Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉན་པོ་གསང་བ།

Posted on 2011-01-12 By དབང་ཕྱུག་ 7 Comments on གཉན་པོ་གསང་བ།

མྱི་ལྟིག

༡

བཙུན་ཡག་མ་ཞིག་གིས ཇོ་སྒར་གྱི་ཡང་སྟེང་ནས
དངན་པ་ཞིག་འཐེན་ཞོར་མཁར་རྔ་རྡུང
“སྤྲུལ་སྐུའི་བརྩེ་གླུ”གསལ་ལ་མི་གསལ་ཞིག
མིག་ཆུ་དང་མཉམ་དུ་འདུ་ཁང་གི་སྟེང་ནས་ཟགས
རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས གང་སར་ཁྱབ

༢

སུམ་མདོ་ན་”ཀེ་རེམ”རྩེད་ཀྱིན་པའི་གྲྭ་བ་ཞིག་གི་་་་
རྣ་བར་ལྗིད་ཏིག་གེར་ལྷུང ཉིན་འགའ་འགོར་རྗེས
ཇོ་མོས་”མི་ཉན་”ཟེར གྲྭ་བས”མི་སྐྱོན”ཟེར
གློ་བུར་དུ་”མི་ན་ལིའི”ཁོར་ཡུག་སྐྱིད་རབས་ཟེར

༣

ཉིན་ཞིག སྔར་བཞིན་སྤྱད་ཚར་རྗེས
ཇོ་མོས”མི་ཉན་ཐག་རིང་ཞིག་ཏུ་བུད་འགྲོ”ཟེར
གྲྭ་བས་”མི་སྐྱོན་འུ་གཉིས་དང་འདྲ་མཁན་མང”ཟེར
དེ་ལྟར དུས་ཚོད་ཀྱིས་སུ་ལའང་མ་སྒུག་པར”ཐག་ཐག”འཁོར
ཇོ་མོར་ཡི་ག་མི་འདུག་མོད སྐྱུར་རིགས་ལ་དགའ་མཁན་ཞིག་ཏུ་གྱུར་ཚར་འདུག
སྨན་པས་ཧ་ཅང་གཟབ་ནན་གྱིས”འདི་དཔེ་སྲིད་དམ”ཟེར།

2010.9.16ཉིན་ནོར་གླིང་དུ་བྲིས།

སྙན་ངག

Post navigation

Previous Post: གཅིན་པ་ལངས་ནས་གཏོང།
Next Post: ཟླ་དང་པོའི་ཚེས་གཉིས་ཉིན་གྱི་བཀའ་ཁྲིའི་འོས་མིའི་བགྲོ་གླེང་ལ་ཉན་པའི་ཚོར་སྣང་།

Comments (7) on “གཉན་པོ་གསང་བ།”

  1. མེ་ཏོག་དཀར་པོ། says:
    2011-01-12 at 1:19 pm

    མིག་ཤར་ཞིག་བྱས་ཡིན། སྙན་པོ་ཚོར་སོང། ཡིན་ནའང་བཀའ་སྐྱོན་གནང་མཁན་མང་པོ་ཡོང་གི་རེད་པས་རྣ་བ་ཐུག་ཙམ་བྱོས་ཨ་ཕ་བཟང་གི་བུ།

  2. མེ་ཏོག་དཀར་པོ། says:
    2011-01-12 at 1:20 pm

    སྨན་པ་དེ་ལྐུགས་པ་ཞིག་ཡིན་ན་ཐང་། གཞན་དེ་འདྲ་སྔ་མོ་སྲིད་སྲིད་པ་རེད།

  3. མྱི་རྒོད། says:
    2011-01-12 at 3:31 pm

    གཟབ་གཟབ་བྱོས་མ་གཏོགས་སྒྲོལ་མ་གླིང་གི་དམག་ཡོང་གི་རེད་ད

  4. དབང་འདུས། says:
    2011-01-12 at 3:43 pm

    མྱི་ལྟིག་རང་གི་མྱོང་བ་ཡིན་ཚོད་འདུག གནས་ཚུལ་གང་ཞིག་ཡིན་རུང་རང་ལ་ཉམས་མྱོང་ཡོད་ན་ཉམས་འགྱུར་ཕུན་སུམ་ཚོགས་པ་ཞིག་ཏུ་འགྲོ་ངེས་འདུག ད་དུང་ཁྱེད་ཀྱི་མིང་ཡང་བསྒྱུར་ནས་མི་སྡིག་ཅེས་བྲིས་ན་མིང་དོན་མཚུངས་པར་འདུག

  5. རྭ་འཕྲིན་བཟང་ says:
    2011-01-12 at 6:17 pm

    ད་དུང་དེའི་ག་ལ་ཚད། མི་ན་ལིའི་སྐྱེལ་ཚལ་ནས། ཨ་ནེའི་ཡིས་འཚངས་དབྱངས་རྒྱལ་མཚོའི་མགུར་གླུ་འགའ་དབྱང་ལ་བགུག་དེ། གཉོམ་དུང་དུང་་་ཤར་ཕྱོགས་རི་བོའི་རྩེ་ནས། དཀར་གསལ་ཟླ་བ་ཉི་མ་ཤར་བྱུང། མཚན་ལྡན་བླ་མའི་ཞལ་རེས་ཡིད་ལ་ཡང་ཡང་འཁོར་བྱུང། ཞེས་ཕན་ཚུན་ལ་ཐེག་ཉེ་རུ་ཕྱིན། སྤྲུལ་སྐུའི་སྙིང་ཆུང་ལྡིག་ལྡིག་ཨ་ནེའི་ཕྱག་ལ་འཇུས། ཨ་ནེས་ཀྱི་རྣ་བར་གློ་བུར་དུ་འདུལ་ཁྲིམས་ཀྱིས་ཅོང་བརྡའ་ཞིག་གྲག། དེ་མ་ཐག་ཨ་ནེ་ཡི་ངོ་གདོང་དམར་པོར་གྱུར་དེ། འདུལ་པའི་ས་བཅད་རེ་རེ་དྲེང་འདྲེན་བྱེད་མགོ་རྩམ། སྤྲུལ་སྐུའི་ཅི་མི་མཉམ་པར་འདུལ་བ་ཡུལ་དུས་དང་བརྟུན་ཚུལ་དང་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་། རྒྱག་ལན་མདོར་བསྡུས་ཞིག་གནང

  6. ཚྭ་སྒང་ཕོ་ཉ། says:
    2011-01-12 at 11:17 pm

    ཨ་ལོག་དེ་དང་གྲྭ་ལོག་དེ་གཉིས་སྙིང་རྗེ་དྭ་དངོས་གནས་འགྲོ་ས་ནི་ནོར་གླིང་ཙམ་ལས་གཞན་མེད་ཡ།
    ད་དུང་ས་རྭ།

  7. ཁ་བའི་གྲང་ངར། says:
    2011-01-13 at 3:10 am

    རང་རེའི་སྤྱི་ཚོགས་སུ་བོད་དབྱིན་དུ་སྙན་ངག་འབྲི་མཁན་ཇེ་མང་དགོས་པའི་འཚོར་བ་ཤུགས་ཆེ་མཆིས། ཉིད་ལ་བསྔགས་བརྗོད་ཡོད། མུ་མཐུད་སྤེལ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme