Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་སྐྱིད་ཀྱི་ཨ་ནི་སྙིད་མོ།

Posted on 2017-11-222017-11-22 By ཁང་གསར་རྡོ་རྗེ་ 32 Comments on གངས་སྐྱིད་ཀྱི་ཨ་ནི་སྙིད་མོ།

 ཁང་གསར་རྡོ་རྗེ།

 

དེང་སང་རྡ་ས་དང་། དེའི་ནང་ནས་ཀྱང་གངས་ཅན་སྐྱིད་གཤོངས་སུ། ཨ་ནི་སྙིད་མོའི་སྐོར་ལབ་གླེང་བྱེད་བཞིན་འདུག །
ཨ་ནི་སྙིད་མོ་ནི་བོད་ཀྱི་གཏམ་བརྒྱུད་གྲགས་ཅན་སྣང་ས་འོད་འབུམ་ནང་གི་བུད་མེད་མི་སྣ་ཞིག་རེད། མོས་རང་གི་ཁེ་ཕན་གྱི་ཆེད་དུ་དཔོན་པོ་སྒྲ་ཆེན་དང་། སྲས་གྲགས་པ་བསམ་གྲུབ། སྣང་ས་འོད་འབུམ་བཅས་ཀྱི་བར་དུ་དབྱེན་སྦྱོར་དང་དཀྲུག་ཤིང་བརྒྱབ་སྟེ་མཐར་སྣང་ས་འཆི་ལམ་དུ་བསྐྱལ་བ་དང་། སྣང་སའི་སྲས་ལྷ་བུ་དར་པོ་ད་ཕྲུག་ཏུ་བསྒྱུར། བོད་མི་ཚོས་གཏམ་བརྒྱུད་འདི་བོད་ལ་དངོས་སུ་བྱུང་བར་ཡིད་ཆེས་བྱེད་པ་མ་ཟད། ཨ་ནི་སྙིད་མོ་ནི་དབྱེན་སྦྱོར་དང་དཀྲུག་ཤིང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ངམ་སྤྱི་ཚོགས་དཀྲུག་མཁན་གྱི་ཚབ་མཚོན་མི་སྣ་ཞིག་ཏུ་ངོས་འཛིན་བྱེད།

འོ་ན། དེང་སང་མི་ཚོས་གླེང་གིན་པའི་གངས་སྐྱིད་ཀྱི་ཨ་ནི་སྙིད་མོ་དེ་སུ་རེད་དམ་ཟེར་ན། དེ་ནི་གཞན་མ་ཡིན་པར། མི་རིང་བའི་གོང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་པར་རང་གི་ལོ་གྲངས་མ་ཤེས་ཁུལ་དང་བརྗེད་ཁུལ་བྱས་ཏེ། བཀའ་བློན་གྱི་གོ་གནས་ཉིན་གཅིག་རང་ཐོབ་མྱོང་བའི་བུད་མེད་དེ་རེད།
བུད་མེད་དེས། ད་རེས་ཨ་རིའི་དོན་གཅོད་སྤེན་ཚེ་གནས་དབྱུང་གི་ཐད་དུའང་། ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད། ཇི་ལྟར་བཏོན་ཡོད་ཟེར་ན། མོས་སྲིད་སྐྱོང་གི་མདུན་ལ་བཅར་ཏེ། དོན་གཅོད་སྤེན་པ་ཚེ་རིང་གིས་མོ་རང་ལ་སེམས་ཐག་ཉེ་ཉེའི་ངང་བཤད་པའི་སྐད་ཆ་ཇི་བཞིན་ནམ་ཇི་བཞིན་མ་ཡིན་པར་བརྗོད་དེ། ཁོང་གཉིས་ཀྱི་དབར་དུ་དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་ཅིང་། དེ་ནས་གཞན་གྱི་ལག་ཆ་རང་བྱས་ཏེ། བྱང་ཨ་རིའི་དོན་གཅོད་ཀྱིས་སྙན་ཐོ་དུས་ཐོག་མ་ཕུལ་རབས་དང་། བརྩི་འཇོག་མ་བྱས་རབས་སོགས་བཀའ་ཤག་ལ་སྙན་སེང་རིམ་པར་ཞུས། དེའི་འབྲས་བུར་དེ་རིང་གི་གནས་སྟངས་ཏེ། བོད་མིའི་སྤྱི་ཚོགས་ཞོ་ལྟར་ཆགས་བཞིན་པ་དེ་ཁྲག་ལྟར་དཀྲུག་ཅིང་། ད་ཆ་བོད་མིས་བོད་ཀྱི་སྲིད་སྐྱོང་ལ་ངོ་རྒོལ་སྐད་འབོད་བྱེད་དགོས་པའི་གནས་སྟངས་ཡ་ང་བ་འདི་བྱུང་བ་རེད། འདི་ཆ་ཚང་མོ་གཅིག་པུར་ཐུག་པ་ཞིག་མིན་རུང་། དེའི་ཁྲོད་དུ་མོས་སུ་གང་གིས་ཀྱང་འདོན་ཐུབ་མི་སྲིད་པའི་ནུས་པ་བཏོན་ཡོད་རེད།

སྲིད་སྐྱོང་གི་ངོས་ནས་ཨ་ནི་སྙིད་མོ་ལ་དོན་དུ་སེམས་ཁུར་དང་གཅེས་སྐྱོང་གནང་གི་ཡོད་མེད་ནི། ད་རེས་བཀའ་ཤག་གི་གསལ་བཤད་ནང་། ཨ་ནི་སྙིད་མོས་དཀྲུག་ཤིང་བརྒྱབ་པ་དེ་མངོན་གསལ་གྱིས་བརྗོད་དགོས་དོན་རྩ་བ་ནས་མེད་ཀྱང་། བཀའ་ཤག་ལ་བཤད་རྒྱུའི་རྒྱུ་མཚན་གྱིས་ཕོངས་པ་ལྟ་བུས་ཆེད་མངགས་”བཀའ་བློན་འོས་མི་བུད་མེད་ཅིག་ལ་”ཞེས་ནོར་ས་དང་འཁྲུལ་ས་ཅི་ཡང་མེད་པར་མང་ཚོགས་ལ་མོ་རྩིས་སྤྲད་པ་དེ་ནས་མཐོང་ཐུབ།

མི་ཚོས་ད་རེས་སྲིད་སྐྱོང་གིས་དེ་ལྟར་གནང་བའི་རྒྱུ་མཚན་ནི། མདའ་གཅིག་གིས་རི་བོང་གཉིས་བསད་པ་སྟེ། མ་འོངས་པར། སྲིད་སྐྱོང་གི་འོས་མིར་ལངས་སྲིད་པ་མ་ཟད་ཐོབ་ཀྱང་སྲིད་པའི་མི་སྣ་གཉིས་ཏེ། ཤར་གླིང་ཟླ་སྒྲོན་དང་སྤེན་པ་ཚེ་རིང་གཉིས་ཀ་ནག་པོ་བཟོས་ཏེ། རང་གི་རྗེས་འཛིན་མི་སྣར་ལམ་ཁ་བདེ་བོ་ཞིག་བསྐྲུན་པར་ངོས་འཛིན་བྱེད་ཅིང་མཆིས།


ཞིབ་འདང་རེ་བརྒྱབ་ན། སྤེན་པ་ཚེ་རིང་གིས་མོ་ལ་དོན་དམ་དུ། སྲིད་སྐྱོང་དང་མཉམ་དུ་ལས་ཀ་བྱས་ན་སོ་སོའི་མདུན་ལམ་བརླག་གི་རེད་ཅེས་ཉེན་བརྡ་བཏང་ཡོད་ཀྱང་རུང་མེད་ཀྱང་རུང་། མོ་རང་གིས་ཉེན་བརྡ་བཏང་བྱུང་ཞེས་བཤད་པ་དེ་ཇི་མ་ཇི་བཞིན་བྱུང་ཟིན་པ་མ་ཟད། གང་བྱུང་བའི་གྱོང་གུན་དེ་མོ་རང་གི་ཚེ་གང་འཁྱེར་དགོས་པ་ཞིག་རེད། ཡིན་ནའང་མང་ཚོགས་ཀྱི་མདུན་དུ། ཆུས་འཁྱེར་རྐྱལ་རློམ་ངང་ད་དུང་དཔོན་པོ་སྒྲ་ཆེན་གྱི་ཆེ་མཐོང་དང་བརྩེ་དུང་ཡོད་ཁུལ་གྱི་ཨ་ནི་སྙིད་མོ་ལྟར་མ་བྱས་རང་བྱས་རེད།། །།

བསམ་ཚུལ། Tags:ཤར་གླིང་ཟླ་སྒྲོན།

Post navigation

Previous Post: མདའ་མོ་འཕེན་འདོད་རེད་དམ། གཞུ་མོ་གཅོག་འདོད་རེད། ཨཱ།
Next Post:  ཨ་ཇོ་བསོད་ནམས་སྟོབས་རྒྱལ།    ཁག་གཉིས་པ།

Comments (32) on “གངས་སྐྱིད་ཀྱི་ཨ་ནི་སྙིད་མོ།”

  1. ཇོ་སྲས་ངག་དབང་། says:
    2017-11-22 at 10:46 pm

    ཨ་ནེ་སྙིད་མོ་ཤར་གླིང་ཟླ་སྒྲོན་དཀྲུགས་རྒན་མ་མྭོ་ཏ་པ་མོྭ་ཏ་པ།

  2. ཀརྡོ་རབ་འབྱམས་པ་ says:
    2017-11-22 at 11:15 pm

    ་་་་་་་་་ མ་འོངས་པར། སྲིད་སྐྱོང་གི་འོས་མིར་ལངས་སྲིད་པ་མ་ཟད་ཐོབ་ཀྱང་སྲིད་པའི་མི་སྣ་གཉིས་ཏེ། ཤར་གླིང་ཟླ་སྒྲོན་དང་སྤེན་པ་ཚེ་རིང་གཉིས་ཀ་ནག་པོ་བཟོས་ཏེ། ་་་་་་་་་
    ་
    ་་་་་་་་བརྩི་འཇོག་མ་བྱས་རབས་སོགས་བཀའ་ཤག་ལ་སྙན་སེང་རིམ་པར་ཞུས། ་་་་་་
    འདི།
    བརྩི་འཇོག་མ་བྱས་རབས་སོགས་བཀའ་ཤག་ལ་སྙན་གསན་རིམ་པར་ཞུས།
    ལ་བཅོས་དགོས།

  3. ཁ་བ་རི་བ་ says:
    2017-11-22 at 11:53 pm

    ཡ་ཡ་ད་ཡིན་ན་སྤེནཚེའི་མི་གཤིས་ཚང་མ་ཧ་གོ་སོངས་།བདེ་ཆོས་སྨྱོ་རྒྱུག་འཟའ་རྒྱུག་དེའང་ཁོའི་ཆོ་འཕྲུལ་ཡིན་པ་གོར་མ་ཆག་།ཤར་གླིང་ཟླ་སྒྲོལ་ལགས་རྒྱལ་གཅེས་དཔའ་མོ་ངོ་མ་རེད་།མ་འོངས་སྲིད་སྐྱོངས་རེ་བ་ཆེ་ཤོས་ཁོ་མོ་མ་རྟོགས་སུ་གང་མི་འདུག་གོ་།

  4. ཀརྡོ་རབ་འབྱམས་པ་ says:
    2017-11-22 at 11:58 pm

    ་་་་་རེ་བ་ཆེ་ཤོས་ཁོ་མོ་མ་རྟོགས་སུ་གང་མི་འདུག་གོ་།་་་་་་་་
    འདི།
    རེ་བ་ཆེ་ཤོས་ཁོ་མོ་མ་གཏོགས་སུ་གང་མི་འདུག་གོ།

  5. ཨ་འབར་འཇིགས་དབང། says:
    2017-11-23 at 12:06 am

    ༄༅། ད་སྤེན་ཚེའི་སྐོར་ཉན་འདོད་མི་འདུག།
    གང་བྱུང་མང་བྱུང་སྐད་ཆ་མ་ཤོད་རོགས་ རང་མེད་གཞན་མེད་རེད།
    བོད་པའི་སྤྱོ་ཚོགས་མ་མཐུན་པ་བཟོ་མཁན་ཆོས་མེད་རྒྱ་དམར་པོ་མ་གཏོགས་མེད།
    མ་དཀྲུགས་མ་དཀྲུགས་བོད་པའི་སྤྱི་ཚོགས་མ་དཀྲུགས།
    མི་འགྲོ་མི་འགྲོ་ལས་རྒྱུ་འབྲས་ལ་མོ་འགྲོ།
    གཟབ་དགོས་གཟབ་དགོས་རང་གི་མི་ཚེ་གཟབ་དགོས།
    གསོལ་གསོལ་མཆོག་གསུམ་དམ་པ་གསོལ་དགོས།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-23 at 12:13 am

    ཉི་མ་རིང་དུ་རིང་དུ་ཙམ་པ་ཞིབ་དུ་ཞིབ་དུ་ད་སྐད་ཆ་སྙན་པོ་འདུག་སྔ་མོ་བོད་ཀྱི་གཏམ་དཔེ་ལ་གཏམ་དྲིས་ན་མི་བཤོད་སྒུག་ན་ཐོན་ཟེར་བ་དེ་བདེན་པ་ངོ་མ་རེད་འདུག་།

  7. ༄།།སྟར་བུ་དམར་བོ། says:
    2017-11-23 at 2:20 am

    གང་ལྟར་ཡང་ད་རེས་བཀའ་ཤག་ལ་ཆེས་ཉེན་འཚབ་ཆེ་བའི་གནོང་ཆེན་པོ་ཞིག་ཡོད་ཁོ་ཐག་རེད། སྲིད་སྐྱོང་གི་གཏམ་བཤད་དང་ཆོས་རིག་བཀའ་བློན་གྱི་གཏམ་བཤད་སོགས་གང་བལྟས་ཀྱང་། ཁོ་གཉིས་ཀ་ནམ་རྒྱུན་གྱི་གཏམ་བཤད་སྐབས་དང་མི་འདྲ་བར། ངོ་མདངས་ཤོར་་་ཚ་གེ་འཚིག་གེ་ཆགས། སྔངས་སྐྲག་ལངས། བཤད་དགོས་མི་དགོས་ཆ་ཚང་བཤད། མགོ་ཐུག་མི་ཐུག་བྱས་ནས་སྔར་བཤད་དང་ཕྱིས་བཤད་གོ་མཛོལ་ཤོར། ཧ་ཧ་ཧ། ད་ལྟད་མོ་ཆེན་པོ་ཞིག་བཤམས་རྒྱུ་ཡོད་ཁོ་ཐག་རེད།

  8. ཇོ་སྲས་ངག་དབང་། says:
    2017-11-23 at 3:38 am

    གངས་སྐྱིད་ནས་གཞུང་ཞབས་པ་མང་པོས་ཀྱང་ད་ལྟའི་བཀའ་ཤག་ལ་ངོ་རྒོལ་བྱ་གཏན་འཁེལ་ལུགས་འདུག་ན། ད་ནི་བོད་མིའི་སྒྲིག་འཛུགས་འཐོར་ཉེན་ལ་སླེབས་མི་འདུག་གམ། སྲིད་འཛིན་སཱོང་དང་ལཱ་མོས་ཡང་ག་རེ་རྫུན་གྲ་སྒྲིག་ཡོད་ན།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-23 at 3:48 am

    མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ (rule of law) དམངས་གཙོ་གྲལ་རིམ་གྱི་དབང་བསྒྱུར་
    ( Proletarian) དེ་གཉིས་མ་ནོར་བའི་ཐོག་ནས་མི་མང་གི་འཚོ་བ་ལ་འགན་འཁུར་དགོས་།

  10. གངས་གཞོན། says:
    2017-11-23 at 4:27 am

    ཇོ་སྲས་ངག་དབང།
    ང་ནི་བཀའ་ཤག་ལ་སེམས་ཁྲལ་མེད། ་གང་ཡིན་ཟེར་ན་༧་རྒྱལ་བ་རིན་པོ་ཆེ་འཁྲིས་ལ་བཞུགས་ཡོད་པ་རེད། གང་བྱུང་བྱེད་ཐུབ་ཀྱི་མ་རེད། ཐག་གཅོད་གང་གནང་ལ་རྒྱལ་བ་རིན་པོ་ཆེས་མཁྱེན་བཞིན་ཡོད་དོ།

    ཁྱེད་རང་གིས་བོད་མིའི་སྒྲིག་འཛུགས་ཐཽར་ཉེན་གསུངས་འདུག་པས་དེའི་རྒྱབ་ལྗོངས་དམིགས་ཡུལ་གངཡིན། ཡང་ན། ཞལ་ནས་གང་ཐོན་བཤད་པ་ཡིན།

    སྐད་ཆ་དེ་ཚོ་ཐལ་ཆ་ཆེ་བའི་བཀའ་མོལ་རེད།

  11. ༄།།སྟར་བུ་དམར་བོ། says:
    2017-11-23 at 5:54 am

    ཆུ་བཞི་སྒང་དྲུག་གི་དཔལ་འདན་མ་ཟེར་བ་དེས། བློ་སེང་གིས་ཁོ་རང་ཁེ་བཟང་ཆེད་སྔོན་ཆད་ཆུ་སྒང་བཙོང་བ་རེད་ཟེར་གྱིན་འདུག མ་འོངས་པའི་སྲིད་སྐྱོང་ལ་སྤེན་ཚེ་ཁེལ་ཉེན་ཡོད། དེ་དུས་ང་ཚོས་ལས་འགུལ་སྤེལ་དགོས་པ་རེད་སོགས་ཟེར་གྱིན་འདུག འོ་ན་སྲིད་སྐྱོང་གིས་ད་ལྟ་ཁོ་རང་ཁེ་བཟང་ཆེད་་ཤར་གླིང་ཟླ་སྒྲོན་བཙོང་བ་རེད་དམ།

  12. སངས་རྒྱས། says:
    2017-11-23 at 6:07 am

    ཉིན་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ། ད་ཡིན་ན་འདུག

  13. སྤྱང་ཤོག says:
    2017-11-23 at 10:54 am

    བདག་དབང་ཡོད་པའི་རྒྱལ་ཁབ་ཞིག་གི་དབང་དུ་བཏང་ན། xxལ་ནག་ཉེས་གཉིས་ཕོག་ཐག་ཆོད་རེད། གཅིག་ནི་དགའ་ལྡན་ཕོ་བྲང་གིས་མོས་མཐུན་ཡོད་པའི་ད་ལྟ་སྲིད་གཞུང་མགོ་སྟིང་སློག་རྩིས་་བྱས་པའི་ནག་ཉེས་དང་། གཉིས་དགའ་ལྡ་ཕ྄ོ་བྲང་དང་འཛིན་སྐྱོང་བཀའ་ཤག་གི་བསང་བ་ཕྱིར་བཙོང་བྱས་པའི་ནག་ཉེས་འོག་ནས། རྒྱལ་ཁབ་ཀྱི་བསང་བ་ཕྱིར་བཙོང་བྱས་པའི་དང་རྒྱལ་ཁག་མགོ་སྟིང་སློག་རྩིས་བྱས་པའི་ནག་ཉེས་འོག་ཚེ་བཙོན་དང་སྲོག་ཁྲིགས་གང་རུང་ཕོག་སྲིད་པ་ཞིག་རེད།

  14. གངས་མྱི། says:
    2017-11-24 at 2:16 am

    ཁ་བརྡ་དྲ་བ་ནི། ད་ནི་སྤྱི་ཚོགས་དཀྲུགས་སའི་གད་སྙིགས་སྤུངས་ས་ཞིག་ཆགས་ཚར་འདུག

  15. དགྲ་ལས་རྣམ་རྒྱལ། says:
    2017-11-24 at 5:36 am

    སྡིག་པ་ཁུར། གངས་སྐྱིད་ཨ་ནེ་སྙིད་མོ་དེ་ལ་ཐུག་དུས། མཆིལ་མ་ཞིག་འཕེན་ཐག་ཆོད།

  16. དགྲ་ལས་རྣམ་རྒྱལ། says:
    2017-11-24 at 5:38 am

    བོད་མིའི་སྤྱི་ཚོགས་ནང་། དངོས་དོན་གླེང་ཐུབ་མཁན་ནི་ཁང་གསར་རྡོ་རྗེ་ལྟ་བུ་རེ་ཟུང་ལས་མི་འདུག

  17. ཨ་མྱེས་བྲག་དཀར། says:
    2017-11-24 at 8:03 am

    ད་བལྟས་ནས་ཡོང་ན་ཨ་ནེ་སྙིད་མོས་ཐང་གི་རྡོ་ལང་ནི་ཡིན་ཟེར་ནས་རུམ་གྱི་གྲོ་ལྷུང་རྒྱུ་ཁུལ་ཞིག་མ་རེད་ན་བདེན་ཆ་ཆ། ཧ་ཧ་ཧ་

  18. བསམ་དཀར says:
    2017-11-24 at 11:13 am

    ཨ་ནེ་སྙི་མོ་ ཧ་ཧ་མིང་ཡག་པོ་འདུག

  19. ཁ་བ་རི་བ་ says:
    2017-11-24 at 1:18 pm

    ཁ་བསྡ་དྲྭ་བ་ནི་དཀྲུགས་དྲྭ་བ་ཆག་ཚར་འདུག་།

  20. ཁ་བ་རི་བ་ says:
    2017-11-24 at 1:20 pm

    དཀྲུགས་བསྡ་དྲྭ་བ་བཅོས་དགོས་

  21. ཀརྡོ་རབ་འབྱམས་པ་ says:
    2017-11-24 at 11:59 pm

    ཤར་གླིང་ཟླ་སྒྲོན་ལགས་ལ། དྲ་འབུ་ཞིག་གིས།
    https://www.facebook.com/drikungpoetry/videos/857998381001859/?hc_ref=ARQsouwAw4_HWnddUeT4Dd1e7M9sWPZMCtlQnZXGTVdhCePiVk9tUHitqkTDp3yfDEI

  22. བདེན་པའི་རྒྱབ་ལངས། says:
    2017-11-25 at 2:41 am

    ད་དངོས་གནས་རང་ཤེད་ཅན་གྱི་ཨ་རོ་ཁམས་པ་ཚོས་མིག་སྔར་ཨ་རོ་གཅིག་མ་གཏོགས་གཞན་མེད་ཐག་ཆོད་རེད་འདུག
    དེ་རིང་སང་གི་མི་མང་ལས་འགུལ་འདི་འདྲ་ཞིག་སྤེལ་འཇུག་མཁན་དེ་སུ་ཡིན་མིན་དང་གང་ཐུག་མིན་དེ་གཤམ་དུ་འགོད་རྒྱུ།
    མ་འོ་ཁོས་སྐད་ཆ་འདི་འདྲ་ཞིག་བཤད་འདུག་འདི་ལ་བདེན་ཁ་གང་འཚམ་འདུག གཟིགས་དང་ཁོས་གང་ན་ཞི་བདེ་དང་ལྷིང་འཇགས་ཡོད་ན་དེ་རུ་ཁྲིམས་མཐུན་གྱི་ཁེ་དབང་ཡོད་ལ། གང་ན་བཙན་གནོན་དང་དྲག་སྤྱོད་ཡོད་ན་དེ་རུ་གྱེན་ལངས་དང་ངོ་རྒོལ་ཡོད་བཅས་མའོ་ཙེ་ཏུང་གིས་བཤད་པ་བཞིན་ང་ཚོའི་སྤྱི་གནས་སྟངས་ཀྱང་ཕལ་ཆེར་དེ་འདྲ་བོ་ཆགས་གྲབས་བྱེད་ཀྱི་འདུག་མི་འདུག་གམ།

    འགོ་ཁྲིད་མཁན་གྱི་སྲིད་སྐྱོང་ནི་ང་རིན་པོ་ཆེ་དང་། གཉིས་པ་ནི་བཀའ་བློན་བྱ་སྤུ་གནོན་དང་གཞན་རྣམས་མཛུག་མོ་གང་བསྟན་ཤར་ལས་མ་འདས་སོ།

  23. བདེན་པའི་རྒྱབ་ལངས། says:
    2017-11-25 at 2:42 am

    རིན་ཆེན་ཁྱོད་ཤར་གླིང་ཟླ་སྒྲོན་ལ་སེམས་པ་ཤོར་སྟེ་གོ་སྐབས་དམ་འཛིན་བྱེད་ཀྱི་འདྲ་ཧ་ཧ་ཧ།

  24. བདེན་པའི་རྒྱབ་ལངས། says:
    2017-11-25 at 2:47 am

    ཡང་ཁ་བརྡ་དྲ་བ་ནི་རྟ་ཕོ་ལ་རྒྱུགས་གཤེད་ཡོད་ན་བྱང་ཐང་སྟོང་པའི་དཔེ་ལྟར་མཐོ་དམན་དང་རིགས་རུས་རྒན་གཞོན་དབྱེར་མེད་ཀྱི་བགྲི་གླེང་དང་གྲོས་བསྡུར་བྱེད་རྒྱུར་ཐོབ་ཐང་འདྲ་ཡོད་པའི་སྡིག་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དོ།

  25. བདེན་པའི་རྒྱབ་ལངས། says:
    2017-11-25 at 2:49 am

    ཡང་ཁ་བརྡ་དྲ་བ་ནི་རྟ་ཕོ་ལ་རྒྱུགས་གཤེད་ཡོད་ན་བྱང་ཐང་སྟོང་པའི་དཔེ་ལྟར་མཐོ་དམན་དང་རིགས་རུས་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱི་བགྲི་གླེང་དང་གྲོས་བསྡུར་བྱེད་རྒྱུར་ཐོབ་ཐང་འདྲ་མཉམ་ཡོད་པའི་སྡིག་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དོ།

  26. སྟག་སྨྱོན། says:
    2017-11-25 at 6:01 am

     
    ༡། དོན་གཅོད་ཟུར་བ་སྐལ་རྡོར་མིང་ཅན་ནས་ལས་ཁུངས་གསར་ཉོའི་ཆེད་བོད་ཀྱི་ཐེབས་རྩ་ཁང་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་བླངས་པ་དང་།  ཐེབས་རྩ་ཁང་གིས་ཀྱང་དོན་གཅོད་ལ་ལས་ཁུངས་གསར་ཉོའི་ཆེད་བུ་ལོན་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་གཡར་བ་ཙམ་མ་ཟད་།   དེ་ལ་སྐྱེད་ཀའང་སྤྲོད་དགོས་པ་ཐེབས་རྩ་ཁང་གི་ཡིག་ཆའི་ནང་ཕྱི་གསལ་ནང་གསལ་བཀོད་ཡོད་པ་སྲིད་སྐྱོང་བློ་བཟང་རང་གིས་ཁ་གསལ་བཟོས་སོང་།  འདི་ལ་དྲི་བ་ག་རེ་ཡོད་ཟེར་ན།  དངུལ་གྱི་བདག་པོའམ་བུ་ལོན་འཇོག་མཁན་ཐེབས་རྩ་ཁང་རང་གི་ཡིག་ཆའི་ནང་སྐྱེལ་ཡོད་བུ་ལོན་ཡིན་པ་ཁ་གསལ་གཏིང་གསལ་འཁོད་ཡོད་བཞིན་དུ།  དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁུངས་ཀྱི་ཡིག་ཆའི་ནང་།  ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེའི་སྐོར་གསལ་པོ་བཀོད་མི་ཆོག་པ་དང་།  གལ་ཏེ་བཀོད་པ་ཡིན་པ་ས་ཡ་གཅིག་དང་ཕྱེད་ཀ་དེ་བོད་མའི་སྒྲིག་འཛུགས་ནས་ཕར་སྤྲོད་དགོས་ཁེལ་བའི་རྒྱུ་མཚན་གང་ཡིན་གསལ་བཤད་བྱེད་དགོས།    ཐེབས་རྩའི་ཡིག་ཆ་མི་གཞན་གྱིས་མཐོང་གི་མ་རེད་དམ།
    ༢། དངུལ་གྱི་བདག་པོ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཡིག་ཆའི་ནང་ས་ཡ་གཅིག་དང་ཕྱེད་ཀ་སྐྱེལ་ཡོད་བུ་ལོན་ཡིན་པ་གསལ་བོ་བཀོད་ཡོད་ན།  དོན་གཅོད་ཀྱི་རྩིས་ཁྲའི་ནང་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་ཡིན་ལུགས་ཁ་གསལ་མ་བཀོད་པར་སྦས་སྐུང་བྱས་པ་ཙམ་གྱིས།  དངུལ་བདག་ཐེབས་རྩ་ཁང་ཡིག་ཆ་དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་བ་དང་། དེ་ལ་རྟེན་ནས་བོད་མིའི་སྒྲིག་འཛུགས་ལ་དངུལ་འབོར་དེ་བདག་འགྲོའི་བཤད་སྟངས་དེ་ཁྱད་མཚར་དེ་ལ་ཡིད་ཆེས་ཇི་ལྟར་བྱེད་དམ།  
    ༣། ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དེ་བཞིན་ཨ་རིའི་གཞུང་ལ་དེབ་སྐྱེལ་ཡོད་པའི་ལས་ཁུངས་ཤིག་ཡིན་ན། ཐེབས་རྩ་ཁང་གི་རྩིས་ཁྲའི་ནང་བོད་མིའི་དོན་གཅོད་ལས་ཁུངས་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་སྐྱེལ་ཡོད་བུ་ལོན་བཞག་ཡོད་པ་གསལ་གསལ་ཐིང་ཐིང་བཀོད་ཡོད་བཞིན་དུ། བུ་ལོན་སྤྲོད་ས་དོན་གཅོད་ཁང་གི་རྩིས་ཁྲའི་ནང་དུ་ཐེབས་རྩ་ཁང་ནས་སྐྱེལ་ཡོད་བུ་ལོན་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བྱུང་བའི་བྱུང་འཛིན་ཡིག་ཆ་མཐོང་རྒྱུ་མེད་ན།  ཐེབས་རྩ་ཁང་གིས་གང་བྱུང་ཡིག་ཆ་རྫུན་བཟོ་དང་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་ཕོག་རྒྱུའི་ཉེན་ཁ་ཡོད་པ་མ་ཟད།  དེ་ལ་རྟེན་ནས་ཨ་རིའི་གཞུང་དང་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་བོད་དོན་ལ་རྒྱབ་སྐྱོར་གནང་ཚོ་ཐེབས་རྩ་ཁང་ལ་ཡིད་ཆེས་བརླག་པ་ཡིན་ན།  ཨ་རིའི་གཞུང་གི་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་རྩ་ཡལ་དུ་འགྲོ་བའི་ཉེན་ཁ་མཐོང་གི་མི་འདུག་གམ། ཁྲིམས་ལུགས་མཁས་པ་དང་རྒྱལ་སྤྱིའི་གླེང་སྟེགས་ཐོག་ཕེབས་དགོས་པའི་དབུ་ཁྲིད་ཅིག་གི་ངོས་ནས་དངུལ་འབོར་འདི་ཙམ་གྱི་ཆེད་དུ་ཁྲིམས་འགལ་གྱི་བྱེད་སྟངས་འདི་ཐབས་སྐྱོ་ཐག་ཆོད་པ་མ་རེད་དམ།   
     

  27. སྟག་སྨྱོན། says:
    2017-11-25 at 6:08 am

    ཁྲིམས་ལུགས་སྦྱང་ཡིན་ཟེར་མཁན་དང་དབུ་ཁྲིད་ང་ཡིན་ཟེར་ཞིག་གིས་ཁྲིམས་ལ་མགོ་སྐོར་གཏོང་སྟངས་བྱིས་པའི་རྩེད་མོ་འདྲ་པོ་ཐེབས་ཆགས་འདི་འདྲ་བྱས་ན། སྲིད་སྐྱོང་བློ་བཟང་མ་བརྩིས་པ་ལ་རྒྱུ་མཚན་མེད་པ་རེད་མི་འདུག

  28. སྟག་སྨྱོན། says:
    2017-11-25 at 6:31 am

    སྲོད་ལ་བྱམས་པ་བཙལ་བས།། ཐོ་རེངས་ཁ་བ་བབས་བྱུང་།། གསང་དང་མ་གསང་མི་འདུག། ཞབས་རྗེས་གངས་ལ་བཞག་འདུག། ཟེར་བ་འདྲ་པོ་འདུག ཨ་སྒོར་ཟ་འདོད་བྱས་ཏེ། དོན་གཅོད་རྩིས་ཁྲ་གསུབ་བྱུང་།། གསུབ་དང་མ་གསུབ་མི་འདུག ཐེབས་རྩེའི་རྩིས་ཁྲ་ལྷག་འདུག།

  29. བློ་བཟང་། says:
    2017-11-25 at 8:34 am

    ད་ལན་ཤར་གླིང་ཟླ་སྒྲོན་གྱིས་སོ་སོའི་མགོ་ལ་ཐོ་བས་བརྡུངས་སོང་། མོའི་མདུན་ལམ་མོ་རང་ཉིད་ཀྱིས་རྦད་དེ་བརླགས་སོང་། དེའི་ཐོག་བོད་པའི་སྤྱི་ཚོགས་མིང་ཆད་ངན་པ་རི་འདྲ་བ་ཞིག་མགོ་ལ་གཡོགས་སོང་། ད་གོ་གནས་ཁོ་ནར་རྔམ་ན་མཇུག་འབྲས་འདི་འདྲ་རེད། ད་ཐེངས་ཁྱོད་ནོར་སོང་། རྦད་དེ་ནོར་སོང་། སླད་ཕྱིན་མི་དམངས་ཀྱིས་ཁྱོད་ཡིད་ཆེས་ཁག་པོ་རེད།

  30. ཨེ་ལེན་དབྱངས་འཛོམས། says:
    2017-11-25 at 12:26 pm

    དུས་རབས། ༡༧
    སྲོད་ལ་བྱམས་པ་བཙལ་བས།།
    ཐོ་རེངས་ཁ་བ་བབས་བྱུང་།།
    གསང་དང་མ་གསང་མི་འདུག།
    ཞབས་རྗེས་གངས་ལ་བཞག་འདུག།

    དུས་རབས། ༢༡
    ཨ་སྒོར་ཟ་འདོད་བྱས་ཏེ།
    དོན་གཅོད་རྩིས་ཁྲ་གསུབ་བྱུང་།།
    གསུབ་དང་མ་གསུབ་མི་འདུག
    ཐེབས་རྩེའི་རྩིས་ཁྲ་ལྷག་འདུག།

  31. ཁ་བ་རི་བ་ says:
    2017-11-26 at 7:35 am

    གཞུང་ལ་ངན་སེམས་བཅང་ཏེ་།གསང་བ་ཕྱི་ལ་བསྒྲགས་སོང་།བསྒྲགས་དང་མ་བསྒྲགས་མི་འདུག་།སེངྒེ་གད་རྒྱང་སྒྲོགས་སོང་།

  32. བློ་བཟང says:
    2017-12-21 at 10:26 am

    ་ ངོ་མ་ཡིད་རེ་སྐྱོ་་་་སེམས་རེ་སྡུག་་་་་རྒྱལ་ཁབ་ཡིན་ཟེར་སྐྱབས་བཅོལ་མེད་ལ་ནང་ཡིན་ཟེར་ལོག་ས་ཡང་ང་ཚོ་མེད་ད་དུང་ནང་འཁྲུག་ཁོ་ནར་ལ་རོལ་བཞིན་གོ་གནས་དོན་དུ་གཅིག་གི་གཅིག་ལ་ཟུར་ཟ་དང་ངན་སེམས་ཁོ་ནར་བཅང་པ་དེ་ནི་ཆེ་ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་ཞིག་དང་མི་རབས་རྗེས་མ་རྣམས་ཀྱི་འུག་ཅག་ལ་་མེས་པོ་ཞེས་འབོད་པའི་སྤོ་བ་དང་གཟ་བརྗིད་་་གུས་བརྩེ་བཅས་མེད་པར་ཆགས་པ་བཟོས་བའི་་ཉེན་ཁ་ཅུང་ཆེ་ཙམ་འདུག་་་་་དེ་བཞིན་ཡོང་ལ་ཉེ་བས་མ་འོང་པའི་བོད་པ་རྣམས་ལ་ངོ་གནོང་དགོས་པའི་ལས་ཀ་བྱེད་བཞིན་པ་ནི་ཧ་ཅང་ཡིད་སྡུག་པ་ཞིག་མ་རེད་དམ་་་་སྙིང་ཉེ་བའི་གྲོགས་པོ་་་་གོམས་ཁ་ཡར་ལ་ཕྱོགས་དང་ང་དང་ཁོ་ཤ་དང་རུས་པ་བཤད་ནས་མ་འཐབས་ང་ཚོ་ནི་བསྟོན་པ་གཅིག་གདུལ་བྱ་བླ་མ་གཅིག་གི་སློམ་མ་རྒྱལ་ཁབ་གཅིག་གི་མི་རིགས་ཤ་ཕྲག་གཅིག་གི་སྤུན་ཟླ་རེད་་་་་བལྟོས་དང་་་་འཆི་ལ་ཉེ་བས་ཕ་ས་ཕྲ་མོ་ལ་བལྟོས་དང་་་་ཉོན་དང་ཕ་སའི་ཁ་ནས་ཤོར་བའི་གདུང་བ་ལ་ཉོན་དང་་་་་ད་དུང་ཁྱོད་ཤི་ངར་གསོན་གྱི་ནང་་འཁྱུག་རྒྱབ་ཕོད་དམ་་་ང་ཚོ་ནི་མི་རིགས་ལ་དགའ་བཞིན་ཆེ་བའི་མི་རིགས་ཀྱི་་འཐབ་འཛིན་པ་ཞིག་ལས་རིགས་རུས་དང་ཆོལ་་ཁ་ཆོས་ལུགས་ཀྱི་ནང་འཁྲུག་ཀྱི་འཐབ་འཛིན་པ་ཞིག་གང་ནས་ཡིན་ནམ
    གསལ་བཤད་
    རང་ཉེད་བོད་ཡིག་གི་གནས་ལ་ཤེས་ཚད་དམའ་བས་བོད་ཡིག་ཡར་རྒྱས་ཁོ་ནར་ལ་དམིགས་ནས་ཕྲིས་པ་ལསགཅིག་གི་གཅིག་ལ་དམའ་འབེབས་དང་མི་དགའ་བའི་ཚུལ་དུ་གཏན་ནས་བྲིས་པ་ཞིག་མིན་་་་གལ་ཏེ་ཐུགས་ཕོག་བྱུང་ཚེ་དགོངས་འཁྲོལ་ཡོད་པ་མཁྱིན་
    མཁྱིན་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme