ་གུར་ཙམ་ལས་མེད་པ་ཞིག་པ་ཞིག་ཏུ་བཞག་རྒྱུ་ཡིན་ནམ། ལྷ་ཡུལ་ནི་ཕྱི་ནང་ཚང་མས་གཅིག་མཚུངས་སུ་ཅི་འདོད་ཕུན་གསུམ་ཚོགས་པ་ཞིག་ཏུ་བཞག་ཀྱི་རེད། རྒྱུ་མཚན་བཤད་སྟང་འདི་ཚོར་བསམ་ཚེ་ཁྱེད་ནི་ཅི་འདྲའི་ཆོས་གཞན་ཞིག་རེད་འདུག ཐུབ་བསྟན་རྒྱ་གར་ནས་དར་བའི་རྒྱུ་མཚན་གྱིས་བོད་ཀྱི་སྣོད་བཅུད་ཡོད་དོ་ཅོག་རྒྱ་གར་ནས་བྱུང་བར་བཤད་པ་ནི་གཟུར་གནས་པ་སྨོས་ཅི་དགོས་བླུན་པོས་ཐོས་ནའང་བཞད་གད་ཤོར་ཉེན་ཆེ།
གསུམ་པ་ནི༽ ཁྱེད་ཀྱིས་ སྐྱ་སེང་བུ་ལྔ་གཡུལ་ལས་རྒྱལ་ཏེ་མཐར་“གཡུལ་བརྟན”གྱིས་རྒྱལ་སྲིད་བསྐྱངས་ནའང་། སྔར་གྱི་སྡིག་པ་ལ་ཡིད་ཕྱུང་སྟེ་हिमालय, ཧི་མཱ་ལ་ཡའི་རི་བོ་བརྒྱུད་དེ་ལྷ་ཡུལ་དུ་གཤེགས་པའི་ལོ་རྒྱུས་ཡོད་པ་དེ་རེད། དངོས་ཡོད་གནས་ཚུལ་ལ་“གཡུལ་བརྟན”ལྷ་ཡུལ་དུ་ཕྱིན་ཡོད་མེད་བཤད་པར་དཀའ་ཡང་། རི་བོ་གངས་ཅན་ཅན་གྱི་ཕྱོགས་སུ་བསྐྱོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པར་འདོད་དོ། །དེས་ན་སྐྱ་སེང་བུ་ལྔའི་བུ་རྒན་ཤོས་རྒྱལ་པོ་“ཡུ་དྷིཥ་ཊར”རམ་“གཡུལ་བརྟན”ཉིད་ངེད་ཅག་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་འདོད་དོ། །’འདི་ནི་ཅི་འདྲའི་གོང་འོག་ནང་འགལ་བྱུང་བའི་དཔྱད་པ་ཞིག་ཏེ་གོང་གི་སྒྲུང་ནང་ནས་འདི་ལྟར་བཤད་“གཡུལ་བརྟན”གྱིས་རྒྱལ་སྲིད་བསྐྱངས་ནའང་། སྔར་གྱི་སྡིག་པ་ལ་ཡིད་ཕྱུང་སྟེ་हिमालय, ཧི་མཱ་ལ་ཡའི་རི་བོ་བརྒྱུད་དེ་ལྷ་ཡུལ་དུ་གཤེགས་པར་བཤད། ཁོང་ལྷ་ཡུལ་གཤེགས་དོན་ནི་སྔར་གྱི་སྡིག་པ་ཡིད་ཕྱུང་བ་དང་རྒྱལ་སྲིད་སྐྱོང་བ་ཐང་ཆད་ནས་ལྷ་ཡུལ་དུ་གཤེགས་པར་བཤད་པ་དང་། འོག་ནས་ཁྱེད་ཀྱིས་སླར་ཡང་གང་ཟག་དེ་ཉིད་ཉོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་རྒྱལ་པོར་བྱས་ལུགས་བཤད་པས་སོ། ད་ལན་འདི་ཙམ་ལས་དུས་ཚོད་རྐྱེན་པས་འཇུག་མཚམས་འཇོག་དགོས་བྱུང་སོང་བས་ཚིག་ཐལ་དྲགས་པ་འདྲ་ཡོད་དགོངས་དབྱིངས་སུ་མི་འཇོག་པར་ཞུ།

དཔྱད་རྩོམ།

Post navigation

Previous Post: ང་དུས་བབ་ཚང་ནས་ཕྱིར་འཕུད་བཏང་ཡང་འགྲིག་གི་ཡོད།
Next Post: ཁམས་སྐྱེ་རྒུ་མདོར་རོགས་སྐྱོར་ལ་ཕེབས་མཁན་བུད་མེད་ཅིག་གི་སེམས་གཏམ་སྐྱུར་མོ།

Comments (9) on “གཉའ་ཁྲི་བཙན་པོ་བོད་རང་གི་མི་ཡིན་མིན་སྐོར།”

  1. མེ་ཏོག་དཀར་པོ། says:
    2010-05-09 at 12:31 pm

    ཆོས་འཁོར་ཚང་། ངས་ཀྱང་དེའི་སྐོར་བསམ་ཚུལ་ཁ་ཤས་མཆན་ནང་བཀོད་ཡོད། གཡུལ་བརྟན་བོད་དུ་སོང་བ་སྐྱ་གསེང་གི་གཏམ་བརྒྱུད་ལ་ཁུངས་བཏུག ། གཉའ་ཁྲི་རྒྱ་གར་བ་ཡིན་པ་འཇམ་དཔལ་རྩ་རྒྱུད་ལ་སྐྱབས་བཅོལ། རྒྱུ་མཚན་སོ་སོ་བ་གཉིས་བཙན་སྦྱོར་བྱས་ཏེ་གཡུལ་བརྟན་དང་གཉའ་ཁྲི་དོན་གཅིག་ཡིན་ཞེས་སྐད་གསང་མཐོན་པོས་བསྒྲགས་འདུག །གང་ལྟར་ཆེད་རྩོམ་དེ་ལས་འཕྲོས་པའི་བགྲོ་གླེང་ལས་ཁེ་བཟང་ཡོད་པ་ཞིག་ཚང་མས་གནང་དགོས།

  2. ཀརྨ་རྡོ་རྗེ་ says:
    2010-05-09 at 2:02 pm

    མིང་གི་རྣམས་གྲངས་སུ་སྤོ་བོའི་ཡུལ་གྱི་བྱ་མོ་བཙུན་དང་། སྤོ་ཡུལ་མོ་བཙུན་གུང་རྒྱལ་ལམ་ཡུམ་ཁྲི་རྒྱལ་བ་དང་། ཡབ་དྲི་མུ་ཏྲི་བཙན་གྱི་སྲས་སུ་གཉའ་ཁྲིའམ་ཁྲི་ཉག་ཁྲི་འཁྲུངས་ཤིང་། ཡབ་དེ་ཡང་རྒྱལ་ཕྲན་ཅིག་གི་མངའ་བདག་ཡིན་ངེས་སོ།

  3. མདའ་ཚན་ཚེ་རིང says:
    2010-05-09 at 3:42 pm

    འདི་ལྟར་ཨུ་ཚུགས་ཀྱིས་རྒྱ་གར་ལ་ཁུངས་བཅོལ་དགོས་པ་འདི་དད་སེམས་ཅིག་ཡིན་ནམ་ཞེན་ཁོག་ཅིག་ཡིན

  4. གཅན་དགྲ་ནག་པོ། says:
    2010-05-09 at 8:09 pm

    རྩོམ་འདི་ཞིབ་མོས་ཐེངས་གཅིག་བྐླགས་པ་ཡིན་རུང་གོ་རྒྱུ་དམིགས་བསལ་མི་འདུག
    གལ་སྲིད་སྒོམ་སྡེ་ལྷ་རམས་པའི་རྩོམ་དེ་ལ་དགག་ན་། དཔེ་ཁུངས་དང་ལོ་རྒྱུས་ཚན་རིག་གཉིས་ཀའི་ཐོག་ནས་དགག་ཐུབ་པ་ཞིག་དགོས་རེད། སྒོམ་སྡེའི་གཙོ་བོ་དཔེ་ཁུངས་ལ་བཅོལ་འདུག
    འདི་གཉིས་ཀ་མ་ཐུབ་པར་སེམས་ལ་དྲན་ཚན་འདྲ་ཞིག་བཤད་ན་དེ་ལ་དཔེ་ཁུངས་དང་ལོ་རྒྱུས་ཚན་རིག་གཉིས་ཀའི་ཕྱོགས་ནས་འཇུ་ས་མི་འདུག་ཟེར་རྒྱུ་ཡིན། རྩོམ་འདི་ཁུངས་དང་རིག་པ་གཉིས་ཀས་སྟོང་བ་ཞིག་གོ།
    འདི་ལས་སྒོམ་སྡེ་ལྷ་རམས་པའི་རྩོམ་གྱི་མཆན་རྣམས་བྐླགས་ན་དེ་ཚོའི་ཁྲོད་ན་བསམ་ཚུལ་ངར་མ་དེ་འདྲ་འདུག དཔེར་ན།
    མགོན་པོ་ཕྱག་གཉིས་པའི་མཆན་བུ་འདི་ལྟ་བུའོ།

    (ལོ་རྒྱུས་ཀྱི་ལུང་ཚིག་རྙིང་པ་འགའ་ཤས་ཤིག་སྐྱར་ཟློས་ཡང་ཟློས་བྱས་བསྡད་ན་ཡིད་སུན། འདི་དག་སྔོན་གྱི་དུས་སུ་ལོ་རྒྱུས་ཀྱི་གྲངས་སུ་བགྲང་འོས་ཀྱང་ད་ལྟ་ནི་དེ་ལྟ་མ་ཡིན་ནོ།
    གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ལ་བཤད་ཚུལ་མང་པོ་ཞིག་ཡོད་པའི་ནང་ནས། ཅུང་ཟད་ཁ་གསལ་ཞིང་ཞིབ་ཚགས་པ། ཡིད་ཆེས་རྙེད་ཐུབ་པ་ནི་སྤོ་བོ་ནས་ཡོང་ཚུལ་བཤད་པ་དེ་རེད
    དེའི་ཁུངས་གཙོ་བོ་ནི། དུས་རབས་བཅུ་གཉིས་པའི་ནང་བརྩམས་པའི་ ་་མཁས་པ་ལྡེའི་ཆོས་འབྱུང་།་་ དང་ ་་ཡུམ་བུ་བླ་སྒང་གི་དཀར་ཆག་་ སོགས་ཡིན་པ་དང་། ད་ལྟའི་ལོ་རྒྱུས་སྨྲ་བ། ཆབ་སྤེལ། ཐུབ་བསྟན་ཕུན་ཚོགས། རྒྱལ་མོ་འབྲུག་པ་སོགས་ཀྱང་འདི་ཉིད་གཙུགས་སུ་འཛིན།
    དེ་ལ། ཕ་ཡུལ། ཕ་མིང་། སྤུན་མཆེད་ཀྱི་གྲངས། མི་ཡི་རང་བཞིན། ཇི་ལྟར་མཐར་སྐྲོད་བྱས་པ། མཐར་སྐྲོད་བྱེད་མཁན། ས་ཆ་གང་དང་གང་བརྒྱུད་ནས་ཡོང་བ། (གཤེགས་རབས་ཉེར་བདུན) གསལ་བོར་བཀོད་ཡོད་པ་རེད།

    རྒྱ་གར་ནས་ཡོང་བར་བརྗོད་པ་དེར། ནང་ཁུལ་དུའང་མི་མཐུན་པ་མང་དུ་འདུག་ལ། ས་ཆ་གང་ནས་ཡོང་བ་དང་། དུས་ཚོད་ནམ་ཡོང་བ་སོགས་ཞིབ་ཏུ་བཤད་རྒྱུ་མེད་པ་རེད། རྒྱ་གར་ནས་ཡོང་པ་ཡིན་ནའང། མི་གཅིག་ཁེར་རྐྱང་དུ་ཡོང་མི་སྲིད་པར་དཔུང་ཚོགས་ཤིག་དང་མཉམ་ཡོང་མེད་ན་རྒྱལ་ཁྲིར་འདུག་ཐུབ་རྒྱུ་མིན་པ་རེད། དེ་ལྟར་ཡིན་ན། དཔུང་ཚོགས་དེ་ལ་དེའི་ཆོས་ལུགས། གོམས་སྲོལ། སྐད་ཡིག ཡི་གེ། སྒྱུ་རྩལ་གྱི་རིགས་ངེས་པར་ཡོད་དགོས་པ་མ་ཟད། དེ་དག་གིས་དབང་སྒྱུར་བྱ་ཡུལ་གྱི་ཁྱབ་ཁོངས་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་དགོས་པ་རེད། དེར་མ་ཟད། དེའི་རྗེས་ཤུལ་མང་པོ་ཞིག་ད་ལྟ་ཡིན་ནའང་ངོས་འཛིན་རྒྱུ་ཡོད་དགོས་པ་རེད། དེ་འདྲ་ཟུར་ཙམ་ཞིག་ཀྱང་བཤད་རྒྱུ་མི་འདུག )

    (ས་ཆའི་ཆ་ནས་བཤད་ན། ཐོག་མར་ལྷ་རི་གྱང་མཐོར་སླེབས་པ་དང་། དེ་ནས་ཡར་ལུང་དུ་བྱོན་པ་གཉིས་ཕལ་ཆེར་བཤད་ཚུལ་མི་མཐུན་པ་ཁག་ཁ་མཐུན་པ་འདྲ། ཁུངས་སྤོ་བོ་ཡིན་པར་བཤད་མཁན་ཚོར་གཉའ་ཁྲིའི་བྱོན་རིམ་བཤད་རྒྱུ་ཡོད་པ་དང་། རྒྱ་གར་ལ་ཁུངས་གཏུག་མཁན་ཚོར་དེ་མེད་པ་རེད།
    ཁྱེད་ཀྱིས་གཉའ་ཁྲིའི་ཁུངས་གཡུལ་བརྟན་ལ་བཅོལ་རྒྱུ་ཡིན་ན། མ་མཐའ་ཡང་གཡུལ་བརྟན་གྱི་སྡོད་གནས་རྒྱ་གར་གྱི་ས་ཆ་ག་པ་ཞིག་ཡིན་པ་དང་། དུས་ཚོད་ནམ་ཞིག་ཡིན་པ། དེ་ནས་ས་ཆ་དང་དུས་ཚོད་སོགས་ཀྱི་ཐོག་ནས་ཡུལ་ཡར་ལུང་དང་གཉའ་ཁྲིར་གཏུགས་མ་ཐུབ་ན་དེ་ནི་ཁུངས་མེད་རེད། ལུང་སྐམ་སྤར་མོ་གང་བྱིས་པས་རྩེད་རྡོ་བསྒྲིགས་བསྒྲིགས་བྱས་པ་ཙམ་ལས་མི་འདུག་ན། མང་དུ་སྨྲས་ན་དགོས་པ་ཆུང་བས་ཁ་བཙུམ་ནས་སྡོད་གི་ཡིན།
    གནམ་ལ་མཛུབ་མོ་ཀེར་ཟེར་བ་དེ་བཤད་ཚུལ་གཅིག་རེད།
    གཞན་པ་ཞིག་ནི། གང་ནས་འོངས་དྲིས་པས། ་་ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིནཟེར་བ་དང་། ད་བོད་ལ་འགྲོ། འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་དྲིས་པས། ང་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་ཡུལ་མི་རྣམས་ཀྱིས་བཤུགས་པ་ཡིན་་་ ཟེར་བ་ལྟ་བུ་རེད།
    བོད་ཀྱི་ཡིག་རྙིང་མང་པོ་ཞིག་ཞལ་མཐུན་པར་བོད་ཡུལ་ནས་བྱུང་བར་བཤད།
    ༡ ཏུན་ཧོང་ཡིག་རྙིང་།
    ༢ ཀོང་པོ་དེ་མོ་ཁུལ་དུ་ཡོད་པའི་བྲག་བརྐོས་ཡི་གེ།
    ༣ དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་།
    ༤ ལྡེའུ་ཆོས་འབྱུང་།
    ༥ ཡམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ།
    ༦ ད་ལྟའི་ལོ་རྒྱུས་སྨྲ་བ་གོང་དུ་བཀོད་པ་དེ་ལ་སོགས་པའོ།
    ནང་ཆོས་བོད་དུ་དར་བ་ནས། ལུང་དུམ་རེ་ལ་གཞི་བཅོལ་ཏེ་བོད་ཀྱི་རྒྱལ་པོའི་ཁུངས་ཀྱང་རྒྱ་གར་འཕགས་པའི་ཡུལ་ལ་བཅོལ་ཐབས་དང་། ལྷག་པར་དུ་ཤཀྱའི་རྒྱུད་ལ་གཏུགས་ཐབས་ལྷུར་བླངས་ནས། ལོ་རྒྱུས་ཀྱི་གདོང་རིས་ངོ་མ་ལ་རྩིས་གཡོགས་པ་གསལ།)

  5. ལྷགབསམ་རྒྱ་མཚོ། says:
    2010-05-09 at 8:58 pm

    གཉའ་ཁྲིའི་ཡབ་ཡུམ་ཆ་ཚང་འཁོད་པའི་ལོ་རྒྱུས་གོང་དུ་དྲངས་པ་དེ་ཙམ་ལས་མེད། ལོ་རྒྱུས་སྨྲ་བ་མང་པོས་སྤོ་བོ་ནས་བྱོན་པ་ཙམ་ལ་ཁུངས་བཅོལ་ནས་བོད་མི་ཡིན་ཚུལ་སྒྲུབ་པ་ནི། གོང་ས་མཆོག་རྒྱ་གར་ནས་ཨ་རི་ལ་བྱོན་པས་རྒྱ་གར་བ་ཡིན་ཟེར་བ་དང་གཉིས་སུ་མ་མཐོང་། ཕ་མའི་མིང་ཡང་བོད་མིས་ཕར་བཏགས་པ་ཡིན་མིན་བཤད་དཀའ། དཔེར་ན་རྒྱ་གར་དང་། རྒྱ་ནག མནྫུའི་རྒྱལ་རབས་བཅུ་ཡི་མིང་སོགས་བོད་མིས་ཕར་བཏགས་པ་ལས་མི་རིགས་དེ་ལ་རྒྱུས་མེད་པས་སོ། །དེ་ཕྱིར་གཉའ་ཁྲི་བོད་ཡིན་ན་ཤིན་ཏུ་ལེགས། དེའི་ལོ་རྒྱུས་བཙན་སྒྲིགས་མིན་པའི་ཁུངས་ལྡན་གང་མང་འདྲེན་རྒྱུ་གལ་ཆེ། གོང་དུ་བཤད་པའི་ལོ་རྒྱུས་ཙམ་གྱིས་ཡིད་ཚིམ་པར་མི་བྱའོ།

  6. གཅན་དགྲ་ནག་པོ། says:
    2010-05-09 at 9:11 pm

    གཉའ་ཁྲི་བཙད་པོ་བོད་ཀྱི་ཡུལ་མི་ཁེ་གཙང་མིན་ན་ངོ་ཚ་དགོས་ཡོད་མ་རེད། ལོ་རྒྱུས་ཚན་རིག་པ་ཚོས་བརྟག་དཔྱད་བྱས་བར་གཞིགས་ན། ལྷོ་ཤར་ཨེ་ཤེ་ཡའི་མི་རྒྱུད་ཚང་མ་དཀྱིལ་ཤར་ཨེ་ཤེ་ནས་ཚུར་མཆེད་པ་རེད།
    མིའི་རིགས་ཀྱི་མཆེད་ཁུངས་ཨ་མ་དེ་ཡང་ཕར་གཏུགས་ན་ཨ་ཧྤེ་རི་ཀ་རེད།

  7. མི་རྐང་གླིང་བུ། says:
    2010-05-10 at 10:15 am

    གཅན་དགྲ་ནག་པོ་ལགས། ཁྱོད་རང་གི་ཨ་མྱེ་དེ་ཨ་ཧྥེ་རི་ཀ་ནག་རིལ་ཞིག་ཡིན་རྒྱུ་རེད། བསམ་མནོ་ཐོངས་ནས་སྐད་ཆ་ཤོད།

  8. མེ་ཏོག་དཀར་པོ། says:
    2010-05-10 at 11:48 am

    གཉའ་ཁྲི་རྒྱ་གར་ཡིན་རུང་མ་ཡིན་རུང་། །
    མི་རྐང་གླིང་བུས་བཤད་རུང་མ་བཤད་རུང་། །
    གཅན་དགྲ་ནག་པོའི་ཨ་ཕ་ནག་པོ་རེད། །
    དེ་ཡི་དཔང་རྟགས་མིང་གི་ཟུར་ན་གསལ། །

  9. ཕྲིན་ལས་རྒྱལ་པོ། says:
    2010-05-20 at 12:31 pm

    ཧ་ཅང་ཡག་པོ་འདུག ད་དུང་མུ་ཐུད་ཡིན་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme