Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་སེང་གི་དར་ཆ་མཐོ་རུ་བསྒྲེངས།

Posted on 2010-01-012010-01-01 By དགེ་རབ་ 19 Comments on གངས་སེང་གི་དར་ཆ་མཐོ་རུ་བསྒྲེངས།

མེ་རི།

tibetan-flag-in-tibet

ཧི་མ་ལ་ཡ་དང་དེའི་འདབས་སྣེ་བཟུང་བའི་བོད་མི་ཚོ།

འཛམ་གླིང་གང་སར་ཐོར་ཞིང་འཚོ་བའི་བོད་མི་ཚོ།

ཅི་འདྲའི་སྤོབས་པ་དང་གཟི་བརྗིད་ངང་བསྐྱོན་པའི་གངས་སེང་གི་དར་ཆ།

འཛམ་གླིང་གི་ཡང་རྩེ་ན་འཇིགས་བྲལ་ངང་འགྱིང་དུས།

ང་ཚོས་མཐོང་ཞིག་ཐོས་བ་ནི།

བཙན་པོའི་མངའ་ཁོངས་ཀྱི་བོད་དེ་ཁ་བ་གངས་ཅན་ལྗོངས་ཀྱིས།

དགའ་བསུ་དང་ལྷན་འཛོམ་ཀྱི་ཕྱག་ཟུང་བརྐྱངས་པ་དེ་རེད།

བཙན་པོའི་གདུང་རྒྱུད་ནས་མཆེད་པའི་བོད་མི་དེ་མི་རབས་གསར་བ་ཚོས།

ཕ་གཞིས་སླར་གསོ་དང་རང་དབང་གི་སྒོ་ཆེན་འབྱེད་པ་དེ་རེད།

འཚེར་ཞིང་འཚེར་བ་ནི་གངས་རིའི་རང་མདངས་དང་།

སྟོབས་དང་ཤུགས་ཀྱིས་རྩེད་བ་ནི་གངས་སེང་གི་རང་གཤིས།

འཛམ་གླིང་ས་ཡི་ཡང་སྟེང་། རི་རྒྱལ་ལྷུན་པོའི་རྩེ་ན།

རླུང་འཚུབ་དང་དྲག་ཆར་གྱི་གདུག་རྩུབ་ལ་གདོང་གཏད་པའི་གངས་སེང་གི་དར་ཆ།

བོད་མི་ཞི་རྒོལ་བ་ཚོའི་ཚེ་སྲོག་དང་།

བོད་རྒྱལ་རང་བཙན་ལ་གཞོལ་བའི་བདེན་དཔང་ཉག་ཅིག་ཡིན།

ཨོ་— ད་དུང་སྙིང་སྟོབས་ཀྱིས་འཕྱོ་ཞིང་གཡོ་བཞིན་པ་དེ་ནི།

དུས་རབས་དང་མི་རབས་ནས་བརྒྱུད་སྤྲོད་གནང་བའི་བདེན་དཔང་ངོ་མ་རེད།

ཨོ — ད་དུང་མཐོ་ནས་མཐོ་རུ་སྒྲེང་བའི་གངས་སེང་གི་དར་ཆ།

དཔའ་འཛངས་ཀྱི་ཁྱིམ་གཞི་དང་རང་དབང་གི་ས་གཞིའི་སྟེང་།

བསྐྱོན་ཞིང་གཡོ་བཞིན་པའི་བོད་ཀྱི་རྒྱལ་དར།

གངས་སེང་གི་དར་ཆ་འདི་མཐོང་ཐེངས་རེ།

སྤོབས་པ་དང་གཟི་བརྗིད། ལ་རྒྱ་དང་ཆིག་སྒྲིལ།

རྒྱལ་ཞེན་གྱི་གསོན་ཤུགས་བཅོས་མིན་ཞིག་སྐྱེས་ཡོང་།

སྙན་ངག

Post navigation

Previous Post: དྲེད་མོང་།
Next Post: བདག་སྒྲ་ཡ་ཆ་དཔེའི་སྒོ་ནས་ཅུང་ཙམ་ཞུ་བ།

Comments (19) on “གངས་སེང་གི་དར་ཆ་མཐོ་རུ་བསྒྲེངས།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-02 at 5:07 am

    བོད་མི་ཚོ། བོད་མི་བྱེད་པར་རེ་སྐུལ།

    བོད་ཀྱི་སྐད་ངག་བོད་ཀྱི་མི་ལ་དགོས།།
    བོད་ཀྱི་གོམས་གཤིས་བོད་ཀྱི་མི་ལ་དགོས།།
    བོད་ཀྱི་རྒྱལ་ཁབ་བོད་ཀྱི་མི་ལ་དགོས།།
    བོད་ཀྱི་བདེན་མཐའ་བོད་ཀྱི་མི་ཡིས་སེལ།།
    བོད་ཀྱི་རང་དབང་བོད་ཀྱི་མི་ཡིས་རྩོད།།
    བོད་ཀྱི་མི་རྣམས་བོད་ཀྱི་མི་ཡིས་སྐྱོང་།།
    དེ་ལས་གཞན་ན་རེ་ས་གཏན་མེད་དུས།།
    ཀུན་གྱི་ཐུག་ས་བོད་ཀྱི་སྐད་ཡིག་ཡིན།།
    བོད་ཀྱི་སྐད་ཡིག་མེད་ན་བོད་མིང་ཙམ།།
    བོད་མིང་ཙམ་གྱི་མི་དེ་གསོན་ན་ཡང་།།
    བོད་ལ་དགོས་པའི་བྱ་བཞག་གཏན་བརླག་ཡིན།།
    འཛམ་གླིང་གང་སར་གནས་པའི་བོད་མི་ཚོ།།
    རང་གི་བུ་དང་བུ་མོ་འཚར་ལོངས་ཁྲོད།།
    བོད་ཀྱི་སྐད་ཡིག་སྤྱོང་བར་སྐུལ་མ་ཐོངས།།
    བོད་ཀྱི་སྐད་ཡིག་སློབས་པར་ལམ་སྟོན་བྱོས།།
    བོད་ཀྱི་སྐད་ཡིག་རང་གི་སྲོག་ལྟར་སྲུང་།།
    སྲོག་དེ་ཤོར་ཡང་སྐད་ཡིག་ཤོར་མི་རུང་།།
    སྐད་ཡིག་ཤོར་ན་མི་རིགས་རྫོགས་པ་ཡིན།།
    སྐད་ཡིག་མེད་ན་མི་རིགས་འཇིགས་པ་ཡིན།།
    སྐད་ཡིག་མེད་ན་རང་དབང་སྟོང་བ་ཡིན།།
    སྐད་ཡིག་མེད་ན་ཡུལ་གྱར་བྱེད་དོན་མེད།།
    སྐད་ཡིག་མེད་ན་བོད་དོན་རྩོད་དོན་མེད།།
    སྐད་ཡིག་མེད་ཉིན་བོད་ལ་གང་ཡང་མེད།།
    གང་ཡང་མེད་པའི་མི་རིགས་གསོན་ན་ཡང་།།
    སྲོག་དབང་བྲལ་བའི་བེམ་པོ་ཞིག་དང་མཚུངས།།
    བེམ་པོ་ཞིག་ལ་རྩོད་ཀྱང་སྙིང་བོ་མེད།།
    སྙིང་བོ་ཡོད་པའི་བོད་ཞིག་བྱེད་འདོད་ན།།
    དེ་རིང་ནས་བཟུང་བོད་ཀྱི་སྐད་དེ།།
    རང་གི་སྲོག་ལས་རྩ་ཆེར་འཛིན་རོགས་གནོང་།།

  2. ཀར མ། རདོ་རཇེ། says:
    2010-01-03 at 6:53 am

    ཁོང་ཚོ་་ཁོང་ཚོ་གཟིགས་དང་་དྼ་རགྻའི་་ནང་། །
    དམར་སངོའི་་གངས་སེང་་བོད་ཀྻི་་རགྻལ་དར་་དེ། །
    གངས་དང་་གཡའ་ཡི་མཚམས་གྻི་་རི་མཐོ་་བོར། །
    འབྼི་གཡག་་ཡོད་སར་་བཙུགས་པར་་དགའ་བ་་ལགས། །
    རི་དེ་་བོད་གྻི་་ས་ཆ་་ཡིན་ན་་དགའ། །
    གཡག་དེ་་ང་དང་་ཕ་ཡུལ་གཅིག་ན་་དགའ། །
    ས་དེ་་ལཧ་སའི་་ས་དང་་ཉེ་ན་་དགའ། །
    བཙུགས་མཁན་་བོད་གྼོགས་་རགྻ་རིགས་་ཡིན་ན་་དགའ།
    བོད་rGyé་་དམ་ཚིག་་མྻུར་དུ་་སྻར་གསོ་་ཤོག །

  3. མེ་རི། says:
    2010-01-03 at 12:59 pm

    རྒྱལ་དར་ཚུར་ཕྱོགས་བོད་ཀྱི་ས་ཆ་རེད།
    རྒྱལ་དར་ཕར་ཕྱོགས་བལ་ཡུལ་ལུང་བ་རེད།
    རྒྱལ་དར་འཁྲིས་དེ་བོད་ཀྱི་སྒོ་ཟོག་རེད།
    རྒྱལ་དར་འདི་ཡིས་བོད་ཀྱི་ས་མཚམས་ཕྱེས།

    སྔ་མོ་སྔ་མོ་བོད་དང་རྒྱ་ནག་གི།
    རྒྱལ་བོ་གཉིས་ཀྱིས་ཞི་འགྲིག་ཆིངས་དོན་ནི།
    བོད་རྒྱའི་ས་མཚམས་རྡོ་རིང་འཛུགས་སྲོལ་ཡོད།
    བོད་མི་བོད་ཡུལ་རྒྱ་མི་རྒྱ་ཡུལ་སྐྱིད།

    ད་ལྟ་བོད་དང་རྒྱ་ཡི་གྲོང་ཚོ་དང་།
    བོད་ཀྱི་རི་ཆེན་རྒྱ་ཡི་རི་ཆུང་དུ།
    བོད་དར་རྒྱ་དར་སོ་སོ་བཙུགས་པ་ན།
    བོད་རྒྱ་གཉིས་ཀྱི་ཁྱད་པར་འདི་ལྟར་འབྱེད།

    སེང་དར་འདི་ཡིས་བོད་ཀྱི་རྒྱལ་ཁབ་མཚོན།
    སེང་དར་འདི་ཡིས་བོད་ཀྱི་ཡུལ་ལུང་མཚོན།
    སེང་དར་འདི་ཡིས་བོད་ཀྱི་ས་མཚམས་མཚོན།
    སེང་དར་འདི་ཡིས་བོད་ཀྱི་མི་རྣམས་མཚོན།

    གངས་སེང་དར་ཆ་མཐོ་རུ་བསྒྲེངས་བ་ན།
    བོད་ལ་འདི་ལས་དཔུང་ཞིག་གཞན་མི་དགོས།
    གངས་སེང་དར་ཆ་མཁའ་རུ་བསྐྱོན་པ་ན།
    བོད་ལ་འདི་ལས་སྐད་འབོད་གཞན་མི་དགོས།

    གངས་སེང་དཀར་མོའི་བོད་ཀྱི་རྒྱལ་དར་འདི།
    གངས་རིའི་ལྗོངས་སུ་གནས་བའི་གངས་གཡག་དང་།
    གངས་ཡུལ་བོད་ན་འཚོ་བའི་གངས་ཅན་པ་།
    གངས་ཀྱི་གནོད་བཅུད་སྐྱེ་འགྲོ་ཡོངས་ཀྱིས་གཅེས།

  4. རྩམ་དགའ་ says:
    2010-01-03 at 4:04 pm

    ལ་ལས་བཤད་ན་གངས་སེང་དཀར་མོ་མེད་རབས་འདུག །
    ལ་ལས་བཤད་ན་གངས་སེང་མཐོང་མྱོང་ཡོད་རབས་འདུག །
    གནའ་ནས་ད་བར་རྩོད་གཞིར་གྱུར་བའི་རི་དྭགས་ཤིག །
    ང་ཚོ་ཁ་བའི་རྒྱལ་དར་ངོས་སུ་འགྱིངས་ནས་ཡོད། །

  5. མེ་རི། says:
    2010-01-03 at 6:55 pm

    ཡོད་དང་མེད་དང་མཐོང་དང་མ་མཐོང་བ།
    བདེན་དང་རྫུན་དང་མཛེས་དང་མི་མཛེས་བ།
    སྟོབས་དང་མི་སྟོབས་ནུས་དང་མི་ནུས་སོགས།
    རྩ་བ་ཐུག་ན་སེམས་ཀྱི་ཁྱེར་སྣང་ཞིག

    བོད་ཀྱི་གདུང་རྒྱུད་མཐོ་སྒང་གནས་སུ་གྱར།
    མཐོ་སྒང་དེད་ནས་གངས་ཀྱི་ཉེ་སར་བཅར།
    གངས་རིའི་གསེབ་ན་གངས་སེང་བགྱུ་བ་མཐོང་།
    སེང་གེ་དཀར་མོས་གཡུ་འབྲུག་བསད་པ་རིག

    བཙན་པོའི་དམག་དར་ངོས་སུ་གངས་སེང་བཀོད།
    བཙན་པོའི་ཁྲི་ལ་གངས་སེང་རོ་མོ་བཀོད།
    བཙན་པོའི་དཔུང་དམག་གངས་སེང་མཆོངས་འདྲ་བའི།
    གངས་སེང་དཀར་མོའི་སྙན་གྲགས་དེ་ནས་མཆེད།

    གངས་སེང་ཡོད་མེད་སེམས་སུ་དོགས་པ་ཞིག
    སེང་དར་མཛེས་མིན་ཡིད་དུ་ཐེ་ཚོམ་ཞིག
    གངས་སེང་ནུས་སྟོབས་ཆེ་མིན་ཡིད་འགལ་ཞིག
    སེང་དར་བོད་རྒྱལ་མཚོན་མིན་བསམ་གཞིགས་སྐབས།

    ཉིས་སྟོང་བརྒྱད་ལོ་བོད་ཡུལ་གང་ས་རུ།
    གངས་སེང་དར་ཆ་མཁའ་རུ་བསྒྲེངས་བ་ན།
    སེང་གེ་དཀར་མོའི་སེམས་དོགས་སེལ་བ་དང་།
    གངས་ཀྱི་སེང་གེ་སེམས་ལ་རི་མོ་བཀོད།

    ཉིས་སྟོང་བརྒྱད་ལོ་རྒྱལ་ཁབ་མང་བོ་རུ།
    གངས་སེང་དར་ཆ་གང་སར་མངོན་པ་ན།
    སེང་དར་འདི་ལས་མཛེས་བ་ངས་མ་མཐོང་།
    གངས་སེང་དར་ཆའི་བོད་རྒྱལ་མཚོན་པ་ཤེས།

    གངས་རིའི་སེང་གེ་གངས་ཅན་ཡུལ་དུ་གནས།
    གངས་རིའི་མི་རྣམས་འཛམ་གླིང་གང་སར་འཁྱམས།
    གངས་ཅན་པ་ཡིས་ལག་ཏུ་སེང་དར་བཟུང་།
    གངས་སེང་དར་ཆས་བོད་དེ་རང་བཙན་མཚོན།

  6. KARMA DORJE says:
    2010-01-03 at 7:40 pm

    ཨ་ལེའི་་ཕར་ཕྻོགས་་ང་རང་་སཀྻེ་ས་་བོད། །
    ཨ་ཙའི་་ཚུར་ཕྻོགས་་རང་རིགས་་ཁྼི་ཚོའི་་གནས། །
    འ་ཛིའི་་དར་དེས་་བལ་བོད་་མཚམས་ཕྻེས་་པ། །
    མེས་དབོན་་རནམ་གསུམ་་གསན་ན་་ཐུགས་ཕམ་་གནས། །

    ཕར་ཕྻོགས་་ཤ་ཁྼག་་གཅིག་པ་་ས་ཡ་་དྼུག །
    ཚུར་ཕྻོགས་་བོད་རིགས་་གཅིག་པ་་འབུམ་ཚོ་་འཐོར། །
    ཕར་ཕྻོགས་་ཚུར་ཕྻོགས་་རཏེན་འབྼེལ་་ལཏོས་གྼུབ་་ལ། །
    དམ་ཚིག་་གཅིག་མཐུན་་དོན་དམ་་སཉིང་པོ་་རེད། །

    ས་མཚམས་ཆུ་མཚམས་མེད་པའི་མི་རིགས་མཐུན་འབྼེལ་གོང་མཐོར་ཤོག །

  7. Karma Dorjee says:
    2010-01-03 at 8:06 pm

    གངས་སེང་་སངར་ཡོད་་ད་མེད་་སྼིད་པ་་རེད། །
    ད་ཡོད་་འཛིན་བཟུང་་ཐུབ་ཀྻང་་མཚར་རགྻུ་་མེད། །
    གངས་སེང་་འདྼ་རིས་་དམར་སངོའི་་མཚོན་དོན་རནམས། །
    གཞིས་བྻེས་་བོད་མིའི་་སཉིང་ནས་་མ་ཡལ་་དགོས། །

  8. lala says:
    2010-01-05 at 8:24 pm

    གངས་སེང་དར་ཆ་གངས་རིའི་རྩེ་རུ་གཡོ།
    གངས་ཕྲུག་སེམས་པ་དགའ་བདེའི་དཔལ་གྱིས་ཁྱབ།
    གངས་ཅན་མི་རེའི་སེམས་ན་སེང་དར་རེ།
    གངས་ལྗོངས་བདེ་སྐྱིད་རྩེ་མོ་མིག་གིས་མཐོང་།

  9. karma dorje says:
    2010-01-07 at 7:33 am

    གངས་ཅན་པ།
    གངས་ཅན་་པ་རནམས་་རིགས་རུས་་རཉིང་ལ་་དཔའ། །
    གངས་ཅན་་པ་ཡིས་་བོན་ཆོས་་ནང་ཆོས་་བཀུར། །
    གངས་ཅན་་པ་དག་་བཟོད་སེམས་་དྼང་བདེན་་རཙོད། །
    གངས་ཅན་་པ་ལ་་རང་དབང་་ག་དུས་་ཤར། །

  10. karma dorje says:
    2010-01-07 at 7:53 am

    གངས་དཀར་་མཐོ་སགངས་་བོད་ཀྻི་་ཡུལ། །
    གངས་མདོག་་ཁ་བཏགས་་རཏེན་འབྼེལ་་རཛས། །
    གངས་སེང་་རགྻལ་དར་་དམར་སངོའི་་མདོག །
    གངས་འཁྻགས་་བཞུར་ཚད་་མྻུར་ལ་་གཟིགས། །

  11. karma dorje says:
    2010-01-07 at 7:57 am

    མཐོ་སགང་ལ་མཐོ་སགངས་ཞེས་བྼིས་ཐལ་ཤོར་འདུག །

  12. karma dorje says:
    2010-01-07 at 9:55 am

    མཆན་ཞོག་་ནང་ལ་་མཆན་་འབྼི་སཀབས་་གཅིག་གྻུར་་གསང་རཏགས་་ཅན་གྻི་་བོད་ཡིག་གི་་ཡིག་གཟུགས་་བཀོལ་རོགས། ཞེས་སོགས་འདིས་་ངའི་བོད་གཟུགས་ཀྻི་་དཀའ་ངལ་་ག་འདྼ་ཟེ་་སེལ་ཐུབ་བམ། ཡང་ན། kardorime@gmail.com or live messenger,ཐོག yalasoo Tibetan fontsཀྻི་་མགོ་ཅན་་འདོགས་ཅན་་འབྼི་སཏངས་་སུ་རུང་་ཞིག་གིས་་སལོབ་སཏོན་་རོགས་རམ་་གནང་རོགས་་གནོངས་ཞུ་ཡིག་ཏུ། །

  13. མེ་རི། says:
    2010-01-07 at 5:02 pm

    ཀ་རྨ་རྡོ་རྗེ། ཧི་གཟུགས་ཡིན་ཚེ།

    M འདི་བརྩེགས་བྱེད་ཀྱི་ལྡེ་མིག་ལྟ་བུ་རེད། དཔེར་ན། སྐྱ་འདི་འབྲི་ན། s m c m y འདི་རྒྱབ་དུས་ སྐྱ འདི་འགྲུབ འདི་ཧི་གཟུགས་རེད། འདིས་ཕན་པར་སྨོན།

  14. བོད་པ says:
    2010-01-07 at 5:22 pm

    ཐུགས་རྗེ་ཆེ།

  15. ཀརྨ་རྡོ་རྗེ་ says:
    2010-01-07 at 11:28 pm

    རྒན་མེ་རི་ལགས་ཀྱི་སྐུ་དྲུང་དུ།

    བསྐྱར་བཅོས་རྒྱུགས་འབུལ་གྱི་ཚུལ་དུ།

    གངས་དཀར་་མཐོ་སྒང་་བོད་ཀྱི་་ཡུལ། །
    གངས་མདོག་་ཁ་བཏགས་་རྟེན་འབྲེལ་་རྫས། །
    གངས་སེང་་རྒྱལ་དར་་དམར་སྔོའི་་མདོག །
    གངས་འཁྱགས་་བཞུར་ཚད་་མྱུར་ལ་་གཟིགས། །

    ཧ་ཧ་་ཧི་ཧི་་ཧི་གཟུགས་་ངས་མི་་ཤེས། །
    བོད་ཡིག་་ཡིག་གཟུགས་་གཟུགས་དབྱིབས་་དབྱིན་གཟུགས་་ཨེམ། །
    སྨག་མུན་་མར་མེ་་མེ་ལྟར་་སྲེག་པ་་པོ། །
    བོད་ཀྱི་་གངས་རི་་རི་ལྟར་་རྟག་བརྟན་་ཤོག །
    བཀའ་དྲིན་་རྗེས་དྲན་གྱི་་ཡོན་དུ་་ཕྲན་་ཀརྨ་རྡོ་རྗེས་
    ཕུལ། །

  16. མེ་རི། says:
    2010-01-09 at 2:15 pm

    ཡིག་གཟུགས་རྒྱུགས་འབུལ་བྱས་བ་ལེགས་པོ་འདའ།
    ད་ནི་གང་བཤད་གང་བྲིས་དོན་རྟོགས་ཐུབ།
    ཁ་སྔོན་ཡིག་གཟུགས་ཁ་ཐོར་དགུ་བརྩེགས་དུས།
    ང་ཡི་མིག་འདི་ངལ་བའི་ཁུར་དུ་ལྕི།

    ཡོན་དུ་ཕུལ་བའི་སྙན་ངག་དུམ་བུ་དེ།
    དེ་འདྲའི་ཚིག་གི་སྙན་ཆ་མི་འདུག་ད།
    ད་དུང་མི་དགོས་ཚགས་བར་ཚགས་ཀྱིས་གང་།
    གང་ནང་ཕུལ་ཀྱང་ང་ཡིས་ཡོན་དུ་ལེན།

  17. ཀརྨ་རྡོ་རྗེ་ says:
    2010-01-10 at 8:09 am

    ཚིག་ཡོན་ཡོན་དུ་་བཞེས་པ་་་བཀའ་དྲིན་་ཆེ། །
    ཡོན་འབུལ་འབུགས་སྟེགས་་དེ་ལྷག་་ཅང་མ་་མཆིས། །
    ཚགས་བར་བར་གྱི་་ཚེག་གཉིས་་དེ་ཡིས་་སྐོར། །
    མ་གནང་སྣང་ཤར་་གང་དྲིས་་ཐ་ཤལ་་རྒྱུ། །
    སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ། །

  18. ལྷ་ནོར། says:
    2010-09-09 at 5:44 am

    ཇི་འདྲིའི་ལྷང་འཇགས་ཤིག་དང་ཇི་འདྲིའི་གཟི་བརྗིད་ཞིག སྤོབས་དང་སྤྲོ་སྣང་མཉམ་དུ་སྣང་ཡོང་། ཡིད་འཕང་བ་ཞིག་ནི་རང་དབང་ངང་འཛུགས་མི་ཆོག་པ་དེ་ཡིན།

  19. སྟག་སྨྱོན། says:
    2010-09-09 at 7:25 am

    སེམས་ལ་ཆེས་ན་ཟུག་སྟེར་བའི་གནས་ཚུལ་གཅིག་ནི་བོད་མི་རྣམས་སྐྱིད་སྡུག་མཉམ་མྱོང་མ་ཡིན་པ་འདི་རེད། བོད་ནང་གི་བོད་མི་ཁ་ཤས་ཀྱི་རྒྱུ་དངོས་དང་ལུས་སྲོག་ཡོད་ཚད་བློས་བཏང་ནས། སྲོག་ཆད་དང་ཚེ་བཙོན། བརྡུང་བརྡེག་དང་བཙོན་འཇུག་སོགས་མི་ཡུལ་གྱི་དཀའ་སྡུག་ཡོད་ཚད་གདོང་ལེན་གྱིས་བོད་དོན་བསྒྲུབ་བཞིན་པ་མཐོང་ན་རང་བཞིན་གྱིས་ང་རྒྱལ་ཅིག་སྐྱེས་ཡོང་གི་འདུག དེ་དུས་ང་དགྲ་བོས་སྐེ་བཅད་ནས་བསད་པ་ཡིན་ན་འཇིགས་སྣང་དང་ཞེ་འགྱོད་སྤུ་རྐང་གཅིག་སྐྱེས་ས་མ་རེད། འོན་ཀྱང་ང་ཤི་ཚར་བའི་རྗེས་སུའང་ཁྲེལ་གཞུང་མེད་པའི་བོད་མི། དཔེར་ན་གྲོས་ཚོགས་ནང་གི་བོད་མི་ནང་རུལ་བ་ཚོ་འདི་ཚོ་ཤུལ་བསྡད་ནས། ནང་དཀྲུགས་བརྒྱག་ཞོར་ལ་བོད་དོན་བཤད་ཁུལ་གྱིས་ཁེ་བཟང་ཟོས་ནས་འདུག་གི་རེད་བསམ་ན་རང་དོན་ཁོ་ན་བྱས་ནས། ་གང་ལྟར་བོད་མི་ཁྲེལ་མེད་འདི་ཚོའི་འོག་ཏུ་ལྷུང་མི་རུང་བསམ་རྒྱུ་ལས་མི་འདུག བོད་ནང་གི་མི་ཁ་ཤས་ཇི་འདྲ་གླེན་པ་དང་དྲང་པོ་རང་སྡུག་ཉོ་མཁན་རྐྱང་རེད་མི་འདུག་གམ་དྲན་ནས་ཁོ་ཚོར་སེམས་ཁྲལ་གྱིས་མིག་ཆུ་ལྷུང་ཡོང་གི་འདུག བོད་མི་ཚང་མས་ཚད་ཐིག་གཅིག་གི་ཐོག་ནས་ལས་དོན་བསྒྲུབ་དགོས་པ་ལས། ཁ་ཤས་ཀྱིས་འགན་མང་བ་དང་ཁ་ཤས་ཁེ་བཟང་མང་བ་ཟོས་ནས་འདུག་དགོས་པའི་གནས་ལུགས་མ་མཐོང་མོད། གང་ལྟར་ལམ་དབུ་མ་འདི་བཟང་ས་རེད། མ་ཟད་རྒྱ་ནག་གི་རྩ་ཁྲིམས་འོག་ནས་འདུག་རྒྱུ་ཁས་ལངས་པ་དེ་འགྲིག་འདུག་དྲན་གྱི་འདུག ཐག་གཅོད་འདིས་བོད་མི་རིགས་ལ་ཆེས་ཤ་ཚ་དང་ལ་རྒྱ་འཕར་མ་ཡོད་མཁན་གྱི་བོད་མི་རྣམས་མནར་གཅོད་འོག་ལྷུང་རྒྱུ་ལས་སྐྱབས་ཐུབ་པ་མ་ཟད། དམིགས་བསལ་ནང་རུལ་བ་ཚོར་ཁེ་བཟང་ལྷག་མ་ཅང་སྟེར་ས་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme